
སྣམ་བུ་ནི་བོད་མི་རིགས་ཀྱི་ལག་ཤེས་བཟོ་ལས་ཀྱི་ཐོན་རྫས་ཤིག་ཡིན་པ་དང་། དེ་ལ་བལ་སྐུད་འཁལ་བ་དང་། ཚོས་རྒྱག་པ། འཐག་བཟོ་བྱེད་པ།ལེགས་སྒྲིག་བྱེད་པ་བཅས་ཀྱི་ལས་རིམ་བརྒྱུད་དགོས་ཤིང།ངོས་སྙོམས་ལ་འཇམ་པ་དང་།སྤུས་ཀ་ལེགས་པའི་སྣམ་བུ་ནི་བོད་ཆས་དང་།བོད་ལྷམ།ཉལ་གདན་སོགས་བཟོ་བའི་རྒྱུ་ཆ་གཙོ་བོ་ཡིན།བོད་ཀྱི་སྣམ་བུ་བཟོ་བར་ལོ་ངོ2000ལྷག་གི་ལོ་རྒྱུས་ལྡན་ཞིང་།བོད་རིགས་མི་དམངས་ཀྱི་ནམ་རྒྱུན་འཚོ་བའི་ཁྲོད་དུ་སྣམ་བུ་ནི་ནང་སའི་རྒྱ་རིགས་ཀྱི་རས་ཆ་ལྟར་གལ་ཆེ་ལ་ཡོངས་སུ་ཁྱབ་པ་ཞིག་རེད།

