ཧོར་པོའི་མགར་གྱི་བཟོ་རྩལ་ལག་ཤེས།

ཡེ་མིང་ནས།        2010-08-31

དཔལ་ཡུལ་རྫོང་གི་མི་རིགས་བཟོ་རྩལ་འཕེལ་རྒྱས་བྱུང་ཚུལ་སྐོར་གྱི་གནས་ཚུལ་དང་འབྲེལ་ཡོད་དཔྱད་གཞིའི་ཡིག་རིགས་ནང་བཀོད་པ་ལྟར་ན།དཔལ་ཡུལ་ཧོར་པོའི་མགར་གྱི་བཟོ་རྩལ་འཕེལ་རྒྱས་བྱུང་བའི་ཤུགས་རྐྱེན་གཙོ་བོ་ནི་བོད་དང་རྒྱའི་བར་རིག་གནས་སྤེལ་རེས་བྱས་པའི་རྨང་གཞིའི་ཐོག་ནས་རིམ་བཞིན་དར་རྒྱས་བྱུང་བ་ཞིག་ཡིན་པར་སྙམ།
དཔྱད་གཞིའི་ཡིག་རིགས་ནང་ངོ་སྤྲོད་བྱས་པ་ལྟར་ན།ཐང་རྒྱལ་རབས་ཀྱི་སྐབས་སུ་བོད་དམག་རྣམས་ཁམས་ཁུལ་དཔལ་ཡུལ་དུ་དམག་སྒར་བརྒྱབ་ནས་བསྡད་མྱངས་ཤིང་།དམག་འཁྲུག་ལ་གྲ་སྒྲིག་བྱས་པའི་ཆེད་དུ་མགར་བ་མཐའ་དག་དེའི་ཕྱོགས་སུ་བསྡུས་ཏེ་རལ་གྲི་དང་།མདུང་།མདའ་མགོ་ལ་སོགས་པ་རྡུང་བཅུགགླིང་གེ་སར་རྒྱལ་པོ་སྟོབས་ལྡན་དུ་གྱུར་རྗེས་ས་གནས་ཀུན་གྱི་གཟེངས་སུ་ཐོན་པའི་མགར་བའི་ལག་རྩལ་ཡོད་མཁན་ཚང་མ་ཧོར་པོར་བསྡུས་ནས་མཚོན་ཆ་འདྲ་མིན་སྣ་ཚོགས་རྡུང་བཅུགཧོར་གྱི་མགར་བ་གྲགས་ཅན་མགར་ཆོས་དར་ལ་བཀའ་ཕབས་ནས་ཡུལ་འབངས་རྣམས་ལ་མགར་གྱི་བཟོ་རྩལ་ལག་ཤེས་སྩལ་བཅུག་པ་མ་ཚད།ལྕགས་བཞུ་བའི་ཐབས་ཤེས་རྒྱུད་སྤེལ་བྱས་ནས་མཚོན་ཆ་ཡིས་གཙོ་པའི་མི་རིགས་བཟོ་རྩལ་གྱི་ལག་ཤེས་དེ་འཕེལ་རྒྱས་བྱུང་ནས་ཡུན་གནས་ཐུབ་པར་རྨང་གཞི་ངེས་ཅན་ཞིག་བཏིང་ཡོད་པ་ནི་སྨོས་མ་དགོས་པ་ཞིག་རེད།དཔལ་ཡུལ་རྫོང་རག་ཆབ་ཤང་ཨ་རིང་ལུང་པའི་ཁྲོད་དུ་དེང་སང་ཡང་སྔོན་གྱི་དུས་སུ་ལྕགས་བཞུ་བྱེད་སའི་རྗེས་ཤུལ་མཐོང་རྒྱུ་འདུག་པ་དང་ས་གནས་དེ་གར་གླིང་གེ་སར་རྒྱལ་པོའི་གཏམ་རྒྱུད་དང་གླིང་གེ་སར་རྒྱལ་པོས་དམག་གི་མཚོན་ཆ་བཟོ་ཡུལ་དུ་རྟོག་ཞིབ་མཛད་པའི་གཏམ་རྒྱུད་གྲངས་ལས་འདས་པ་ཞིག་དམངས་ཁྲོད་དུ་དར་ཁྱབ་བྱུང་དང་བྱུང་བཞིན་མཆིས།ཧོར་པོ་ཞེས་པའི་ས་མིང་ཡང་རྒྱུ་རྐྱེན་འདིར་བརྟེན་ནས་ཐོབ་པ་ཞིག་རེད།
ནན་སུང་ཧྲའོ་ཞིན་ཁྲི་ལོ་32སྟེ་སྤྱི་ལོ་1162ལོར་ཁམས་ཁུལ་དུ་ཆེས་ཐོག་མར་ཆགས་པའི་བོད་རྒྱུད་ནང་བསྟན་ཆོས་ལུགས་ཀྱི་དགོན་པ་ཀཿཐོག་དགོན་ཉིད་དཔལ་ཡུལ་གྱི་ཧོར་པོར་བཞེངས།གྲུབ་མཐའ་སོ་སོས་འགྲན་སྡུར་དྲག་པོ་བྱེད་པའི་ཁྲོད་དུ་ཡུན་རིང་པོར་ཆགས་ནས་དར་རྒྱས་ཡོང་ཐུབ་པའི་ཆེད་དུ།ཚལ་པ་སྐལ་ལྡན་མགོན་པོ་རྒྱ་ནག་ལ་ཐེངས་བདུན་བྱོན་ནས་རྒྱའི་མགར་རྩལ་འཇོན་ཐང་ཅན་འབོར་ཆེན་ཞིག་གདན་དྲངས་ཏེ་ལྷ་སྐུ་བཞེངས་པ་དང་།པར་ཤིང་བརྐོས་པ།ཆོས་ཆས་རྡུང་བཅུག་པ་སོགས་ཀྱི་འཕྲིན་ལས་སྤེལ་ནས་དཔལ་ཡུལ་ཧོར་པོའི་མགར་གྱི་བཟོ་རྩལ་ཐད་ལ་ནུས་རྩལ་གསར་པ་བསྣན་པ་རེད།ཡོན་རྒྱལ་རབས་ཀྱི་སྐབས་ལ་སླེབས་དུས་འགྲོ་མགོན་ཆོས་རྒྱལ་འཕགས་པ་དཔལ་ཡུལ་ཀཿཐོག་དགོན་དུ་ཕེབས་ནས་རྒྱ་ནག་པེ་ཅིན་གྱི་སྤུས་ཀ་དག་པའི་བཟོ་རྩལ་ཐོན་རྫས་འབོར་ཆེན་ཞིག་ཀཿཐོག་དགོན་པར་སྦྱིན་པས་དཔལ་ཡུལ་ཧོར་པོའི་མགར་བ་ཚོས་མི་རིགས་གཞན་དག་གི་ལག་རྩལ་འདྲེན་པར་རྨང་གཞི་ངེས་ཅན་ཞིག་བཏིང་།སྤྱི་ལོ་1410ལོར་མིང་རྒྱལ་རབས་ཀྱི་གོང་མས་ཆོས་དགེ་བ་བཟོས་པའི་ཆེད་དུ་ཀརྨ་པ་སྐུ་ཕྲེང་ལྔ་པ་དེ་བཞིན་གཤེགས་པ་གདན་དྲངས་ཤིང་།དཔལ་ཡུལ་ཀཿཐོག་དགོན་པའི་སྙན་གྲགས་ཇེ་ཆེར་གཏོང་ཕྱིར་སྤྲུལ་སྐུ་རྒྱ་ནག་པེ་ཅིན་དུ་བྱོན་པའི་སྐབས་སུ།ཀཿཐོག་དགོན་པའི་མགར་བ་འཇོན་ཐང་ཅན་འགའ་ལྷན་དུ་པེ་ཅིན་ལ་ཁྲིད་ནས་ཁོ་ཚོའི་ལག་རྩལ་དེ་ཕྱི་ཕྱོགས་ཀྱི་མི་ཚོའི་མིག་ལམ་དུ་མངོན་བཅུག་པར་མ་ཟད།རྒྱ་ནག་གི་མགར་བའི་བཟོ་རྩལ་སློབ་སྦྱོང་བྱེད་དུ་བཅུག་པ་ཞིག་རེད་འདུགདེ་ལྟར་ཆོས་ལུགས་རིག་གནས་སྤེལ་རེས་བྱས་པའི་ཐོག་ནས་དཔལ་ཡུལ་ཧོར་པོའི་མི་རིགས་བཟོ་རྩལ་ཉིད་རིམ་གྱིས་མཚོན་ཆ་ཁོ་ན་མགར་བ་ནས་ཆོས་ལུགས་དང་།དམངས་ཁྲོད་ཀྱི་འཚོ་བའི་ཡོ་བྱད་མགར་བའི་ཕྱོགས་སུ་བསྒྱུར་ཡོད་པས།ད་ལྟའི་བར་དུ་དཔལ་ཡུལ་ཧོར་པོའི་མགར་བའི་བཟོ་རྩལ་ཉིད་མི་ཉམས་འཕེལ་རྒྱས་བྱུང་བར་དོར་ཐབས་མེད་པའི་ནུས་པ་ཐོན་ཡོད་པ་རེད།དཔལ་ཡུལ་ཧོར་པོའི་མགར་བའི་བཟོ་རྩལ་དེ་གངས་ཅན་ལྗོངས་ཀྱི་ལག་ཤེས་བཟོ་ལས་ཀྱི་ལྟེ་བར་གྱུར་པ་ནི་གེ་སར་རྒྱལ་པོའི་དམག་གི་མཚོན་ཆ་བཟོ་ཡུལ་གྱི་རྟེན་གཞི་ཡིན་པ་དང་ཁམས་ཁུལ་དུ་ཆེས་ཐོག་མར་ཆགས་པའི་བོད་རྒྱུད་ནང་བསྟན་ཆོས་ལུགས་ཀྱི་དགོན་པ་ཀཿཐོག་དགོན་ཉིད་དཔལ་ཡུལ་གྱི་ཧོར་པོར་བཞེངས་པ་དང་འབྲེལ་བ་དམ་པོ་ཡོད་པ་ཞིག་རེད་སྙམ།
ཉེ་བའི་ལོ་ཤས་རིང་ལ་རང་རེའི་རྒྱལ་ཁབ་ཀྱི་ཚོང་རའི་དཔལ་འབྱོར་འཛུགས་སྐྲུན་བྱེད་པའི་སྒུལ་ཤུགས་ཀྱིས་དཔལ་ཡུལ་ཧོར་པོའི་མགར་བའི་བཟོ་རྩལ་ལ་གསོན་ཤུགས་གསར་པ་བསྣན་ཡོད།དཔལ་ཡུལ་ཧོར་པོའི་བཟོ་རྩལ་ཐོན་རྫས་ཉིད་ས་གནས་སོ་སོའི་ཚོང་རའི་ཐོག་མངོན་པ་དང་ཆབས་ཅིག
སི་ཁྲོན་ཞིང་ཆེན་སྲིད་གཞུང་དང་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གིས་ཡུལ་སྐོར་ལྗོངས་རྒྱུ་དང་ཡུལ་སྐོར་ལྗོངས་རྒྱུའི་ཚོང་རྫས་ཐོན་སྐྱེད་བྱ་ཡུལ་གྱི་རྟེན་གཞིར་གཏན་འཁེལ་བྱས་པ་རེད། 
  • ལེ་ཚན་སྔོན་མ།:ཐང་ཀ་དང་དེའི་དབྱེ་བའི་སྐོར།
  • ལེ་ཚན་རྗེས་མ།:རྫ་མ་བཟོ་ཡས་ཀྱི་རྒྱུ་ཆ།
  • དོ་སྣང་ཆེ་བའི་རྩོམ།