མཁས་གྲུབ་དང་མིག་དམར་གྱིས། 2017-09-20
གཏེར་རྫས་ཐོན་ཁུངས།
矿产资源
དཀར་མཛེས་ཁུལ་གྱི་གཏེར་ཁ་ཆགས་པའི་ས་གཤིས་ཆ་རྐྱེན་བཟང་བས་གཏེར་རྫས་རིགས༧༤རྙེད་ཡོད་ཅིང་། སྲ་འགྱུར་གཏེར་རྫས་ས་ཁུལ༡༥༨༡གྲུབ་ཡོད་པ་དང་གཏེར་ཡོད་ས་ཚུགས༥༡༢ཡོད། ལྕགས་རིགས་མདོག་ནག་གཙོ་བོ་ནི་ལྕགས་གཏེར་ཡིན་ཞིང་གཏེར་རྫས་ཁུལ་བསྡོམས་འབོར༩༠ཡོད། ཧ་གོ་བའི་ལྕགས་རིགས་མདོག་ཅན་ནི་ཟངས་དང་ཞ་ཉེ། ཏི་ཚ། ནིག ཐངས། གཤའ། དངུལ་ཆུ། ཨན། མོལ་རྡོ་བཅས་རིགས༩ཡོད་ཅིང་གཏེར་རྫས་ཁུལ༤༩༠རྙེད་ཡོད། ལྕགས་རིགས་དཀོན་པོ་དང་འཐོར་བྱེད་མ་རྒྱུའི་རིགས་ཀྱི་གཏེར་རྫས་ཁུལ༥༦རྙེད་ཡོད། ལྕགས་རིགས་རྩ་ཆེན་སྐོར་ལ་ལྷན་སྐྱེས་ཕེད་དང་ཕེལ་གཏེར་ཆེ་གྲས་དང་དངུལ་གཏེར་ཆེས་ཆེ་གྲས། དེ་མིན་གསོག་ཚད་མང་བའི་བྱེ་གསེར་དང་བྲག་གསེར་གཏེར་ཁ་རྩད་ཞིབ་ཐུབ་ཡོད།
སྐྱེ་དངོས་ཐོན་ཁུངས།
植物资源
དཀར་མཛེས་ཁུལ་གྱི་ནགས་ཚལ་གྱི་རྒྱ་ཁྱོན་ཆེ་ཞིང་སྐྱེ་དངོས་ཀྱི་རིགས་ཕུན་སུམ་ཚོགས་པ་དང་། མངའ་ཁོངས་སུ་མཐོ་རིམ་སྐྱེ་དངོས་ཀྱི་རིགས༢༣༩དང་ནང་ཚན༡༠༩༠དང་དབྱེ་བ༥༢༢༣ཡོད། དེའི་ནང་དུ་སྔོ་དྲེག་རིགས་ཀྱི་རྩི་ཤིང་རིགས༤༣དང་ནང་ཚན༩༥དང་དབྱེ་བ༡༧༠ཡོད། གྲོ་རིགས་རྩི་ཤིང་གི་རིགས༣༠དང་ནང་ཚན༦༡དང་དབྱེ་བ༢༦༤ཡོད། སོན་དམར་རྩི་ཤིང་གི་རིགས༡༠དང་ནང་ཚན༢༢དང་དབྱེ་བ༦༦ཡོད། སོན་བཏུམས་རྩི་ཤིང་གི་རིགས༡༥༦དང་ནང་ཚན༩༡༢དང་དབྱེ་བ༤༧༢༣ཡོད་པ་རེད།
སྲོག་ཆགས་ཀྱི་ཐོན་ཁུངས།
动物资源
རང་བྱུང་གནམ་གཤིས་ཆ་རྐྱེན་དམིགས་བསལ་ཅན་གྱི་ཤུགས་རྐྱེན་ཐེབས་པས་དཀར་མཛེས་ཁུལ་ནི་ས་རྒྱ་ཆེ་ཞིང་མི་གྲངས་ཉུང་བ་དང་། འཚོ་སྡོད་ཀྱི་ཁོར་ཡུག་ཡངས་ཤིང་སྣ་མང་ཅན་ཡིན་པའི་དབང་གིས་སྲོག་ཆགས་མང་པོའི་ཞིང་ཁམས་སུ་གྱུར། སྲོག་ཆགས་རྩ་ཆེན་སྣ་ཚོགས་མིའི་རིགས་དང་ཞི་མཐུན་མཉམ་གནས་ཀྱིས་འདི་ན་འཚོ་སྤེལ་བྱས་དང་བྱེད་བཞིན་ཡོད་དོ།།
ཀྲུང་གོའི་ཕྱེ་མ་ལེབ་ཀྱི་ཞིང་ཁམས།
中国蝴蝶王国
ཀྲུང་གོར་ཕྱེ་མ་ལེབ་ཀྱི་རིགས༡༢དང་ནང་ཚན༡༣༠༠ཡོད་ཅིང་། སི་ཁྲོན་དུ་ཕྱེ་མ་ལེབ་ཀྱི་ནང་ཚན༧༠༢རྙེད་ཡོད་ལ། དེའི་ནང་དུ་དཀར་མཛེས་ཁུལ་དུ་ནང་ཚན༤༠༠ཡོད་པས་ཀྲུང་གོའི་ཕྱེ་མ་ལེབ་ཁྱབ་ཚུལ་ཆེས་གཅིག་བསྡུས་ཅན་གྱི་ས་ཁུལ་ཡིན་ཞིང་ཀྲུང་གོའི་ཕྱེ་མ་ལེབ་ཀྱི་ཞིང་ཁམས་ཞེས་པའི་མཚན་སྙན་ཡོད་པ་རེད།།
རབ་ཏུ་མཛེས་པའི་དཀར་མཛེས།
大美甘孜
དཀར་མཛེས་ཁུལ་གྱི་སྐྱེ་ཁམས་མཛེས་ལྗོངས་དང་སྐྱེ་དངོས་ཐོན་ཁུངས་ལ་ཕྱོགས་ཡོངས་ནས་འཚོ་སྲུང་ཡག་པོ་ཐོབ་པས་སྐྱེ་དངོས་སྣ་མང་རང་བཞིན་གསལ་བོར་མངོན་ཡོད། གངས་རི་དང་རྩྭ་ཐང་། རང་བྱུང་ཆུ་ཚན། གྲོག་རོང་། མཚོ་དང་མཚེའུ། གཙང་པོ། ས་མཐོའི་སྟག་མ་མེ་ཏོག་བཅས་ཀྱི་འབྱུང་ཡུལ་ཡིན་ཞིང་སྐྱེ་དངོས་དང་སྲོག་ཆགས་མང་པོའི་ཁྱིམ་གཞིས་ཡིན།
森林场景
དཀར་མཛེས་ཁུལ་གྱི་ནགས་ཚལ་གྱི་རྒྱ་ཁྱོན་རྒྱ་ཆེ་ཞིང་སྐྱེ་དངོས་སྣ་མང་ཕུན་སུམ་ཚོགས། ༢༠༡༤ལོའི་བར་བསྡོམས་རྩིས་བྱས་པར་གཞིགས་ན། ཁུལ་ཡོངས་ཀྱི་ནགས་སའི་རྒྱ་ཁྱོན་མུའུ་ཁྲི༩༨༠༩.༩ཡོད་ཅིང་། ནགས་ཚལ་གྱི་རྒྱ་ཁྱོན་ཁྲི༨༠༠༥.༣༥ཡོད་པས་སྐྱེ་དངོས་སྣ་མང་གི་ནོར་མཛོད་དང་འབྲི་ཆུའི་དབུས་རྒྱུད་དང་སྨད་རྒྱུད་ཀྱི་མེ་ཏོག་ར་བ་ཞེས་པའི་མཚན་སྙན་ཐོབ་པ་རེད།།
འདམ་རའི་རྣམ་པ།
湿地场景
དཀར་མཛེས་ཁུལ་གྱི་འདམ་རའི་འབོར་གྲངས་མང་ཞིང་ཁྱབ་རྒྱ་ཤིན་ཏུ་ཆེ་བ་དང་། ས་ཁོངས་ཀྱི་ཁྱད་པར་མངོན་གསལ་ཡིན་ལ། སྐྱེ་དངོས་སྣ་མང་ཕུན་སུམ་ཚོགས། ཁུལ་ཡོངས་ཀྱི་འདམ་ར་ཕལ་ཆེར་ནི་རང་བྱུང་གི་འདམ་ར་ཡིན་ཞིང་། གཙོ་བོར་མཐོ་སའི་འདམ་རྫབ་དང་མཐོ་སའི་ན་འདམ། ཆུ་རྒྱུད་དང་ནགས་ངོས་ཀྱི་འདམ་ར། མཚེའུ་ཡི་འདམ་ར་བཅས་ཡོད་ཅིང་སྤྱི་རྒྱ་ཁྱོན་ལ་མུའུ་ཁྲི༡༠༩༡.༤ཡོད་པ་རེད།།
རྩྭ་ཐང་གི་རྣམ་པ།
草原场景
རྩྭ་ཐང་ནི་དཀར་མཛེས་ཁུལ་གྱི་སྐྱེ་ཁམས་མ་ལག་གི་གཙོ་གཞི་ཡིན་པ་རེད། ༢༠༡༦ལོའི་བར་དུ་བསྡོམས་རྩིས་བྱས་པར་གཞིགས་ན། ཁུལ་ཡོངས་སུ་རང་བྱུང་གི་རྩྭ་ས་མུའུ་དུང་ཕྱུར༡.༤༢ཡོད་ཅིང་དེའི་ནང་བེད་སྤྱོད་བྱེད་ཆོག་པའི་རྩྭ་ས་མུའུ་དུང་ཕྱུར༡.༢༥ཡོད། དཀར་མཛེས་ཁུལ་དུ་མཐོ་སའི་རྩྭ་ཐང་དང་མཐོ་སའི་སྡོང་ཕྲན་ནགས་རྫོབ་ཀྱི་རྩྭ་ཐང་གཙོས་པའི་རྩྭ་ཐང་གི་རིགས་མང་ཞིང་འཛམ་གླིང་ཐོག་རང་བྱུང་སྐྱེ་ཁམས་སྲུང་ཉར་ཆེས་ཆ་ཚང་ཞིང་སྐྱེ་དངོས་དང་སྲོག་ཆགས་ཀྱི་ཐོན་ཁུངས་ཐད་འཕྱང་ཁྱབ་ཚུལ་ཆེས་མང་བའི་ས་ཁུལ་གྱི་ཡ་གྱལ་ཡིན་པ་དང་། འབྲི་ཆུའི་ཆུ་རྒྱུད་དང་ལྷག་པར་རྒྱལ་ཡོངས་སྐྱེ་ཁམས་མ་ལག་དོ་སྙོམས་པའི་ཁྲོད་དུ་ནུས་པ་ཤིན་ཏུ་གལ་ཆེན་ཐོན་གྱི་ཡོད་པ་རེད།།
གངས་རིའི་རྣམ་པ།
雪山场景
དཀར་མཛེས་ཁུལ་གྱི་ཆ་སྙོམས་མཚོ་འཕགས་ནི་སྨི༣༥༠༠ཡན་ཡིན་ཞིང་། དེའི་ཁོངས་སུ་ལོ་འཁོར་ཞུ་མི་ཐུབ་པའི་གངས་འཁྱགས་དང་གངས་རི་མང་པོ་ཡོད་པ་རེད། དེའི་ཁྲོད་སི་ཁྲོན་གྱི་རི་རྒྱལ་ཞེས་པའི་མཚན་སྙན་འབར་བའི་གངས་དཀར་རི་བོའི་རི་རྩེ་མཐོ་ཤོས་ཀྱི་མཚོ་འཕགས་སྨི༧༥༥༦ཡོད་ཅིང་། ཧ་ལས་པའི་རང་བྱུང་མཛེས་ལྗོངས་དང་ཐོན་ཁུངས་འབེལ་པོ་ཡོད་པས་འཛམ་གླིང་དུ་སྐད་གྲགས་ཁྱབ་བོ།།
རྩོམ་གསར། 10