ཁམས་རྟའུ་སྨུག་རོང་ཡུལ་གྱི་རྫ་བཟོའི་རིག་གནས་སྐོར།

ཐུབ་བསྟན་དར་རྒྱས།        2014-04-30

ཁམས་རྟའུ་སྨུག་རོང་ཡུལ་གྱི་རྫ་བཟོའི་རིག་གནས་སྐོར།
གུ་རུ་རིན་པོ་ཆེའི་ས་རྐོང་།

ཁམས་རྟའུ་སྨུག་རོང་ཡུལ་དུ་གནའ་སྔ་མོ་ནས་རྫ་བཟོ་རིག་གནས་སྐོར་གྱི་ལག་རྩལ་ཆེད་ལས་པ་མང་པོ་བྱུང་སྟེ། རྫ་བཟོའི་ཐོན་རྫས་སྣ་ཁ་མང་པོ་གསར་དུ་བསྐྲུན་ཡོད་དེ། དཔེར་ན་རྫ་ཡི་ཁོག་མ་དང་རྫ་དམ་ཆེ་འབྲིང་ཆུང་གསུམ།  རྫ་ཡི་མེ་ར་མ། རྫ་ཡི་ཆང་སྣོད་སྣ་ཚོགས།  རྫ་མ། རྫ་ཡི་བསང་ཁང་།  རྫ་ཕོར་སོགས་འཚོ་བའི་སྐོར་ལ་ཉེ་བར་མཁོ་བའི་ཡོ་བྱད་མི་འདྲ་བ་ཧ་ཅང་མང་པོ་བཟོས་ཡོད་པ་མ་ཟད། ཁྱིམ་རྒྱུད་སོ་སོས་རྫ་བཟོའི་ལག་རྩལ་དར་སྤེལ་བཏང་ཡོད་པ་དང། རྫ་བཟོ་ལག་མཐོ་ཤོས་ཚང་ལ་ཐོན་རྫས་ཀྱི་མིང་ཁྱིམ་རྒྱུད་ལ་ཐོགས་ཏེ་རྫ་བཅའ་ཚང་ངམ་དེ་ཚང་ལ་བླ་སྤྲུལ་འདྲ་ཡོད་ཚེ་རྫ་བཅའ་སྤྲུལ་སྐུའམ་རྫ་བཅའ་བླ་མ་སོགས་ཟེར་སྲོལ་བྱུང་ཡོད།  ད་ལྟར་སྔོན་དང་བསྡུར་ན་རྫ་བཟོའི་ལག་རྩལ་ལ་འདི་ཅུང་ཉམས་རྒུད་དུ་བྱུང་ཡོད་པས་ཕྱིན་ཆད་འདི་རིགས་ཀྱི་ལག་རྩལ་དག་ཉམ་པ་སླར་གསོ་དང་མ་ཉམས་གོང་འཕེལ་གཏང་རྒྱུ་ནི་ལས་འགན་གལ་ཆེན་ཞིག་ཏུ་གྱུར་ཡོད་དོ། །

ཁམས་རྟའུ་སྨུག་རོང་ཡུལ་གྱི་རྫ་བཟོའི་རིག་གནས་སྐོར།

                                                                                                                             ཆང་རྫ།

ཁམས་རྟའུ་སྨུག་རོང་ཡུལ་གྱི་རྫ་བཟོའི་རིག་གནས་སྐོར།

                                                                                                                           ཆང་རྫ།

ཁམས་རྟའུ་སྨུག་རོང་ཡུལ་གྱི་རྫ་བཟོའི་རིག་གནས་སྐོར།

                                                                                                                 མཆོད་ཀོང་།

  • ལེ་ཚན་སྔོན་མ།:འབྲོག་མིའི་ལག་བཟོའི་ཤེས་རིག་ལས་ཕྱིང་བ།
  • ལེ་ཚན་རྗེས་མ།: མི་ཉག་ཡུལ་གྱི་ཁང་རྙིང་།
  • དོ་སྣང་ཆེ་བའི་རྩོམ།