བོད་ཀྱི་ཐང་ཀ་གསར་པ—གུ་གུ་ཤའི་ཐང་ཀ།

        2010-05-28

བོད་ཀྱི་ཐང་ཀ་གསར་པ—གུ་གུ་ཤའི་ཐང་ཀ།

གུ་གུ་ཤའི་ཐང་ཀ་ནི་བོད་ཀྱི་སྲོལ་རྒྱུན་གྱི་ཐང་ཀ་གསར་པ་ཞིག་ཡིན།དེར་སྲོལ་རྒྱུན་གྱི་ཐང་ཀའི་བཟོ་རྩལ་གྱི་ཁྱད་ཆོས་ལྡན་པར་མ་ཟད།ད་དུང་བོད་རྒྱ་རིག་གནས་ཀྱང་མཚོན་པ།གུ་གུ་ཤའི་ཐང་ཀ་དེ་གུ་གུ་ཤའི་ཕྲ་རྒྱག་པ་དང་མཛེས་བཟོ་ལག་རྩལ་སོགས་གཞིར་བཟུང་བ་དང་།སྲོལ་རྒྱུན་གྱི་ཐང་ཀའི་ཚད་འཇལ་བ་དང་ཚོས་རྒྱག་པའི་ཚད་གཞི་དང་ཟུང་འབྲེལ་བྱས་ནས་ལྕགས་སྐུད་ཕྲ་མོ་སྤྱད་ནས་རྒྱན་རིས་སྣ་ཚོགས་ཀྱི་གཟུགས་དབྱིབས་བཟོས་པ་དང་།དྲོད་ཚད་མཐོ་ཤོས་ནང་བཟོས་པའི་རྩི་རྒྱུ་སྤྱད་ནས་ཚོས་རྒྱག་པ།མཐའ་རི་མོའི་ངོས་ལ་འཇམ་འོད་འདོན་པ་བཅས་བྱས་ནས་ལས་སྣོན་བྱེད་པ་རེད།ལས་སྣོན་བྱས་ཟིན་པའི་ཐང་ཀ་ལ་མདོག་དང་དབྱིབས།ངོ་བོ་སོགས་མི་འགྱུར་བ་དང་།དུས་ཡུན་རིང་པོར་ཉར་ཚགས་བྱེད་སྟབས་བདེ་བའི་ཁྱད་ཆོས་ལྡན་པ་རེད།
  • ལེ་ཚན་སྔོན་མ།:བོད་དུ་ཀོ་བཟོ་དར་བའི་དུས་དང་དེའི་འཕེལ་རིམ།
  • ལེ་ཚན་རྗེས་མ།:ཐང་ག་ལས་ཐང་ནག་ཅེས་པ་དེ་ཅི་འདྲ་ཞིག་ཡིན།
  • དོ་སྣང་ཆེ་བའི་རྩོམ།