ཁམས་མི་ཉག་སྨུག་རོང་ཡུལ་གྱི་རྫ་བཟོའི་རིག་གནས་སྐོར།

སྐུ་ནུབ་བློ་བཟང་རྒྱ་མཚོ།        2015-08-06

ཁམས་མི་ཉག་སྨུག་རོང་ཡུལ་གྱི་རྫ་བཟོའི་རིག་གནས་སྐོར།

ཁམས་རྟའུ་སྨུག་རོང་ཡུལ་དུ་གནའ་སྔ་མོ་ནས་རྫ་བཟོ་རིག་གནས་སྐོར་གྱི་ལག་རྩལ་ཆེད་ལས་པ་མང་པོ་བྱུང་སྟེ།རྫ་བཟོའི་ཐོན་རྫས་སྣ་ཁ་མང་པོ་གསར་དུ་བསྐྲུན་ཡོད་དེ།དཔེར་ན་རྫ་ཡི་ཁོག་མ་དང་རྫ་དམ་ཆེ་འབྲིང་ཆུང་གསུམ།  རྫ་ཡི་མེ་ར་མ།རྫ་ཡི་ཆང་སྣོད་སྣ་ཚོགས།  རྫ་མ།རྫ་ཡི་བསང་ཁང་།  རྫ་ཕོར་སོགས་འཚོ་བའི་སྐོར་ལ་ཉེ་བར་མཁོ་བའི་ཡོ་བྱད་མི་འདྲ་བ་ཧ་ཅང་མང་པོ་བཟོས་ཡོད་པར་མ་ཟད།ཁྱིམ་རྒྱུད་སོ་སོས་རྫ་བཟོའི་ལག་རྩལ་དར་སྤེལ་བཏང་ཡོད་པ་དང།རྫ་བཟོ་ལག་མཐོ་ཤོས་ཚང་ལ་ཐོན་རྫས་ཀྱི་མིང་ཁྱིམ་རྒྱུད་ལ་ཐོགས་ཏེ་རྫ་བཅའ་ཚང་ངམ་དེ་ཚང་ལ་བླ་སྤྲུལ་འདྲ་ཡོད་ཚེ་རྫ་བཅའ་སྤྲུལ་སྐུའམ་རྫ་བཅའ་བླ་མ་སོགས་ཟེར་སྲོལ་བྱུང་ཡོད།  ད་ལྟར་སྔོན་དང་བསྡུར་ན་རྫ་བཟོའི་ལག་རྩལ་ལ་འདི་ཅུང་ཉམས་རྒུད་དུ་བྱུང་ཡོད་པས་ཕྱིན་ཆད་འདི་རིགས་ཀྱི་ལག་རྩལ་དག་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་གཏང་རྒྱུ་ནི་ལས་འགན་གལ་ཆེན་ཞིག་ཏུ་གྱུར་ཡོད་དོ།།  

ཁམས་མི་ཉག་སྨུག་རོང་ཡུལ་གྱི་རྫ་བཟོའི་རིག་གནས་སྐོར།ཁམས་མི་ཉག་སྨུག་རོང་ཡུལ་གྱི་རྫ་བཟོའི་རིག་གནས་སྐོར།ཁམས་མི་ཉག་སྨུག་རོང་ཡུལ་གྱི་རྫ་བཟོའི་རིག་གནས་སྐོར།

  • ལེ་ཚན་སྔོན་མ།:བོད་ཀྱི་དཀར་ལས་རིག་གནས་ཀྱི་སྐོར་གླེང་བ།
  • ལེ་ཚན་རྗེས་མ།:ཁམས་མི་ཉག་སྨུག་རོང་ཡུལ་གྱི་མཁར་རྫོང་སྐོར་བཤད་པ།
  • དོ་སྣང་ཆེ་བའི་རྩོམ།