བོད་ཀྱི་ཐང་ག་རི་མོ་བྱུང་བའི་དུས་ཚོད་དང་ཐ་སྙད་བྱུང་ཚུལ་སྐོར་ལ་ཅུང་དཔྱད་པ།

གནམ་བཀྲ།        2010-08-25

  བོད་ཀྱི་ཐང་ག་རི་མོ་བྱུང་བའི་དུས་ཚོད་དང་ཐ་སྙད་བྱུང་ཚུལ་སྐོར་ལ་ཅུང་དཔྱད་པ།

དཔྱད་པ་གཅིག     བོད་ཀྱི་བཟོ་རིག་པའི་ནང་ཚན་ཐང་གའི་གོ་དོན་ཐད་གནའ་དེང་གི་མཁས་པ་མང་པོ་ཞིག་གིས་ཐང་ག་ཞེས་གོ་དོན་རྒྱ་ནག་གི་བརྡ་ལྟར་འགྲེལ་བཤད་བརྒྱབ་སྟེ་ཐང་ཞེས་པ་རྒྱ་ཡིག་གི་“唐”གི་བརྡ་སྐད་དང་ག་ཡང་རྒྱ་ཡིག་གི་“挂”ལས་འོང་བའི་བརྡ་རུ་གླེང་། རྒྱུ་མཚན་ནི་གནའ་དུས་རྒྱ་བཟའ་གོང་ཇོ་བོད་དུ་ཕེབས་ཁར་རས་བྲིས་ཀྱི་སྐྱེས་སོགས་ཤོག་དྲིལ་བརྒྱབ་པའི་རི་མོ་རྣམས་གྱང་ངོས་སུ་བཀལ་བས་དེའི་སྒྲ་ཐད་འགྱུར་གྱི་སྐད་ལས་བྱུང་ཟེར་བའི་བཞེད་སྲོལ་འདུག  《བོད་བརྒྱུད་ནང་བསྟན་གྱི་རི་མོ》(རྒྱ་ཡིག་)ཞེས་པའི་ནང་ཐང་ག་ནི་སྔོན་རས་ཡུག་ཏུ་བྲིས་པའི་འཕྲིན་བརྡའིི་རྩ་ཚིག་གཅིག་སྟེ་ཕྱིས་དྲིལ་རིལ་གྱི་སྲོལ་དར་ནས་རས་བྲིས་བྱུང་། ཞེས་བཀོད་འདུག   《ཞལ་ཐང་ཆེན་པོའི་རྣམ་བཤད》ནང་“གནའ་དུས་ནས་བོད་དུ་དར་བའི་བྲིས་ཀྱི་སྒྱུ་རྩལ་རྣམ་གྲངས་ཤིག་ཡིན་པ་ནི་གཉའ་ཁྲི་བཙན་པོའི་སྐབས་ཕོ་བྲང་ཡུམ་བུ་བླ་སྒང་གི་ལྡེབས་རིས་སུ་གཉའ་ཁྲི་མངའ་གསོལ་ཚུལ་བྲིས་པའི་ལོ་རྒྱུས་སོགས་ལས་རྟོགས་ཤིང་། དེང་གི་རས་གཞིའི་དོད་དུ་པགས་པ་དང་གཡང་གཞི་སོགས་ཀོ་འདུལ་གྱིས་དེའི་སྟེང་བཞེངས”ཞེས་པ་དང་། 《རི་མོའི་སྐོར་གྱི་དཔྱད་པ་སྔོན་མེད་བཟོ་བ་རིག་པའི་དགོངས་རྒྱན》ནང་དུ“སྟ་རེ་ལེབ་མོ་ལ་ཐོ་བ་མདུང་གི་རྩེ་མོ་རྣོ་ལ་རིང་ཐུང་ཚད་ལྡན་པ་བཟོ་འདོད་ཀྱི་རྣམ་པ་ཡིད་ལ་དྲན་པར་བརྟེན་ནས་བཟོས་པའི་མདུང་གྲི་སོགས་རི་མོའི་ཐོག་མ་ཡིན”ཞེས་གསུངས་ཡོད་པ་རེད། 《བཟོ་གནས་སྐྲ་རྩེའི་ཆུ་ཐིགས》ལས“རྒྱལ་པོ་སྲོང་བཙན་གྱི་དུས་ནས་བཟོ་སྣ་བཅོ་བརྒྱད་ཀྱི་དཔེ། རྩིས་ཀྱི་པོར་ཐང་བརྒྱད་ཅུ་ཡང་བོད་དུ་དྲངས་”ཞེས་པ་དང་། ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་གཙུག་ལག་ཁང་བཞེངས་སྐབས་དར་ཐང་ཆེན་མོ་གསུམ་བཞེངས་ཚུལ་དེ་ལོ་རྒྱུས་འགའ་ཞིག་ཏུ་སི་ཐང་ཆེན་མོ་གསུམ་བཞེངས་ཚུལ་དེ་ལ་ལོ་རྒྱུས་འགའ་ཞིག་ཏུ་སི་ཐང་ཞེས་བྲིས་སྣང་པ་ཡིན་ནམ་སྙམ་དུ་དཔྱད་དོ”ཞེས་སྲོང་བཙན་དུས་ནས་མགོ་བརྩམས་ཏེ་ཁྲི་སྲོང་སྐབས་ཐང་གའི་མིང་གདགས་གཞི་འཕེལ་རྒྱས་བྱུང་ཡོད་ཚུལ་བཅས་ཡོད་ཚུལ་བཅས་ཀྱི་བཞེད་ཚུལ་འདྲ་མིན་མང་པོ་ཞིག་བཀོད་མོད་ཀྱི་མདོར་དྲིལ་ན་ཕལ་ཆེར་རིགས་གསུམ་དུ་དགར་ཆོག་སྟེ། དེ་ནི་རང་རིགས་ཀྱི་ཤེས་རིག་དར་བ་ནས་བཟུང་རི་མོའི་སྲོལ་བྱུང་སྟེ་དེ་འཕེལ་རྒྱས་བྱུང་བ་དང་། གཞན་རིག་གམ་གཞན་སྐད་ལས་བྱུང་ཟེར་བ་དང་།  གཞན་ཡང་སྲོལ་རྒྱུན་གྱི་རི་མོ་བྲིས་པའི་བསྟན་བཅོས་མང་ཤོས་སུ་རྒྱ་གར་གྱི་བྲིས་སྐུའི་རི་མོ་བྱུང་བ་ནས་ཕྱིས་བལ་བོད་ཀྱི་ཡུལ་དུ་དར་ཅེས་བཞེད་ཚུལ་འདྲ་མིན་བྱུང་བ་རེད།
  དཔྱད་པ་གཉིས།  “ཐང་ག”ཞེས་པའི་མིང་གི་གདགས་གཞི་འདི་ནི་མི་རིགས་རང་གི་ཡུལ་སྐད་བརྡ་རྙིང་གཤའ་མ་ཞིག་ཡིན་པར་འདོད་དེ། ཐང་ནི་ལེབ་མོའམ་བདེ་བའི་དོན་ཏེ་བྲིས་བྱའི་ཡུལ་གྱི་མིང་བསྟན་པ་དང་། ག་ནི་གྭའི་སྒྲ་གདངས་དངོས་དེ་ཉིད་ལས་མིང་དུ་ཆགས་པར་སེམས་སོ།། བོད་ཀྱི་ཡུལ་སྐད་ཕལ་ཆེ་ལྷག་ཏུ་ཨ་མདོའི་འབྲོག་ཁུལ་གྱི་སྐད་དུ་གྭ(དཀར)དྲིས་དང་གྭ་གྭ་སོགས་ཀྱི་ཡུལ་སྐད་དེའི་མིང་གི་གདགས་གཞི་ཁྲ་ཁྲ་ཡིན་པའི་དོན་སྟོན་པ་དང། གེ་སར་སྒྲུང་གི《སུམ་པ་མཛོ་རྫོང》དུའང་“སེང་ཁོག་དུང་གི་ཕོ་བྲང་ལ།། མཛོ་གཡང་གྭ་པ་རུ་དམར་ཡོད།།”ཅེས་གྭ་པར་གླེང་བ་འདིས་མཛོ་གཡང་ཅན་གྭ་གྭའམ་ཁྲ་ཁྲ་ཞིག་ཡིན་པར་གྲུབ་པ་བཞིན་དུ་ངོས་བདེའི་ཐང་དེར་ཁྲ་ཁྲ་ཞིག་ཡིན་པར་གྲུབ་པ་བཞིན་དུ་ངོས་བདེའི་ཐང་དེར་ཁྲ་ཁྲ་ཞིག་ཡིན་པར་གྲུབ་པ་བཞིན་དུ་ངོས་བདེའི་ཐང་དེར་ཁྲ་ཁྲ་ཡིན་པའི་རིགས་གཟུགས་ཤིག་ལྡན་ཚུལ་དོན་གྱིས་བསྟན་པས་ཁྲ་ཁྲ་བདག་ཉིད་ཅན་གྱི་རིས་གཟུགས་ཀྱི་གཞི་དེ་གྲུབ་ཡོད། མདོར་ན་ཐང་ག་ཞེས་པའི་ཐ་སྙད་དེ་ཐོག་མར་མིའི་རིགས་ཀྱིས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་དུ་རང་བྱུང་ཁམས་ལ་འཐབ་རྩོད་བྱས་པའི་འབྲས་རྟགས་ཉིད་རིས་གཟུགས་སུ་བཀོད་པ་དང་། དུས་འགྱུར་འཕེལ་རིམ་ཁྲོད་དུ་རིམ་བཞིན་གྱིས་གཏེར་ཁའི་ཚོན་སོགས་བྱུགས་སྲོལ་དར་ནས་ཁྲ་ཁྲ་ལྟ་བུ་མངོན་པས་ན“ཐང་ག
”ཞེས་པའི་མིང་དེ་བྱུང་བར་སྙམ།
    དཔྱད་པ་གསུམ། གནའ་མིའི་གཏམ་དཔེ་ལ།“ས་ནག་རས་ཡུག་དང་མཛུབ་གུ་སྨྱུ་གུ”ཞེས་པ་ལས་ཀྱང་ཐང་དུ་རི་མོ་བྲིས་ནས་རིམ་འཕེལ་བྱུང་བ་ཤེས་ཐུབ། ཐང་དུ་བྲིས་པའི་ལོ་ཡུན་སོགས་ད་སྔ་སུས་ཀྱང་སྡོམ་ཐོར་མ་བཀོད་ཀྱང་ངོས་གཞི་བདེ་བ་དང་དེ་ནས་རིགས་གཟུགས་འདྲ་མིན་སྣ་ཚོགས་བྲིས་ཚུལ་བྱུང་བ་ལ་དཔག་ན། མིའི་རིགས་ཀྱི་རི་མོའི་ཐོག་མ་རྡོ་ཆས་རྙིང་པའི་སྐབས་སུ་ས་སྟེང་དུ་བྲིས་པའི་ཐོན་སྐྱེད་ཡོ་ཆས་རྣམས་ཀྱི་གཟུགས་དབྱིབས་རིས་སུ་གཟུགས་བཀོད་པ་དང།དེ་ནས་དུས་འགྱུར་གྱི་འཕེལ་རིམ་ཁྲོད་དུ་མི་རྣམས་ཀྱིས་བལ་དང་པགས་པ་སོགས་སྤྱོད་ཤེས་པ་བྱུང་ནས་དེང་གི་བར་མཐོང་ཐོས་སུ་ལོན་པའི་ཀོ་བའི་སྟེང་རི་མོའི་གཟུགས་སྣ་ཚོགས་བྲིས་ཡོད་པ་དེ་གྲུབ་པ་མ་ཟད། པགས་པའི་སྟེང་དུ་སྣང་བའི་གཟུགས་རིས་ནི་གདོད་མའི་ཆོས་ལུགས་ཀྱི་གཏེར་རིས་ཁག་དང་མི་པགས་གཡང་གཞིའི་སྟེང་དུ་སྣང་བའི་གཟུགས་རིས་དེ་ནི་ཐངགགདེ་ཐོག་མར་སེམས་ཅན་གཏི་པགས་པར་བྲིས་ནས་འཕེལ་རྒྱས་བྱུང་ཚུལ་དེ་ཤུགས་སུ་རྟོགས་ཐུབ་པར་སྙམ།
 
 
 
 
 
 
  • ལེ་ཚན་སྔོན་མ།:མདོ་ཁམས་ཏྲེ་ཧོར་རོང་པ་ཚའི་རྫ་བཟོ་ལག་རྩལ་སྐོར་གླེང་བ།
  • ལེ་ཚན་རྗེས་མ།:ཐང་ཀ་དང་དེའི་དབྱེ་བའི་སྐོར།
  • དོ་སྣང་ཆེ་བའི་རྩོམ།