མཁས་གྲུབ་དང་མིག་དམར་གྱིས། 2017-09-20
གནས་མཆོག་དཀར་མཛེས། མཛེས་པའི་ཁྱིམ་གཞིས།
圣洁甘孜 美丽家园
དཀར་མཛེས་ཁུལ་ནི་སི་ཁྲོན་ཞིང་ཆེན་གྱི་ནུབ་རྒྱུད་དང་མཚོ་བོད་མཐོ་སྒང་གི་ཤར་ལྷོར་གནས་ཤིང་།དམིགས་བསལ་གྱི་ས་གཤིས་ཆ་རྐྱེན་ལ་བརྟེན་ནས་སྐྱེ་ཁམས་ཀྱི་ཁྱད་འཕགས་ཐོན་ཁུངས་ཡོངས་སུ་གྲུབ། ༢༠༡༢ལོའི་ལོ་མཇུག་བར། དཀར་མཛེས་ཁུལ་ལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དྲུག་ཡོད། དེའི་ཁོངས་སུ་སྐྱེ་དངོས་དང་སྲོག་ཆགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་པ་སྟེ། འདི་ན་སྒལ་རུས་ཅན་གྱི་སྲོག་ཆགས་རིགས༤༩༡ཡོད་ཅིང་། དེའི་ནང་གངས་གཟིག་དང་། དོམ་ཁྲ། ཤྭ་སྐྱ། སི་ཁྲོན་སྤྲེལ་སེར། གླག་སེར། བྱ་གོང་མོ་སོགས་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་སྲོག་ཆགས༨༨ཡོད་པ་དང་།
ཤིང་སྣ༡༡༩༢ཡོད་ཅིང་དེའི་ནང་དུ་སེང་གེ་ཤིང་དང་རླན་གསོམ། ཐང་ཤིང་། གསོམ་རིང་། ལེན་ཤང་ཤིང་། ཁམ་དཀར་སོགས་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་སྐྱེ་དངོས་ཡོད། སྨན་དུ་སྤྱོད་ཆོག་པའི་སྐྱེ་དངོས༡༥༣༩ཡོད། (བོད་སྨན་སྐྱེ་དངོས༥༠༠ཡོད)ར་མོ་ཤག་ཆེན་དང་དབྱར་རྩྭ་དགུན་འབུ། སྙི་བ། ལྕ་བ། སྲད་དཀར་སོགས་སྨན་རྫས་རྩ་ཆེན་ཡོད། བཟའ་བྱ་དང་སྨན་སྤྱོད་ཀྱི་ཤ་མོའི་རིགས༣༣༠ཡོད་ཅིང་བེ་ཤ་དང་ཤ་དཀར་སོགས་ཤ་མོའི་རིགས་དཀོན་པོ་ཡོད་པ་རེད།
ཁུལ་ནང་ཁུལ་དུ་གཏེར་རྫས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་ཅིང་། གསེར་དང་དངུལ། ཟངས། ལྕགས། མོལ་རྡོ། ལིས། ཞ་ཉེ། ཏི་ཚ་སོགས་ཀྱི་གཏེར་རྫས་ཡོད་པ་རེད། ཁྱད་འཕགས་ཀྱི་ཆ་རྐྱེན་འཛོམས་ཤིང་ཁྱད་ཆོས་མི་འདྲ་བ་ཡོད་པའི་ཐོན་ཁུངས་ཀྱིས་ཁྲོན་ནུབ་མཐོ་སྒང་གི་སྐྱེ་ཁམས་སྲུང་ཡོལ་གྲུབ་པ་རེད།
སྐྱེ་ཁམས་ཐོན་ཁུངས་ཀུན་གསལ།
生态资源总览
དཀར་མཛེས་ཁུལ་གྱི་ས་ངོས་ཆགས་ཚུལ་ལ་ས་བབ་མཐོ་ཞིང་ལྷོ་དམའ་བ་དང་བྱང་མཐོ་བ། དབུས་འབུར་བ། ཤར་ལྷོའི་ངོས་ཟབ་ཅིང་། རི་ཀླུང་ཚར་དུ་དངར་བ་དང་། ཆུ་བོ་བྱང་ནས་ལྷོར་འཕྲེད་དུ་རྒྱུག་ལ། ས་ཁོངས་ཁྱད་པར་མངོན་གསལ་ཡིན་པ་སོགས་ཀྱི་ཁྱད་ཆོས་ལྡན། ཁུལ་ཡོངས་ཀྱི་ས་ངོས་ཆགས་ཚུལ་དེ་ས་བབ་མཐོ་ཚད་དང་ཆུ་བོའི་བཅད་ཁ་ཟབ་ཚད། ས་ངོས་ཀྱི་ཁྱད་ཆོས་བཅས་ལ་བརྟེན་ནས་ནུབ་བྱང་རི་མ་ཐང་དང་རི་སྒང་ས་ཁུལ་དང་། དབུས་རྒྱུད་རི་སྒང་ས་ཁུལ། མཐོ་སྒང་གྲོག་རོང་ས་ཁུལ་བཅས་ས་ཁུལ་མི་འདྲ་བ་གསུམ་དབྱེ་ཡོད་པ་རེད།
ལངས་གཟུགས་གློག་རྡུལ་བྱེ་གཞུང་།
འབྲི་ཆུའི་སྟོད་རྒྱུད་ཀྱི་མ་ལག་གལ་ཆེན་འབྲི་ཆུ་དང་། ཡན་ལག་ཉག་ཆུ་དང་རྒྱལ་མོ་རྔུལ་ཆུ་ལང་ལོང་ངང་དཀར་མཛེས་ཁུལ་གྱི་ས་གཞི་ཆེན་མོར་རྒྱུ་ཞིང་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་རི་ཀླུང་ཡོངས་སུ་གྲུབ་ཅིང་། དེ་ལ་བརྟེན་ནས་དཀར་མཛེས་ཁུལ་ལ་གངས་དཀར་རི་བོའི་རང་བྱུང་སྲུང་སྐྱོང་ཁུལ་དང་ཚ་ཆེན་སུམ་མདོའི་རང་བྱུང་སྲུང་སྐྱོང་ཁུལ། མཚོ་ལའི་རང་བྱུང་སྲུང་སྐྱོང་ཁུལ། ཉི་སྟེན་རང་བྱུང་སྲུང་སྐྱོང་ཁུལ། ཁྲོམ་གཟའ་འགབ་མའི་རང་བྱུང་སྲུང་སྐྱོང་ཁུལ། དགེ་བཤེས་ལུང་པའི་རང་བྱུང་སྲུང་སྐྱོང་ཁུལ་བཅས་རྒྱལ་ཁབ་རིམ་པའི་རང་སྐྱོང་སྲུང་སྐྱོང་ཁུལ་དྲུག་ཆགས་པ་རེད། དེ་མིན་མཛེས་སྡུག་ལྟ་བས་མི་ངོམས་པའི་རྩྭ་ཐང་ཆེན་པོ་དང་མུ་ཏིག་ཐང་ལ་ཟགས་པ་ལྟ་བུའི་མཐོ་སྒང་གི་མཚེའུ། དེ་བཞིན་རང་བྱུང་ཆུ་ཚན་གྱི་ཐོན་ཁུངས་སོགས་དུ་མ་མཆིས། ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པས་དཀར་མཛེས་ཁུལ་ནི་འཛམ་གླིང་མི་ཀུན་གྱིས་ཡིད་སྨོན་འཆོར་ཡུལ་གྱི་གནས་མཆོག་ཏུ་གྱུར།
ཕུན་སུམ་ཚོགས་པའི་སྐྱེ་ཁམས་ཐོན་ཁུངས།
丰富的生态资源
དཀར་མཛེས་ཁུལ་གྱི་མངའ་ཁོངས་ཀྱི་རྒྱ་ཁྱོན་ནི་སྤྱི་ལེ་གྲུ་བཞི་མ་ཁྲི༡༥.༢༦ཡོད་པ་རེད། ཡངས་ཤིང་རྒྱ་ཆེ་བའི་ས་གཞི་འདིར་ཆུ་ནུས་དང་གཏེར་ཁ། ས་ཞིང་། སྐྱེ་དངོས། སྲོག་ཆགས་བཅས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་རེད། ས་ཆ་འདིར་ཡིད་དབང་རབ་ཏུ་འཕྲོག་པའི་མཛེས་ལྗོངས་དང་ཕུན་སུམ་ཚོགས་པའི་ཐོན་ཁུངས་འཛོམས་པར་མ་ཟད། རང་བྱུང་ཁམས་དང་མིའི་བར་ཞི་མཐུན་མཉམ་གནས་ཡིན་པའི་རྐྱེན་གྱིས་དཀར་མཛེས་ཁུལ་གྱི་སྐྱེ་ཁམས་ཐོན་ཁུངས་ཕུན་སུམ་ཚོགས་པར་གྲུབ་ཅིང་འཛམ་གླིང་གི་མི་རིག་སྐྱེ་ཁམས་ཡུལ་སྐོར་གྱི་ཡིད་བཞིན་གནས་མཆོག་ཏུ་གྱུར།
རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དྲུག
ཆུ་ནུས་ཐོན་ཁུངས།
水能资源
དཀར་མཛེས་ཁུལ་གྱི་ས་ཆ་ཡོངས་སུ་ཆུ་བོ་ཆེ་ཆུང་མང་པོས་ཁེབས་ཤིང་། འབྲི་ཆུ་དང་ཉག་ཆུ། རྒྱལ་མོ་རྔུལ་ཆུ་བཅས་ཆུ་བོ་ཆེན་པོ་གསུམ་ནུབ་ནས་ཤར་དུ་གྲལ་བསྟར་བསྒྲིགས་ཤིང་། བྱང་ནས་ལྷོ་རུ་དཀར་མཛེས་ཁུལ་གྱི་ནུབ་རྒྱུད་དང་དབུས་རྒྱུད། ཤར་རྒྱུད་བཅས་ཀྱི་གཞུང་དཀྱིལ་དུ་རྒྱུག དེ་དག་གི་ཡན་ལག་འབབ་རྒྱུད་སྟོང་ཕྲག་ལས་བརྒལ་བ་ཁུལ་ཡོངས་ཀྱི་ས་གནས་ཁག་ཏུ་སྐར་ཚོགས་བཀྲམ་པ་བཞིན་ཁྱབ་པར་མ་ཟད། དེ་དག་གིས་གཙོ་བོར་བྱས་པའི་ཁུལ་ནང་གི་རང་བྱུང་ཆུ་བོ་ཆེན་པོ་གསུམ་གྱི་མ་ལག་ཆགས། རྒྱལ་མོ་རྔུལ་ཆུ་དང་འབྲི་ཆུ། ཉག་ཆུ་བཅས་ཀྱི་མ་ལག་ཁུལ་ཁོངས་སུ་བཞུར་ཚད་སྤྱི་ལེ༡༧༣༩ཡོད་ཅིང་། ཡན་ལག་ཆུ་རྒྱུན་གྱི་འབབ་རྒྱུད་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི༡༥ལ་ཟིན་པ་རེད། ཆུ་ནུས་བསགས་ཚད་སྟོང་ཝ་ཁྲི༣༧༣༡.༤ཡིན་ཞིང་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ས་གནས། ཁུལ་བཅས་ཀྱི་ཨང་དང་པོ་ཡིན།།
སྐྱེ་ཁམས་ཡུལ་སྐོར་ཐོན་ཁུངས།
生态旅游资源
དཀར་མཛེས་ཁུལ་གྱི་ས་ཁོངས་རྒྱ་ཆེ་བ་དང་ཡུལ་ལྗོངས་མཛེས་པ། ཐོན་ཁུངས་ཕུན་སུམ་ཚོགས་པ། རིག་གནས་གཏིང་ཟབ་པོ་བཅས་ཡིན་ཞིང་། དཔའ་བོ་གླིང་གེ་སར་གྱི་ལོ་རྒྱུས་སྙན་ངག་དང་དར་མདོའི་མཛའ་གཞས་འབྱུང་སའི་བཀྲ་ཤིས་གཡང་ཆགས་ཀྱི་ས་ཆ་ཞིག་ཡིན་ལ། འཛམ་གླིང་མི་རིག་སྐྱེ་ཁམས་ཡུལ་སྐོར་བྱེད་ཡུལ་ཡང་ཡིན། དུས་རབས་བཅོ་བརྒྱད་པའི་དུས་དཀྱིལ་ནས་དུས་རབས་བཅུ་དགུ་པའི་འགོར། ཝེ་ཨེར་ཞུན་དང་། ལོ་ཁེ། ཀྲན་མུའུ་སི་ཤེ་ཨེར་ཏུན་སོགས་ནུབ་ཕྱོགས་ཀྱི་མྱུར་དཔྱད་པ་དང་ཆོས་སྤེལ་བ། རྩོམ་པ་པོ་བཅས་ས་ཆ་འདིར་ཡོང་ནས་གངས་ཅན་དག་ཞིང་གི་ངོ་མཚར་དང་མཛེས་སྡུག་འཛམ་བུ་གླིང་ལ་ངོ་སྤྲོད་ཞིབ་ཅིང་ཕྲ་བ་བྱས་པས་ས་ཆ་འདི་ཤམ་བྷ་ལའི་ལྟེ་གནས་ས་ཁུལ་དུ་གྱུར་པ་རེད།།
རྩོམ་གསར། 10