དཀར་མཛེས་ཁུལ་གྱི་རིག་དངོས་ཀྱི་མཛོད་ཆེན། དངོས་མང་བཤམས་སྟོན་ཁང་།

ཐུབ་བསྟན་དང་བདེ་ཆེན། ཨོ་རྒྱན་བཅས་ཀྱིས།        2017-09-20

དཀར་མཛེས་ཁུལ་གྱི་རིག་དངོས་ཀྱི་མཛོད་ཆེན། དངོས་མང་བཤམས་སྟོན་ཁང་།
གནས་མཆོག་དཀར་མཛེས།    མཛེས་པའི་ཁྱིམ་གཞིས།

圣洁甘孜      美丽家园

དཀར་མཛེས་ཁུལ་གྱི་རིག་དངོས་ཀྱི་མཛོད་ཆེན། དངོས་མང་བཤམས་སྟོན་ཁང་།
དཀར་མཛེས་ཁུལ་གྱི་ཤར་རྒྱུད།

康东

    ཤར་རྒྱུད་ཀྱི་ཆུ་ཚོད་གཉིས་རིང་གངས་དཀར་རི་བོ་བསྐོར་བའི་ཡུལ་སྐོར་ར་བ་ནི་དར་མདོའི་གནམ་གྲུ་ཐང་དང་མཛའ་གཞས་ཀྱི་ཆོལ་ཁ་སྟེ་དར་མདོ་ལྟེ་གནས་སུ་བཟུང་ནས་བསྐྲུན་པའི་ཡུལ་སྐོར་ས་ཁུལ་ཞིག་ཡིན་ཞིང་། སི་ཁྲོན་ཡུལ་སྐོར་ནུབ་རྒྱུད་སྐོར་ལམ་གྱི་གྲུབ་ཆ་གལ་ཆེན་ཡིན། དེའི་ཁོངས་སུ་དར་མདོ་གྲོང་ཁྱེར་དང་། ལྕགས་ཟམ། རོང་བྲག  རྟའུ། བརྒྱད་ཟིལ། ཉག་ཆུ་བཅས་གྲོང་ཁྱེར་དང་རྫོང༦ཡོད་ཅིང་།

དཀར་མཛེས་ཁུལ་གྱི་རིག་དངོས་ཀྱི་མཛོད་ཆེན། དངོས་མང་བཤམས་སྟོན་ཁང་།

 ཉག་ཆུ་ཁ་གུར་གུམ་སྟེང་གི་རྗེས་ཤུལ།

དཀར་མཛེས་ཁུལ་གྱི་རིག་དངོས་ཀྱི་མཛོད་ཆེན། དངོས་མང་བཤམས་སྟོན་ཁང་།
རྟའུ་འདྲ་པའི་མ་ཎི་ཆོས་བྲོ།

དཀར་མཛེས་ཁུལ་གྱི་རིག་དངོས་ཀྱི་མཛོད་ཆེན། དངོས་མང་བཤམས་སྟོན་ཁང་།
བརྒྱད་ཟིལ་གྱི་གནའ་མཁར།

དཀར་མཛེས་ཁུལ་གྱི་རིག་དངོས་ཀྱི་མཛོད་ཆེན། དངོས་མང་བཤམས་སྟོན་ཁང་།
ལྕགས་ཟམ་ཁའི་ལྕགས་ཟམ།

དཀར་མཛེས་ཁུལ་གྱི་རིག་དངོས་ཀྱི་མཛོད་ཆེན། དངོས་མང་བཤམས་སྟོན་ཁང་།
དར་མདོ་གྲོང་ཁྱེར་བོན་པོ་གཤིས་ཀྱི་གནའ་མཁར།

དཀར་མཛེས་ཁུལ་གྱི་རིག་དངོས་ཀྱི་མཛོད་ཆེན། དངོས་མང་བཤམས་སྟོན་ཁང་།
རོང་བྲག་བུད་མེད་ཀྱི་རྒྱན་གོས།

མཚོ་འཕགས་སྨི༧༥༥༦ཡོད་པའི་སི་ཁྲོན་གྱི་རི་རྒྱལ་ཏེ་གངས་དཀར་རི་བོའི་མཐའ་སྐོར་དུ། དུང་དཀར་ལུང་པའི་འཁྱག་ཀླུང་ནགས་ཚལ་སྤྱི་གླིང་དང་། འོད་སྐྱིད་མཚོ། ཕག་མོ་རི། མི་རྒོད་མཚོ། མཛའ་གཞས་ཀྱི་ཆོལ་ཁ་དར་མདོ། ལྕགས་ཟམ་ཁ། གནའ་མཁར་དང་བོད་གྲོང་མཛེས་མའི་ལུང་པ། བོད་ཁང་སྒྱུ་རྩལ་གྱི་འབྱུང་ཡུལ། ཉག་ཆུའི་ཨ་འབྲོག་གཉེན་སྲོལ་དར་བའི་གྲོག་རོང་ཆེན་མོ་སོགས་ལྗོངས་ཁུལ་སྐད་གྲགས་ཅན་ཡོད། དཀར་མཛེས་ཁུལ་དུ་ཕེབས་པའི་ཡུལ་སྐོར་བ་ཚང་མས་དུས་ཚོད་ཐུང་ངུའི་ནང་དུ་རང་བྱུང་གི་མི་རིག་མཛེས་ལྗོངས་ཕུན་སུམ་ཚོགས་པོར་མྱོང་རོལ་བྱ་ཆོག་པ་རེད།།

དཀར་མཛེས་ཁུལ་གྱི་རིག་དངོས་ཀྱི་མཛོད་ཆེན། དངོས་མང་བཤམས་སྟོན་ཁང་།

དཀར་མཛེས་ཁུལ་གྱི་ལྷོ་རྒྱུད།

康南

    ལྷོ་རྒྱུད་ཀྱི་ཤམ་བྷ་ལའི་སྐྱེ་ཁམས་ཡུལ་སྐོར་ས་ཁུལ་གྱི་ཁོངས་སུ་འདབ་པ་དང་ལི་ཐང་། འབའ་ཐང་། ཕྱག་ཕྲེང་། སྡེ་རོང་བཅས་རྫོང་ལྔ་ཡོད་ཅིང་། དུས་རབས་གོང་མའི་ལོ་རབས་ཉི་ཤུ་དང་སུམ་ཅུར་སྐྱེ་དངོས་རིག་པ་བ་དང་མྱུལ་དཔྱད་པ་གྲགས་ཅན་ཡོ་སེ་ཧྥུ་ལོ་ཁེ་ས་ཁུལ་འདིར་ཐེངས་གཉིས་ཡོང་མྱོང་བ་དང་། 《ཨ་རིའི་རྒྱལ་ཁབ་ས་གཤིས》དུས་དེབ་ཏུ་ཡི་གེ་དང་པར་རིས་མཉམ་སྦྱོར་བྱས་པའི་ཡུལ་སྐོར་གྱི་བརྗེད་ཐོ་བཀོད་དེ་ས་ཆ་དེ་ནི་འཛམ་གླིང་ན་ཆེས་མཛེས་པའི་ས་ཆ་རེད་ཅེས་ཧ་ལས་ནས་བསྟོད་བསྔགས་བྱས་པས་སྐད་གྲགས་ཆེན་པོ་ཁྱབ་པ་རེད། དབྱིན་ཇིའི་རྩོམ་པ་པོ་ཀྲན་མུའུ་སི་ཤེ་ཨེར་ཏུན་གྱིས་ཁོང་གི་ལམ་ཐོར་གཞིགས་ནས《ཡལ་ཟིན་པའི་ས་གཞིའི་མུ་མཐའ》ཞེས་པའི་བརྩམས་ཆོས་གྲགས་ཅན་དེ་མཛད་པ་རེད། དཔེ་ཆའི་ནང་གི་ཤམ་བྷ་ལ་ཞེས་པ་ནི་འདབ་པའི་ཉི་སྟེན་སོགས་ཀྱི་མ་རྣམ་ལྟར་ཞིབ་འབྲི་བྱས་པ་ཞིག་རེད།

དཀར་མཛེས་ཁུལ་གྱི་རིག་དངོས་ཀྱི་མཛོད་ཆེན། དངོས་མང་བཤམས་སྟོན་ཁང་།

སྡེ་རོང་གི་ཤོག་འཆམ།

དཀར་མཛེས་ཁུལ་གྱི་རིག་དངོས་ཀྱི་མཛོད་ཆེན། དངོས་མང་བཤམས་སྟོན་ཁང་།
འདབ་པའི་ཉི་སྟེན་མཛེས་ལྗོངས།

དཀར་མཛེས་ཁུལ་གྱི་རིག་དངོས་ཀྱི་མཛོད་ཆེན། དངོས་མང་བཤམས་སྟོན་ཁང་།
འབའ་ཐང་གི་འབའ་གཞས།

དཀར་མཛེས་ཁུལ་གྱི་རིག་དངོས་ཀྱི་མཛོད་ཆེན། དངོས་མང་བཤམས་སྟོན་ཁང་།
ལི་ཐང་བུད་མེད་ཀྱི་རྒྱན་གོས།

དཀར་མཛེས་ཁུལ་གྱི་རིག་དངོས་ཀྱི་མཛོད་ཆེན། དངོས་མང་བཤམས་སྟོན་ཁང་།
ཕྱག་ཕྲེང་ཡུལ་མིའི་སྡོད་ཁང་།

   འདི་ན་འཛམ་གླིང་གི་མི་དང་སྐྱེ་དངོས་ར་བའི་སྲུང་སྐྱོང་དྲྭ་རྒྱའི་ཁོངས་གཏོགས་སུ་གྱུར་པའི་ཉི་སྟེན་དང་།  ཤམ་བྷ་ལའི་མཚོ་སྤུན་བདུན། ཀྲུང་གོའི་ནུབ་རྒྱུད་ཀྱི་ཉི་མའི་ལུང་པ། ཤར་བོད་ཀྱི་ལྷ་མཚོ་དང་པོ་སྟེ་མཚོ་ཕུ་མཚོ། ཀྲུང་གོའི་གཞས་ཀྱི་ཆོལ་ཁ། དགེ་བསྙེན་ཆེན་པོ། ལི་ཐང་གི་བརྒྱད་གཅིག་རྒྱལ་སྤྱིའི་རྟ་རྒྱུག་འགྲན་ཚོགས་སོགས་ཡིད་དབང་འཕྲོག་པའི་སྐྱེ་ཁམས་དང་མི་རིག་གི་ཡུལ་སྐོར་ཐོན་ཁུངས་ཡོད་ཅིང་། ཡུན་ནན་དང་བོད་ལྗོངས་སོགས་ཁྱིམ་མཚེས་བོད་ཁུལ་དང་མཉམ་དུ་བརྗིད་ཉམས་རབ་ཏུ་ཆེ་བའི་ཀྲུང་གོའི་ཤམ་བྷ་ལའི་སྐྱེ་ཁམས་ཡུལ་སྐོར་ས་ཁུལ་གྲུབ་པ་རེད། ས་ཆ་འདི་དག་ལ་ཕེབས་ཤིང་ལོ་རྒྱུས་ཀྱི་ཤུལ་ལམ་བརྒྱུད་ཚེ་ཁྱེད་རང་གི་དྲན་ངོས་སུ་འཚོལ་འདོད་ཡོད་པའི་ཤམ་བྷ་ལ་རྙེད་ཐུབ་ངེས་རེད།།

དཀར་མཛེས་ཁུལ་གྱི་རིག་དངོས་ཀྱི་མཛོད་ཆེན། དངོས་མང་བཤམས་སྟོན་ཁང་།

དཀར་མཛེས་ཁུལ་གྱི་བྱང་རྒྱུད།

康北

     བྱང་རྒྱུད་ཀྱི་གེ་སར་རིག་གནས་ཡུལ་སྐོར་ས་ཁུལ་གྱི་ཁོངས་སུ་སྡེ་དགེ་དང་བྲག་འགོ། དཀར་མཛེས། གསེར་ཐར། སེར་ཤུལ། དཔལ་ཡུལ། ཉག་རོང་བཅས་རྫོང༧ཡོད་ཅིང་ཁམས་པའི་རིག་གནས་ཀྱི་འབྱུང་ཡུལ་ཡིན། གངས་རི་དང་རྩྭ་ཐང་། ནགས་ཚལ། ཆུ་བོ་བཅས་བློ་གཤོགས་ཡངས་ཤིང་བརྗིད་ཆགས་པའི་གངས་ཅན་ལྗོངས་ཀྱི་མཛེས་ལྗོངས་རེ་རེ་གྲུབ། མི་རིགས་ཀྱི་དཔའ་བོ་གེ་སར་འཁྲུངས་ཡུལ་འདི་ན་ཡིན་ཞིང་འདི་ནས་འཛམ་གླིང་ན་ཆེས་རིང་བའི་ལོ་རྒྱུས་སྙན་ངག་སྟེ་གླིང་གེ་སར་རྒྱལ་པོའི་རྣམ་ཐར་གྱི་དྲི་བསུང་འཐུལ་ཞིང་མཚན་སྙན་ལོ་རྒྱུས་ཀྱི་དེབ་ཐེར་དུ་བཀོད་པར་མ་ཟད་མི་རབས་ནས་མི་རབས་བར་བརྒྱུད་ལེན་བྱས་ཀྱི་ཡོད། འདི་ན་གངས་རིའི་འདབས་ཀྱི་བོད་རིག་གནས་ཀྱི་ནོར་མཛོད་དེ་སྡེ་དགེ་པར་ཁང་ཡོད་ཅིང་། འཛམ་གླིང་ན་ཆེས་རིང་བའི་མ་ཎིའི་ལྕགས་རི་སྟེ་དཔལ་དགེ་མ་ཎི་རྡོ་སྤུངས་ཡོད།

དཀར་མཛེས་ཁུལ་གྱི་རིག་དངོས་ཀྱི་མཛོད་ཆེན། དངོས་མང་བཤམས་སྟོན་ཁང་།
སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོ།

དཀར་མཛེས་ཁུལ་གྱི་རིག་དངོས་ཀྱི་མཛོད་ཆེན། དངོས་མང་བཤམས་སྟོན་ཁང་།
སེར་ཤུལ་དཔལ་དགེ་མ་ཎི་རྡོ་འབུམ།

དཀར་མཛེས་ཁུལ་གྱི་རིག་དངོས་ཀྱི་མཛོད་ཆེན། དངོས་མང་བཤམས་སྟོན་ཁང་།
བྲག་འགོ་ནམ་མཁའ་རྒྱན་གྱི་ཐང་ག

དཀར་མཛེས་ཁུལ་གྱི་རིག་དངོས་ཀྱི་མཛོད་ཆེན། དངོས་མང་བཤམས་སྟོན་ཁང་།
དཔལ་ཡུལ་ཧོར་པོའི་ལག་ཤེས་བཟོ་རྩལ།

དཀར་མཛེས་ཁུལ་གྱི་རིག་དངོས་ཀྱི་མཛོད་ཆེན། དངོས་མང་བཤམས་སྟོན་ཁང་།
ཉག་རོང་སྨན་འདམ་འབག་མགོ།

དཀར་མཛེས་ཁུལ་གྱི་རིག་དངོས་ཀྱི་མཛོད་ཆེན། དངོས་མང་བཤམས་སྟོན་ཁང་།
གསེར་ཐར་གེ་སར་རིག་གནས་དངོས་མང་བཤམས་སྟོན་ཁང་།

དཀར་མཛེས་ཁུལ་གྱི་རིག་དངོས་ཀྱི་མཛོད་ཆེན། དངོས་མང་བཤམས་སྟོན་ཁང་།
དཀར་མཛེས་ཐིག་ཐ་ཞབས་བྲོ།

འདི་ན་གཅིག་ཁོ་ན་ལས་མེད་པའི་དཔལ་ཡུལ་ས་ངན་གྱི་སྐོར་པའི་ཕ་རྒྱུད་སྡེ་བ་ཡོད་ཅིང་ཉི་མ་དང་བར་ཐག་ཆེས་ཉེ་བའི་ཉི་མའི་ལུང་པ་ཡོད། འདི་ནར་ལོ་རྒྱུས་སྟོང་ལྡན་གྱི་རྡོ་པུར་རྒྱལ་རབས་ཡོད་ཅིང་གདོད་མའི་ངོ་མཚར་ཆེ་བའི་དབལ་ཤུལ་སྡེ་བ་ཡོད། འདི་ན་ཡུལ་སྲོལ་གཞུང་དྲང་བབ་ཆགས་པའི་སྐོར་བྲོའི་ཆོལ་ཁ་ཡོད་ཅིང་སྤྲོ་སེམས་རབ་ཏུ་རྒྱས་པའི་དཀར་མཛེས་ཐིག་ཐ་རྡོག་བྲོ་ཡོད་ལ། ལྷིང་འཇགས་བརྗིད་ཆགས་ལྡན་པའི་དགོན་སྡེ་དང་གནའ་ཉམས་དོད་ཅིང་དྲོ་སྐྱིད་འཛོམས་པའི་འབྲོག་སྡེ་ཡང་ཡོད། འཇིག་རྟེན་ལས་འདས་པའི་མཛེས་ལྗོངས་རེ་རེ་ལོ་རྒྱུས་སྙན་ངག་དང་བསྟོད་གླུའི་ཁྲོད་ནས་མཚར་སྡུག་གི་འོད་ཟེར་རབ་ཏུ་འཕྲོས།།


  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་གྱི་རིག་དངོས་ཀྱི་མཛོད་ཆེན། དངོས་མང་བཤམས་སྟོན་ཁང་།
  • ལེ་ཚན་རྗེས་མ།:བོད་རྒྱ་ཡིག་རིགས་གཉིས་དུས་མཚུངས་སུ་བརྐོས་ཡོད་པའི་བྲག་བརྐོས་ཏེ་བྲག་གཡབ་རི་མདའི་བྲག་བརྐོས།