གངས་ཅན་པ་སྒྲོལ་མ་སྐྱབས།

        2010-09-01

    གངས་ཅན་པ་ཞེས་པའི་གཞས་ཤིག་གིས་བོད་ཡུལ་ཆོལ་གསུམ་ཞིང་གི་རྒྱ་ཆེའི་ཉན་མཁན་དང་ལྟ་མཁན་རྣམས་ལ་བག་ཆགས་ཟབ་མོ་བཞག་མྱོང་པའི་གླུ་བ་སྒྲོལ་མ་སྐྱབས་ཀྱིས་ལོ་ངོ་གཉིས་ལྷག་རིང་གི་རྔུལ་ཁྲག་གི་འབད་རྩོལ་ལ་བརྟེན་ནས་ལེགས་འགྲུབ་བྱས་པའི་ཡུམ་སྐད་རྐྱང་རྐྱང་གི་ཆེད་སྒྲིག་བརྙན་འཁོར་རྩམ་པ¡¤ཕ་ཡུལ་ཞེས་པའི་འགྲེམ་སྤེལ་མཛད་སྒོ2009ལོའི་ཟླ1པོའི་ཚེས10ཉིན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་ནས་བསྡུ་རྒྱུ་རེད།
     རྩམ་པ¡¤ཕ་ཡུལ་ཞེས་པའི་ཆེད་སྒྲིག་བརྙན་འཁོར་འདིའི་ནང་གི་གཞས་མང་ཤོས་ཀྱི་གཞས་ཚིག་སྒྱུ་རྩལ་པ་སྨན་བླ་སྐྱབས་དང་ན་གཞོན་རྩོམ་པ་པོ་ཅོ་ནེ་ཡུམ་ཚེ་རིང་གཉིས་ཀྱིས་བརྩམས་པ་དང་དབྱངས་རྟ་ཡོད་ཚད་ནི་སྒྲོལ་མ་སྐྱབས་རང་ཉིད་ཀྱིས་བརྩམས་པ་རེད། གཞས་ཚིག་བརྩམས་ཆོས་དག་གི་ནང་དོན་རྒྱ་ཆེ་ཞིང་གཏིང་ཟབ་པར་མ་ཟད། དེ་ལས་གསར་བྱུང་གི་ནང་དོན་ལ་རྩམ་པ་དང་བོད་ཀྱི་གྲྭ་པ་སོགས་ནི་སྔོན་ཆད་གཞས་ཚིག་གང་རུང་ལས་དམིགས་སུ་ཐོན་མེད་པའི་ཐ་སྙད་ནང་དོན་གསར་པ་རེད། གཞས་པ་སྒྲོལ་མ་སྐྱབས་ལ་གཞས་ཀྱི་ཆེད་དུ་གཞས་ལེན་མཁན་གྱི་སྤྱིར་བཏང་གི་གཞས་པ་དག་དང་བསྡུར་ན་དམིགས་བསལ་གྱི་ཆ་ཞིག་ཡོད་པ་ནི་མ་ལག་ཆ་ཚང་གི་རིག་གནས་སློབ་གསོའི་ཁོར་ཡུག་ཅིག་གི་ཤུགས་རྐྱེན་འོག ཚེ་སྲོག་ལྟ་བུའི་དབྱངས་རྟ་དེའི་འགྱུར་ཁུགས་རེ་རེ་ནས་ང་ཚོས་ཁོའི་སྒྱུ་རྩལ་འཚོལ་སྙེག་གི་དད་འདུན་རྣམ་དག་དང་མི་རིགས་ཤིག་གི་དུས་གསུམ་གང་རུང་ལ་བཞག་པའི་སེམས་ཁྲལ་ལྕི་མོའི་ཕྱི་མིག་དེ་མཐོང་ཐུབ། ཁོའི་ཆེད་སྒྲིག་བརྙན་འཁོར་འདིའི་ནང་བོད་ཀྱི་རོལ་མོ་དང་གླུ་གར་ཟུང་འཇུག་གི་སེམས་ཁོང་གི་མར་མེ་དང་བོད་ཀྱི་རོལ་མོ་དང་རྒྱ་གར་གྱི་རོལ་མོ་ཟུང་འཇུག་གི་བུ་མོའི་རྒྱན་ཆ། བོད་ཀྱི་དམངས་ཁྲོད་ཀྱི་དབྱངས་རྟ་དང་དེང་རབས་རོལ་མོ་གཉིས་ཟུང་འཇུག་གི་བརྗེད་མི་སྲིད་པའི་ཁྱེད་བཅས་གཞས་རེ་རེའི་ཁྱད་ཆོས་ལ་རང་ཚུགས་དོད་ཅིང་དེའི་ཁར་གཞས་པ་སྒྲོལ་མ་སྐྱབས་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ངག་སྒོ་དེའི་ཞུན་བརྡར་བརྒྱུད་པའི་རྩམ་པ¡¤ཕ་ཡུལ་ཞེས་པའི་བརྙན་འཁོར་དེས་ཁྱེད་ཅག་ཡང་བསྐྱར་བརྗེད་ཐབས་སྐལ་པའི་བག་ཆགས་ཤིག་འཇོག་པར་གདོན་མི་ཟ། བརྙན་འཁོར་དེ་དངོས་སུ་ཚོང་རར་བཀྲམ་རྗེས་པོ་ཏ་ལ་ཚོང་ཁྲོམ་བརྒྱུད་ནས་འཚོང་མགོ་བརྩམ་རྒྱུ་རེད།
  • ལེ་ཚན་སྔོན་མ།:གླུ་མ་བསོད་ནམས་ཆོས་སྒྲོན་གྱི་གནས་ཚུལ་མདོར་བཀོད།
  • ལེ་ཚན་རྗེས་མ།:བོད་ཀྱི་རྡུང་ལེན་པ་རྡོ་རེད་ངོ་སྤྲོད་མདོར་བསྡུས།
  • དོ་སྣང་ཆེ་བའི་རྩོམ།