གངས་ལྗོངས་ཚིག་མཛོད་ཆེན་མོ།༼ ཨ ༽(4)
ཐུབ་བསྟན་ཕུན་ཚོགས་ཀྱིས་གཙོ་སྒྲིག་བྱས། 2012-05-31
ཨན་ཆུང་གནམ་རྫོང་། དེང་སང་གཅན་ཚ་རྫོང་ཁོངས་སྔོན་མཁས་པ་མི་གསུམ་གྱི་སྒྲུབ་ཕུག་ཡོད་སའི་ས་གནས།
ཨན་ཇ་དགོན་པ། ཡན་ཇ་རི་ཁྲོད། རབ་བྱུང་གསུམ་་པའི་མེ་ལུག་སྤྱི་ལོ༡༧༨༧ལོར་སྤྲུལ་སྐུ་ཨན་ཇས་ཕྱག་བཏབ། གྲུབ་མཐའ་དགེ་ལུགས་ཡིན་ད་ལྟ་མཚོ་ཤར་ཙོང་ཁ་རྫོང་ཁོངས་སུ་ཡོད་
ཨན་ཏ་སྠ། 〔ལེགས〕 མཐར་གནས་ཡི་གེ་བཞི་སྟེ་ཡ་ར་ལ་ཝ། ཡ་ར་ལ་ཝ།
ཨན་ཏར། ཨན་རྡར་དང་འདྲ།
ཨན་སྟོང་། མགྲིན་པ་ཨེན་ཙམ་སྒུར་བའི་ཚེ་སྒལ་ཚིགས་འབུར་པོ་ཞིག་འབྱུང་བས་དེ་ལའོ།
ཨན་སྟོང་ཚིགས་པ་དང་པོ། མགོ་བོ་སྒུར་བའི་ཚེ་མཇིང་པར་རུས་པ་འབུར་པོ་ཞིག་འབྱུང་བས་དེ་ལ་ཨན་སྟོང་དང་། དེའི་འོག་གི་ཚིགས་དེ་ལ་ཚིགས་པ་དང་པོ་ཞེས་དེ་གཉིས་ཐ་དད་དུ་བཞེད་པའི་ལུགས་ཤིག་དང་། ཨན་སྟོང་དང་ཚིགས་པ་དང་པོ་གཉིས་གཞི་གཅིག་ཏུ་དྲིལ་ནས་མགོ་སྒུར་བའི་ཚེ་རུས་པ་འབུར་པོར་ཐོན་པ་དེར་བཞེད་པའི་ལུགས་ཤིག་དང་གཉིས་མཆིས་ཏེ། དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱི་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། ཨན་སྟོང་ཚིགས་པ་དང་པོ་ནི། ཟུར་ལུགས་དག་ནི་མགོ་སྒུར་བའི་ཚེ་རུས་པ་འབུར་པོ་ཞིག་འབྱུང་བས་དེ་ལ་ཨན་སྟོང་དང་། དེའི་འོག་གི་སྒལ་ཚིགས་ལ་ཚིགས་པ་དང་པོ་ཞེས་འདོད་པ་དང་། བྱང་ལུགས་དག་ནི་ཨན་སྟོང་ཞེས་པའི་སྒྲ་དེ་ནི་སྒལ་ཚིགས་ཀྱི་བར་སྟོང་གི་སྤྱི་མིང་ཡིན་པས་མགོ་སྒུར་བའི་ཚེ་འབུར་དུ་ཐོན་པའི་རུས་པ་དེ་ལ་ཚིགས་པ་དང་པོ་ཞེས་འདོད་ཅིང་། མེ་བཙའ་འཛེག་སྐབས་ཀྱང་ཟུར་ལུགས་རྣམས་ནས་སྒལ་ཚིགས་མཁར་གྱི་རུས་པ་འབུར་པོའི་སྟེང་དུ་བཞག་པ་དང་། བྱང་ལུགས་རྣམས་ནས་སྒལ་ཚིགས་ཀྱི་མཁར་མཚམས་རུས་པ་ཉག་ཉག་དེ་རུ་བཞག་པའི་སྲོལ་ཡང་མཆིས་སོ། ཞེས་གསུངས་པ་ལྟར་རོ།
ཨན་གཏད། སྔ་དུས་ཤིང་ལས་བཟོས་པའི་རྐང་པ་འཆིང་བྱེད་ཀྱི་བཙོན་ཆས་ཤིག
ཨན་ད་རྙིལ། རྡོ་ནོར་བུའི་རིགས་སྔོན་པོ་ཞིག
ཨན་དར། ཨན་རྡར་དང་འདྲ།
ཨན་རྡར། 〔ཡུལ〕 ① ཤ་སོགས་གཏུབ་སའི་ཤིང་ལེབ། ②མཆོད་གཏོར་སྒྲིག་སའི་ཤིང་ལེབ།
ཨན་གདོས། ཁྲིམས་བྱད་ཀྱི་བྱེ་བྲག ལག་པ་འཛིན་བྱེད།
ཨན་འདར། ཟས་ལས་སའི་ཤིང་ལེབ་ཀྱི་མིང་།
ཨན་འདར་ཆ་གནང་ནང་དགོན་པ། ཨ་ཀྱ་ངག་བསོད་ཀྱིས་ཕྱག་བཏབ། ད་ལྟ་མཚོ་ཤར་བ་ཡན་རྫོང་ཁོགས་སུ་ཡོད།
ཨན་པང་། འང་པན་དང་འདྲ།
ཨན་བན། རྒྱ་ནག་མན་ཇུ་གོང་མས་ས་གནས་ཁག་དང་ཞིང་ཆེན་ཁག་ཏུ་ཆེད་མངགས་ཀྱིས་ལས་དོན་སྒྲུབ་པར་བཏང་བའི་སྐུ་ཚབ་བློན་ཆེན་ཞིག ཆིང་རྒྱལ་རབས་ཀྱི་གོང་མ་ཡུང་ཀྲེང་ཁྲི་ལོ་དང་པོ་ཆུ་ཡོས་སྤྱི་ལོ༡༧༢༣ལོར་མཚོ་སྔོན་གྱི་དཔོན་རིགས་ཆིང་ཝང་བསྟན་འཛིན་ནས་ངོ་ལོག་ཟིང་འཁྲུག་བསླངས་པར་བརྟེན་དམག་དཔུང་བཏང་ནས་ལྷིང་འཇགས་བྱས་རྗེས། ཡུང་ཀྲེང་ཁྲི་ལོ་གསུམ་པ་མེ་རྟ་སྤྱི་ལོ༡༧༢༦ལོར་མཚོ་སྔོན་ཞིང་ཆེན་དུ་གོང་མའི་སྐུ་ཚབ་ཨམ་བན་གཏོང་འགོ་ཚུགས་ཤིང་། ཡུང་ཀྲེང་ཁྲི་ལོ་ལྔ་པ་མེ་ལུག་སྤྱི་ལོ༡༧༢༧ལོར། བོད་ས་གནས་ཀྱི་བཀའ་བློན་ང་ཕོད་པ་དང་། ལུམ་པ་བ། སྦྱར་ར་བ་གསུམ་གྱིས་བཀའ་བློན་དའི་ཆིང་སྦ་དུར་དམར་གསོད་བཏང་ནས་ཟིང་འཁྲུག་བསླང་རྐྱེན། བོད་ས་གནས་སུ་གོང་མའི་སྐུ་ཚབ་ཨབ་བན་རྒྱུན་སྡོད་བྱེད་པའི་འགོ་ཚུགས། རབ་བྱུང་བཅོ་ལྔ་པའི་ཆུ་བྱི་སྤྱི་ལོ༡༩༡༢ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་རྒྱ་གར་ནས་ཕྱིར་ལོག་ཕེབས་རྗེས་བོད་ས་གནས་སུ་ཨམ་བན་སྡོད་མི་དགོས་པར་ཕྱིར་འཐེན་བྱས་པའོ།
ཨན་ཚིགས། རྒྱབ་རུས་དང་པོའི་ཚིགས།
ཨན་ལ། ལ་ཞིགབོད་རང་སྐྱོང་ལྗོངས་ཀྱི་རུ་ཐོག་རྫོང་གི་ནུབ་རྒྱུད་དུ་ཡོད། མཐོ་ཚད་རྒྱ་མཚོའི་ངོས་ནས་སྨི༥༣༡༦ཡོད།
ཨབ། ལྭ་བ་སོགས་ཚེམ་སྐབས་ཐོག་མར་སྐུད་ཚིགས་རིང་བོ་བྱས་ནས་རགས་ཙམ་བཙེམས་ནས་མི་འཆོལ་བར་བྱེད་ཐབས་ཀྱི་མིང་།
ཨབ་ཅོར། གནས་སྐོར་བ། ཨབ་ཅོར་ལ་ཡ་ང་བ་མ་རེད། རྡོག་ཁྲེས་ལ་ཤ་ཚ་བ་རེད།
ཨབ་ཏང་། 〔ཡུལ〕 སྦེ་ཀ ཨབ་ཏང་འཆང་། མི་གཉིས་ཨབ་ཏང་ཚད་པ།
ཨབ་བཏབ་པ། 〔ཡུལ〕གཞན་ནོར་ཧམ་པས་བླངས་པ།
ཨབ་རྟ། ཨ་བྲའི་རྟ་བྱིའི་ཞིག་སྟེ། ཨ་བྲ་དང་མཉམ་དུ་སྡོད་པའི་བྱིའུ་ཞིག
ཨབ་པ། 〔ཡུལ〕 ① ཧམ་སེམས་ཀྱིས་འཕྲོག་པ། རྒྱུ་ནོར་ཨབ་པ། ཨབ་བརྩི་ཁོག་བཅུགདབང་ཆ་ཨབ་པ། ②གྲང་བས་འཁོབ་བ། ལག་ཁ་འཁྱགས་ནས་ཨབ་སོང་།
ཨབ་ཡག 〔ཡུལ〕 ཆུ་འཁོར་གྱི་སྟེང་དུ་བསྒར་ནས་རྩམ་པ་འཕྱག་བྱེད་ཀྱི་ཤིང་།
ཨབ་ར། ཙི་ཙིའི་བྱེ་བྲག་ཅིག
ཨབ་རིལ། 〔ཡུལ〕 ཟོང་མིན་སྨར། གསེར་དངུལ་ཨབ་རིལ་མཛོད་དུ་སྦས།
ཨམ་ཀྲོང་། 〔ཡུལ〕 ① ཀོང་པོའི་ཤ་ཁྱི། ②ཨ་མཆོག་ཀྲོང་ཀྲོང་། ③ རེ་བ། སྟོང་བསམ་གྱི་ཨམ་ཀྲོང་མ་བྱེད།
ཨམ་ཁྲལ། སྔར་བོད་སྡེ་པ་གཞུང་སྐབས་བོད་འབྲོག་ཕྱུགས་རིགས་སྤྱིའི་ཨ་མཆོག་གི་གྲངས་འབོར་ལ་གཞིགས་ནས་བཀལ་བའི་ཁྲལ་ལུགས་ཤིག
ཨམ་གུག རྣ་གཤོག་གི་རྩེ་མོ་མར་གུག་པ།
ཨམ་ཅོག 〔ཡུལ〕 རྣ་ཅོག་གི་དོན།
ཨམ་ཆས། ཨ་མདོའི་གྱོན་ཆས།
ཨམ་ཆོག 〔ཡུལ〕 རྣ་བ།
ཨམ་མཆོག ཨམ་ཆོག་དང་འདྲ།
ཨམ་བསྙལ། 〔ཡུལ〕 ཨ་མཆོག་རྒྱབ་ཕྱོགས་སུ་བསྙལ་བ་སྟེ་རེ་བ་ཟད་པ། དོན་དེ་ལག་སོན་ཡོང་རྒྱུ་ཨམ་བསྙལ་རེད།
ཨམ་ཐེར་ར། 〔ཡུལ〕 ཨ་མཆོག་གི་དབྱིབས་ཐེར་ཐེར་ཅན་ལ་སྨོད་ཚིགདགྲ་བོ་ཨམ་ཐེར་ར་ཚབ་ཚུབ་བྱས་ནས་བྲོས་སོང་།
ཨམ་རྡུམ། རྣ་བ་ཐུང་ཐུང་།
ཨམ་གནོན། 〔ཡུལ〕 ལྷམ་གྱི་ནང་མཐར་གནོན་བྱེད་སྣམ་བུ།
ཨམ་ཕོའི་ཆས། ཨ་མདོའི་ས་ཁུལ་གྱི་སྐྱེས་པའི་གྱོན་ཆས།
ཨམ་ཕྲག ལྟོ་བའི་ཐད་ཀྱི་གོས་ལྟེབས་བར་སྲུབ། ཅ་ལག་ཆང་ཆུང་ཨམ་ཕྲག་ཏུ་བསྡུ་བ། སྟོད་གོས་ཨམ་ཕྲག་མེད་པ། སྟོད་གོས་ཨམ་ཕྲག་ཡོད་པ། ཨམ་ཕྲག་ནང་ལ་གང་ཡོད་མཛོག་མགོས་ཤེས།
ཨམ་ཕྲག་ལག་རྒྱུས། རུས་ནང་གང་ཡོད་ལག་པར་རྒྱུས་ཡོད་པ་སྟེ་རང་རྒྱུས་རང་ལ་ཡོད་པའི་དཔེ། རང་གི་གནས་ཚུལ་ཚང་མ་བློ་མངའ་སེམས་གསལ་ཨམ་ཕྲག་ལག་རྒྱུས་རེད།
ཨམ་བན། སྔར་མན་ཇུ་གོང་མའི་སྐབས་བོད་བཞུགས་སྐུ་ཚབ། བོད་བཞུགས་ཨམ་བན་ལ་ལྟོས།
ཨམ་འབྱར། རྣ་གཤོག་མགོ་ལ་འབྱར་བའི་མི་ལ་སྨོད་ཚིག
ཨམ་གཙིགས། ལུས་ཀྱི་རྩོལ་བ་ཤུགས་ཆེན་སྒྲིམ་པ་དང་། སེམས་ཧ་ཅང་ཁྲོས་པའི་སྐབས་སུ་འབྱུང་བའི་རྣམ་འགྱུར་ཞིག་སྟེ། ཡ་སོས་མ་མཆུ་མནན་ནས་ཁ་འཐམ་པའི་རྣམ་འགྱུར། ཨམ་གཙིགས་བསྡམས་ནས་ཁུར་ཆེན་དཔུང་པར་འདེགས་པ། ཨམ་གཅིག་བསྡམས་པས་དགྲ་བོ་དང་འཐབ་པ།
ཨམ་གཙིགས་ཁོག་བཅུག བསམ་དོན་ཁོག་ཏུ་སྦས་ཏེ་མ་བཤད་པ། དགྲ་ཤ་ཆེན་པོ་ཨམ་གཙིགས་ཁོག་བཅུག རྒྱལ་པོ་དེ་ཁྲོ་ཞིང་གཏུམ་ལ་སྙིང་རྗེ་མེད་སྟབས་མི་སེར་ཨམ་གཙིགས་ཁོག་བཅུག་བྱས་ནས་བསྡད་པ།
ཨམ་གཙིགས་བསྡམས། འདི་ཁོང་ཁྲོ་ཟ་བའི་རྣམ་འགྱུར། ཡ་སོས་མ་མཆུ་མནན་པ་ལ་ཟེར།
ཨམ་རལ། རྣ་ཤལ་གྱི་མིག་ཁུང་མཚམས་ནས་རལ་བ།
ཨམ་རུ། 〔ཡུལ〕 རྣ་སྐྱག
ཨམ་ལུག རྣ་རྩེ་མར་འཕྱང་བ། ཤ་ཁྱི་ཨམ་ལུག་ཅིག་འདུགརྟ་དེ་མ་གཞི་ཡག་པོ་འདུག་ཀྱང་། ཨམ་ལུག་རེད།
ཨརྫ་ཀ 〔ལེགས〕 ① མེ་ཏོག་ལྕམ་པའམ་ཉི་དགའི་འབྲས་བུ། ②སྲིན་བལ།
ཨརྫུ་ན། ཤིང་དུག་མོ་ཉུང་།
ཨའུ། ཕའི་མ་དང་མའི་མ།
ཨའུ་ཙི། 〔ཡུལ〕 རུང་བ་དང་། བཟོད་པ་དང་། ཆོག་པ་དང་། ལས་སླ་བའི་ཕལ་སྐད། བཞོན་རྟ་བྱུང་ན་རླངས་འཁོར་མ་བྱུང་ཡང་ཨའུ་ཙི། ལམ་རོགས་བྱུང་ན་སྐྱེལ་མ་མ་བྱུང་ཡང་ཨའུ་ཙི། སྐུ་གཟུགས་བདེ་པོ་ཡོད་དམ། ལགས་ཨའུ་ཙི་ཡོད། ཨའུ་ཙི་དང་གྲོགས་པོ་བྱས་ན། ཨ་ཁ་ཁ་རྒྱུན་མི་འཆད།
ཨའུ་ཙི་པ། 〔ཡུལ〕 སྐྱོན་མི་ཡོང་བ།
ཨའུ་རྩི། འདི་ལོ་མང་སྐྱེ་བའི་སྔོ་རིགས་ཏེ། ཡལ་ག་མེད་པའི་ངར་པ་ཕྲ་ཞིང་་ལ་རིང་བ། མཐོ་ཚད་0.15~0.4ཙམ་ཟིན་པ། ལོ་མ་ལྗང་འཇམ་སྤུ་སོགས་མེད་པ་སྐུད་དབྱིབས་ཕྲ་ལ་རིང་བ། འགའ་ཞིག་རྩེ་མོ་ཕྱིར་འདྲིལ་བ་ར་མཉེའི་ལོ་མ་འདྲ་བ་མང་ཆེ་བ་ཁ་སྤྲོད་དང་། འགའ་ཞིག་རེས་མོས་སམ་འཁོར་ནས་སྐྱེ་བ། ཟླ་5~7པར་ངར་པའི་རྩེར་ཅོང་དབྱིབས་ཀྱི་མེ་ཏོག་སེར་ལྗང་རྩ་རིས་དང་ཐིག་ལེ་སྨུག་པོ་ཅན་གྱི་འདབ་མ་དྲུག་རེ་ཡོད་པ། ཐུར་དུ་གུག་ནས་འཆར་བ་དང་། ཟླ་བ་8པར་གང་བུ་སྒོང་དབྱིབས་ཟུར་དྲུག་མའི་ནང་འབྲས་བུ་ལེབ་ཞིབ་ཟླ་གམ་མང་དུ་བརྩེགས་པའི་ཕྲེང་བ་དྲུག་རེ་ཡོད་པ་ཞིག་འདོགས་པ། ས་འོག་གི་ངར་པ་དཀར་པོ་གཏིང་རིང་དུ་ཟུག་པའི་སྣེ་མོར། སྙིང་དབྱིབས་ཀྱི་རྩ་བ་དཀར་པོ་ཉིས་འབྱར་ཅན་འདོགས་པ། སྨན་དུ་སྦྱར་བྱ་ནི་རྩ་བ་སྟེ། ཟླ་7~8པར་བརྐོས་ནས་འཕྲལ་དུ་ཉི་སྐམ་དང་ལེགས་ཚགས་བྱ། ནུས་པས་དུག་ཚད་སེལ་ཞིང་རུས་ཆག་སྦྱོར། ཁྱད་པར་གློ་མང་འགོག་པ་དཀའ་བ་དང་། རླུང་གློ་རྒྱུན་དུ་ལུ་བ། ཆམ་ཚད་གྲེ་བར་བབས་པ། གྲེ་བ་འཚང་ཞིང་དབུགས་མི་བདེ་བ། སྐབས་སུ་ཁྲག་ཏུ་ལུ་བ་བཅས་ལ་སྨན་འདི་ཆིག་ཐང་བཏང་བས་འཇོམས་པར་འགྱུར་བ་མྱོང་བས་གྲུབ་པའོ།
ཨའུ་བཞི་དགའ། 〔ཡུལ〕 བཙག་མ་བརྔས་རྗེས་སྙེ་མ་སོགས་སྡུད་བྱེད་ཀྱི་ལག་ཆ་ཞིག
ཨའེ་ལི་ཧྲ་ཕོ་བྲང་། ཧྥ་རན་སིའི་རྒྱལ་ཁང་ཡིན། དེ་ནི་སྤྱི་ལོ་༡༧༡༨ལོར་པ་རིའི་གྲོང་ཁྱེར་གྱི་དཀྱིལ་དབུས་ཡོད་པའི་ཨའེ་ལི་ཧྲ་ལྡུམ་རྭའི་ལམ་ཆེན་གྱི་བྱང་ངོས་སུ་བསྐྲུན་ཡོད།
ཨའེ་སི་ཅི་མོའི་བརྐོས་དཀྲོལ། ཞེས་པ་ནི་ཨའེ་སི་ཅི་མོའི་མི་ནི་བྱང་སྣེའི་གྲང་ངར་ཆེ་བའི་ས་གནས་དང་ཤི་པོ་ལི་ཡ། བྱང་ཨ་མེ་རི་ཀའི་བྱང་ངོས་སོགས་སུ་ཁ་འཐོར་དུ་གནས་པའི་མི་རིགས་ཤིག་ཡིན། ཁོ་ཚོས་རུས་པ་དང་། སྲོག་ཆགས་ཀྱི་སོ། ཤིང་། རྡོ་སོགས་ལ་བརྐོས་དཀྲོལ་བྱས་པའི་འཚོ་བའི་ཉེར་ཆས་དང་། མཆོད་པའི་ཡོ་ཆས་སོགས་ལ་ཨའེ་སི་ཅི་མོ་ཡི་བརྐོས་དཀྲོལ་ཞེས་ཟེར་གྱི་ཡོད།
ཨའེ་ཧྥེར་ལྕགས་ཀྱི་མཆོད་རྟེན། ཞེས་པ་ནི་པཱ་རིའི་ལྕགས་ཀྱི་མཆོད་རྟེན་ཡང་ཟེར། དེ་ནི་ཧྥ་རན་སིའི་གྲགས་ཅན་གྱི་ཨར་སྐྲུན་གྲས་ཤིག་ཡིན། པཱ་རིའི་སའེ་ནཱ་ཆུ་འགྲམ་དུ་གནས་ཡོད། དེའི་མཐོ་ཚད་ལ་སྤྱི་ཁྲེ་སུམ་བརྒྱ་ཡོད་པ་དང་། སྤྱི་ལོ་༡༨༨༩ལོར་ཧྥ་རན་སིར་གསར་བརྗེ་ཆེན་པོ་བྱས་ནས་ལོ་ངོ་བརྒྱ་འཁོར་བའི་རྟེན་འབྲེལ་གྱི་ཆེད་དུ་བསྐྲུན་པ་ཞིག་ཡིན། ཨའོ་ཏ་ལི་ཡའི་ཡི་གེ་མ་བྱུང་གོང་གི་ལོ་རྒྱུས་དུས་སྐབས་ཀྱི་བྲག་ཕུག་ནང་གི་རི་མོ། ཞེས་པ་ནི་འཛམ་བུ་གླིང་ཐོག་ཡི་གེ་བྱུང་གོང་གི་ལོ་རྒྱུས་དུས་སྐབས་ཀྱི་སྒྱུ་རྩལ་དངོས་པོའི་ནོར་མཛོད་ཆེ་ཤོས་དེ་ཡིན། སྒྱུ་རྩལ་དེ་དག་ནི་ཨའོ་ཏ་ལི་ཡའི་གྲུ་དེ་རང་གི་མེས་པོ་ཚོས་བསྐྲུན་པའི་སྒྱུ་རྩལ་གྱི་བརྩམ་བྱ་རྩ་ཆེན་ཞིག་ཡིན།
ཨར། ① ཨ་ག་རུ་ཞེས་པའི་ཚིག་བསྡུས་ནས་འབྲི་ཚུལ། ②ཨར་བོ་ཞེས་པའི་ཚིག་བསྡུས་པ།
ཨར་ཀ ཁང་པར་ཞལ་བ་གཏོང་བྱེད་ཀྱི་ས་མཁྲེགས་པོ་ཞིགཨར་ཀ་གཅོག་པ། ཨར་ཁྲིམས་བསྡམས་པ།
ཨར་ཀའི་མེ་ཏོག སྤྲ་བའི་མེ་ཏོག
ཨར་ཀོང་། 〔ཡུལ〕 སྔར་བོད་ཀྱི་དྲུང་འཁོར་ཚོས་རྒྱ་ལུ་ཆས་སྤྲོས་སྐབས་ཀྱི་ཞྭ་མོ།
ཨར་སྐོན། ཨང་ཀོང་དང་འདྲ།
ཨར་སྐྱ། ཨ་ག་རུའི་རིགས་མདོག་སྐྱ་ལ་གསོབ་པ་ཞིག་སྟེ། རོ་ཁ་ལ་ཅུང་ཚ། ཞུ་རྗེས་སྙོམས། ནུས་པས་སྙིང་རླུང་དང། སྲོག་རླུང་འཇོམས།
ཨར་སྐྲུན་སྒྱུར་རྩལ། ཞེས་པ་ནི་བཟོ་དབྱིབས་སྐྲུན་པའི་སྒྱུར་རྩལ་གྱི་རིགས་ཤིག་ཡིན། དེ་ནི་སོ་ཕག་དང་། ལྕགས་རིགས། ས་རྡོ། ཤིང་ཆ་སོགས་རྒྱུ་ཆ་སྣ་ཚོགས་ལས་གྲུབ་པའི་ཕོ་བྲང་དང་། བསིལ་ཁང་། དགོན་པ། ཟམ་པ། བང་སོ། མཆོད་རྟེན་སོགས་འབུར་བརྙན་གྱི་དངོས་པོ་ཚང་མར་ཨར་སྐྲུན་སྒྱུ་རྩལ་ཟེར་གྱི་ཡོད། དེ་ཡང་དུས་རབས་མི་འདྲ་བ་དང་། མི་རིགས་མི་འདྲ་བ། རྒྱལ་ཁབ་མི་འདྲ་བཅས་ཀྱི་རིག་གནས་ཀྱི་ཁྱད་ཆོས་མཚོན་ཐུབ་ཀྱི་ཡོད། དཔེར་ན་རྒྱ་ཕིབས་ཆེན་པོ་དང་། ཀ་བ། གཞུ། གདུང་མ་སོགས་ལ་ཚོན་མདངས་རྣམ་པར་བཀྲ་བའི་རྒྱན་རིས་སྣ་ཚོགས་ཀྱི་བརྐོས་བཀྲོལ། རྡོ་ཀརྨ་རུ་པ་སོགས་ཀྱི་རྡོ་སྐས་ཀྱི་སྟེང་དུ་འབྲུག་རིས་བརྐོས་པ་སོགས་ནི་རང་རྒྱལ་གྱི་མི་རིགས་བཟོ་སྐྲུན་གྱི་ཁྱད་ཆོས་ཤིག་ཡིན། དཀྱིལ་འཁོར་དབྱིབས་ཀྱི་ཐོག་ཕིབས་དང་། མདུང་རྩེའི་དབྱིབས་ཀྱི་ཐོག་ཕིབས། དེ་བཞིན་རྒྱ་རྡོའི་ཀ་བ་དང་སྒོ་འཕྱོར་སོགས་ནི་ནུབ་ཕྱོགས་བཟོ་སྐྲུན་གྱི་ཁྱད་ཆོས་ཤིག་ཡིན་ནོ།
ཨར་ཁང་། ཆང་ཁང་།
ཨར་ཁྲལ། སྔ་དུས་དགོན་པ་ཁག་དང་སྐུ་དྲག་ལ་རང་ཁོངས་མི་སེར་ནས་ཨར་པོ་རྒྱག་རྒྱུའི་ཁྲལ།
ཨར་ག ཨར་ཀ་དང་འདྲ།
ཨར་རྒྱག་གི་འུ་ལག སྔར་བོད་མངའ་བདག་གི་སྡོད་ཁང་ཨར་པོ་རྒྱག་དུས་ཞིང་བྲན་ལ་ཨར་རྒྱུག་འུ་ལག་གི་མི་ཁྲལ་བསྡུ་སྲོལ་ཞིག
ཨར་རྒྱབ་པ། ཨར་པོ་རྒྱག་མཁན་རྣམས་ཀྱི་ལས་རྒྱབ་པ།
ཨར་ལྕུག ལུག་གི་ཐེ་ཤེའི་མིང་གཞན་ཨར་ལྕུག་ཟེར། རྩེད་མོ་རྩེད་སྟངས་ཤིག་སྟེ། ཨར་ལྕུག་གི་མདུན་ཕྱོགས་ཚིགས་མེད་པ་ནི་ར་དང་། རྒྱབ་ཕྱོགས་ཚིགས་ཡོད་པ་ལུག མིའི་རྣ་བའི་དབྱིབས་འདྲ་བ་ནི་རྟ། ལྷམ་གྱི་མཐིལ་འདྲ་བ་ནི་བོང་བུ་ཡིན་ཞེས་མིང་འདོགས་སྲོལ་ཡོད།
ཨར་ཆོར། 〔སོག〕 གདོང་འཕྱིད་རས།
ཨར་ཇག ཡུལ་ཁམས་བསྐོར་ནས་རྐུ་བྱེད་མཁན་དང་འཕྲོག་བཅོམ་བྱེད་མཁན་ཐག་པ། རྒྱུ་ནོར་མི་ཕྱུགས་ལ་ཨར་ཐག་འཕྲོག་རྡུང་བྱེད་པ།
ཨར་ཉི་གྷ། ཞེས་པ་ནི་བལ་ཡུལ་གྱི་ཨར་སྐྲུན་དགེ་རྒན་དང་འབུར་བརྙན་མཁས་པ། བཟོ་རྩལ་མཁས་པ་བཅས་ཡིན་སྤྱི་ལོ་༡༢༦༠ལོར་ས་སྐྱ་ནས་གདན་ཞུས་ལྟར་བོད་དུ་བྱོན་ནས་གསེར་གྱི་མཆོད་རྟེན་བཞེངས་པ་དང་། དེ་རྗེས་པེ་ཅིང་དང་ཁའེ་པིང་སོགས་ལ་གདན་དྲངས་ཏེ་ནང་སའི་དགོན་པ་ཁག་ཏུ་སྐུ་བརྙན་མང་པོ་བཞེངས་ཡོད་པ་དེ་དག་ལ་ཉམས་འགྱུར་དམིགས་བསལ་ལྡན་ཡོད་པས། ཡོན་རྒྱལ་རབས་སྐབས་ཀྱི་འབུར་བརྙན་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཡོད།
ཨར་གཏད། ནན་ལ་གཏད་པའམ། གནད་ལ་བཀར་བའི་དོན། འཐུས་ཤོར་མི་ཡོང་བའི་ཨར་གཏད་བྱེད་པ། གཙོ་ཆེའི་དགོངས་དོན་ཨར་ལ་གཏད་པ།
ཨར་བརྟེན། འགན་བཟོད་པའམ། ཕུགས་ཐུབ་པ། དུས་ཡུན་རིང་པོ་ཨར་བརྟེན་ཐུབ་པ། གཟུགས་པོར་ཨར་བརྟེན་ཐུབ་པ། གཟུགས་པོས་ཨར་བརྟེན་གྱི་མ་རེད།
ཨར་བཏགས། མི་གཉིས་ཀྱིས་གཅིག་གཡས་དང་གཅིག་གཡོན་ནས་བཀྱགས་ཕྱིན་པར་ཟེར། དཔེར་ན། འདི་ངས་འཁོག་ས་མ་རེད་ང་གཉིས་ཨར་བཏགས་གཱ་ཞེས་པའི་དོན་ནོ།
ཨར་ཐ་མི་རའི་བྲག་ཕུག་གི་ལྡེབས་རིས། ཞེས་པ་ནི་མིའི་རིགས་ཀྱི་རྡོ་ཆས་རྙིང་མའི་དུས་མཇུག་སྐབས་ཀྱི་རི་མོའི་ཤུལ་བཞག་གྲགས་ཅན་ཞིག་ཡིན། དེར་ཉུང་ཤོས་ལ་ལོ་ངོ་ཆིག་ཁྲི་ཡན་གྱི་ལོ་རྒྱུས་ལྡན་ཡོད་པ་ཡིན། དེ་ནི་དུས་རབས་བཅུ་དགུའི་ལོ་རབས་བདུན་ཅུའི་ནང་སི་པན་ཡའི་བྱང་ངོས་ཀྱི་ཨར་ཐ་མི་རའི་བྲག་ཕུག་གི་ནང་ཡོད་པ་རྙེད་སོན་བྱུང་།
ཨར་འདམ། ཨར་ཀའི་འདམ་བག
ཨར་ནག ① འདི་ནི་ཨ་ཤེ་ལ་གླིང་གི་ཚ་བ་ཆེ་བའི་ས་ཁུལ་གྱི་རྒྱ་གར་དང་། ཧིན་རྡུ་ཉི་ཞི་ཡ། མ་ལེ་ཤིས་ཡ། ཡོན་ནན། འབར་མ་སོགས་སུ་སྐྱེ་བ་དང་། ཐའེ་ཝན་དུ་ཐར་ཐོར་འཛུགས་ཀྱི་ཡོད། རྒྱུན་ལྗང་ཤིང་སྡོང་མཐོ་ཚད་སྨི་30ཙམ་ཟིན་པ་དང་། ལོ་མ་མཇུག་འཇམ་ལྗང་ནག་རེས་མོས་སྐྱེ་བ། མེ་ཏོག་དཀར་པོ་འདབ་མ་ལྔ་ཅན་དྲུག་བདུན་ཙམ་གདུག་རྩིབ་ལྟར་བཞད་པ། འབྲས་བུ་སྒོང་དབྱིབས་སྤུ་འཇམ་སྐྱ་བོ་ཅན་འདོགས་པ་ཞིག་གོསྨན་དུ་སྦྱར་བྱ་ནི་དེའི་སྡོང་པོ། ②ཨ་ག་རུ་ནག་པོ་ཞེས་པའི་ཚིག་བསྡུས་ནས་འབྲི་སྲོལ་ཞིག་སྟེ། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་གསོ་རིག་སྐོར་གྱི་མིང་ཚིག་ཉེར་འཁོའི་དོན། གསལ་ལས། ཨ་གར་ནག་དང་ག་བུར་ནག ཚིག་བསྡུས་ཨར་ནག་གར་ནག་ཅེས། མཁས་པའི་འབྲི་སྲོལ་ཤེས་པར་བྱ། ཞེས་གསུངས་པ་ལྟར་རོ།
ཨར་པ། ① ཇག་པ། ཨར་སྤྱོད། ②ཆང་པ།
ཨར་པོ། ས་རྡོའི་ལས་ཀ ཨར་པོ་རྒྱག་པ། ཨར་པོ་རྒྱུག
ཨར་པོ་བ། ཁང་པོ་སོགས་གསར་རྒྱག་བྱེད་སྐབས་ས་རྡོ་འོར་འདྲེན་བྱེད་མཁན།
ཨར་པོའི་དོ་དམ། སྔར་གཞུང་གི་ཨར་པོ་རྒྱག་རྒྱུ་དང་འགྲོ་གྲོན་གཏོང་མཁན་འགོ་ཁྲིད།
ཨར་པོའི་ལས་ཁུངས། དེ་སྔ་བོད་སྡེ་པ་གཞུང་སྐབས་ཀྱི་ལས་ཁུངས་ཤིག་སྟེ། གཏན་འཇགས་ཨར་པོའི་ལས་ཁུངས་སུ་དོ་དམ་ཛ་མཁན་གཉིས་དང་། གནས་ལྔ་པའི་ལས་ཚན་སེར་སྐྱ་གཉིས། ལས་བྱ་སེར་སྐྱ་བཞི། ཕྱོགས་འགྲོའི་གཉེར་ནང་བརྒྱད་བཅས་ཡོད། དེའི་གཙོ་བོའི་ལས་འགན་ནི། རྩེ་ཕོ་བྲང་གིས་གཙོས་ཕོ་བྲང་ཡས་མས་དང་། གཙུག་ལག་ཁང་། ར་ཆེ་སོགས་ལྷ་ཁང་ཁག་གཞན་ཡང་དམག་སྒར། སྨན་རྩིས་ཁང་སོགས་གཞུང་ཁང་གང་ཡོད་ལ་ལོ་ལྟར་ཉམས་གསོ་ཞུ་དགོས་པའི་རིགས་དང་། གསར་སྐྲུན་བཅས་ལས་ཁུངས་དེ་རང་ནས་འགན་ལེན་ཞུ་དགོས་པ་དང་། ལོ་འཁོར་ཨར་ལས་རྒྱ་ཁྱོན་ལ་གཞིགས་པས་འབྲུ་དངུལ་དགོས་རིགས་བཀའ་ཤག་སྤྱི་ཁྱབ་ལས་ཁུངས་ལ་སྙན་སེང་གིས་འབོར་འཁུར་ལག་འཛིན་དུ་བཀོད་ཐོག་དངུལ་འབབ་གྲྭ་བཞི་ལས་ཁུངས་དང་། འབྲུ་འབབ་དབུས་གཙང་རྫོང་གཞིས་གང་འོས་ནས་བཏོན་རྒྱ་ཞུས་ཏེ་ལོ་འཁོར་གཉིས་གསུམ་རེའི་མཚམས་བཀའ་ཤག་ཏུ་བྱུང་སོང་རྩིས་ཁྲ་ཕུལ་ཐོག་ཞིབ་ཁང་ལས་ཁུངས་ནས་ཧེ་བག་ཡོད་མེད་རྩིས་ཞུས་ཀྱིས་གཞི་ནས་རྩིས་ཁྲར་དག་མཆན་དང་། དོ་དམ་པར་གཙང་འཛིན་ཞུ་དགོས་པ་བཅས་རེད།
ཨར་བ། 〔གཙང་སྐད〕 རྗེས་འདེད་བཏང་བའི་དོན།
ཨརྦུ་ཏ། བདེ་ཆོས་ལས། རྒྱ་གར་ལྷོ་ཕྱོགས་ཀྱི་དབུས་མཐོ་ལ་མཐའ་དམའ་བའི་རི་བོ་སྙིང་གི་དབྱིབས་སུ་ཡོད་པ་ཞིག་ཡིན་གསུངས། ཨརྦུ་ཏ་ཞེས་པ་བོད་སྐད་དུ་བསྒྱུར་ན་མཆོད་འོས་ཞེས་པའི་དོན་ཡིན་པར་སྐད་གཉིས་ཤན་སྦྱར་གྱི་གཞུང་འགའ་ཞིག་ལས་བཤད།
ཨར་བོ། རྩིག་པ་རྒྱག་པ་སོགས་ས་རྡོའི་ལས་ཀའི་མིང་།
ཨར་བྱང་ཆུབ་ཡེ་ཤེས། སྣར་ཐང་གི་བཀའ་འགྱུར་དང་བསྟན་འགྱུར་ཐོག་མར་གསར་སྒྲིག་བྱེད་སྐབས་བཅོམ་ལྡན་རལ་གྲི་དང་། རྒྱང་རོ་སངས་རྒྱས་འབུམ་བཅས་དང་མཉམ་དུ་ཞུས་དག་མཛད་མཁན་དེ་ཡིན། དམ་པ་འདིས་རབ་བྱུང་གཉིས་པའི་ཤིང་བྱི་སྤྱི་ལོ༡༡༤༤ལོ་ནས་ལོ་གཅིག་རིང་རྒྱལ་ལྷ་ཁང་གི་གདན་ས་མཛད་པར་གསུངས། རབ་བྱུང་གཉིས་པའི་ཤིང་སྟག་སྤྱི་ལོ༡༡༣༤ལོར་ཕག་མོ་གྲུབ་པ་བསྙེན་རྫོགས་གནང་སྐབས་དམ་པ་འདིས་གསང་སྟོན་མཛད་པར་ཕག་གྲུའི་རྣམ་ཐར་ལས་གསལ་བ་དང་རྔོག་ལོ་བློ་ལྡན་ཤེས་རབ་ཀྱི་སློབ་མ་ཡིན་པ་བཅས་གཞིར་བཟུང་ནས་བརྟག་སྐབས། དམ་པ་འདི་རྒྱལ་ལྷ་ཁང་གི་གདན་ས་མཛད་སྐབས་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་སྐུ་གཤེགས་ནས་ལོ་སུམ་ཅུ་སོ་ལྔ་སོང་ཟིན་པ་ར་འཕྲོད།
ཨར་དམར། འདི་ཡང་རྒྱ་གར་དང་། བལ་པོ། མ་ལེ་ཤིས་ཡ། ཟི་ཁྲོན་ལྷོ་རྒྱུད། བལ་པོ། ཡུན་ནན་སོགས་དང་། བོད་ཀྱི་རྫ་ཡུལ་དང་མེ་ཏོག་སོགས་ཀྱི་▲སྨི1500~2900བར་གྱི་གདོད་མའི་ནགས་ཚལ་དུ་སྐྱེ་བ། སྡོང་པོའི་མཐོ་ཚད་སྨི25ཙམ་ཟིན་པ། ལོ་མ་མཐུག་འཇམ་ཆེ་བ་རེས་མོས་སྐྱེ་བ། མེ་ཏོག་ལྗང་སྐྱའམ་སེར་སྐྱ་ཆུང་ངུ་། འབྲས་བུ་རིལ་མོ་འདོགས་པ་ཞིག་ཡིན། སྨན་དུ་སྦྱར་བྱ་ནི་སྡོང་པོ། རོ་ཁ་ལ་ཚ་བ། ཞུ་རྗེས་བསིལ་ལ་སྙོམས། ནུས་པས་སྙིང་དང་སྲོག་རྩར་ཞུགས་པའི་ཚད་པ་དང་། དམར་པོས་ཁྱད་པར་རླུང་ལྡན་ཚད་པ་སེལ།
ཨར་མོ་ནིག ཨ་མོ་ནིག་དང་འདྲ།
ཨར་རྩ་དགོན། རབ་བྱུང་བཅུ་གཉིས་པའི་ནང་ཙམ་དུ་རྒྱུད་སྟོད་སྔགས་རམ་པ་རྒྱ་བོད་གྲགས་པས་བཏབས། གྲུབ་མཐའ་དགེ་ལུགས་པ་ཡིན། ད་ལྟ་བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་ལྷ་རི་རྫོང་ཁོངས་སུ་ཡོད།
ཨར་བཙུན། 〔རྙིང〕 རབ་བྱུང་ཆང་འཐུང་མཁན།
ཨར་ཚོས། 〔ཡུལ〕 རྔ་མོང་གི་སྤུའི་མདོག་གམ། སྟར་ཁའི་པགས་པའི་ཚོས་མདོག
ཨར་རྫ་བེ་སོག བོད་རང་སྐྱོང་ལྗོངས་ཀྱི་སྙན་རོང་རྫོང་གི་མིང་རྙིང་།
ཨར་ཞལ། ཨར་ཀ་བཅས་པའི་ཞལ་བ།
ཨར་ཞྭ། བྱང་འབྲོག་རྣམས་ཀྱིས་གྱོན་རྒྱུའི་གཟབ་ཞྭ།
ཨར་གཞས། ཨར་ལས་བྱེད་སྐབས་ཕན་ཚུན་གཞོགས་འདེགས་ཡོང་བ་དང་ལུས་ཐང་ཆད་པ་ཆུང་དུ་གཏོང་རྒྱུར་གཏོང་བའི་གཞས།
ཨར་ལ་གཏད། ཐབས་ཟད་པའི་གནས་སུ་གཅར་བའི་དོན་ཏེ། ཨར་ལ་གཏད་ནས་བྱ་ཐབས་ཟད།
ཨར་ལས། ཁང་པ་གསར་རྒྱག་སྐབས་ཀྱི་ས་རྡོའི་ལས་ཀ ཨར་ལས་རྒྱུ་ཆ། ཨར་ལས་མ་གནས། ཨར་ལས་ཇུས་འགོད། Š
ཨར་ཨུར། ཨ་ར་ཨུ་རུའི་བསྡུས་ཚིག
ཨརྒྷཾ། 〔ལེགས〕 མཆོད་ཡོན།
ཨརྱ་དེ་ཝ། བོད་སྐད་དུ་ཕའགས་པ་ལྷ་ཞེས་འབོད། ཁོང་ནི་འཛམ་གླིང་མཛེས་པའི་རྒྱན་དྲུག་གི་ཡ་གྱལ། དབུ་མའི་སློབ་དཔོན་ཨརྱ་དེ་ཝ་ནི་སྟོན་པ་འདས་ནས་ལོ་ལྔ་བརྒྱ་ཙམ་ན་ཡུལ་སིངྒ་ལའི་གླིང་གི་རྒྱལ་པོ། པཉྩ་ཤྲིངྒ་ར་ཞེས་བྱ་བའི་པདྨའི་ཚལ་དུ་སྐུ་འཁྲུངས། འཕགས་པ་ཀླུ་སྒྲུབ་སློབ་དཔོན་དུ་བསྟེན་ནས་ཕྱི་ནང་གི་གྲུབ་མཐའ་ལ་མཁས་པའི་རྩེར་སོན། མུ་སྟེགས་ཀྱི་སྟོན་པ་མཁས་པ་རྟ་དབྱངས་རྩོད་པས་ཚར་བཅད་དེ་རྗེས་སུ་བཟུང་། དབུ་མ་བཞི་བརྒྱ་པ་དང་། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ། སྤྱོད་བསྡུས་སྒྲོན་མེ་སོགས་མདོ་རྒྱུད་ཀྱི་གཞུང་མང་དུ་བརྩམས་སོ།
ཨརྱ་པ་ལོ། རྒྱ་གར་གྱི་སྐད་དེ་བོད་སྐད་དུ་བསྒྱུར་ན་འཕགས་པ་ཐུགས་རྗེ་ཆེན་པོ་ཟེར།
ཨཪྷན། དགྲ་བཅོམ་པ་དང་། མཆོད་འོས་པ་གཉིས་སུ་བསྒྱུར་རིགས་ཀྱང་དོན་གྱི་དབང་བཙན་པར་བྱས་ན་དགྲ་བཅོམ་དུ་བསྒྱུར་དགོས།
ཨལ་ལྟ། ད་ལྟ།
ཨལ་སྟོང་། ཨ་སྟོང་སྟེ། ངལ་དུབ་ཀྱི་གླལ་བ། གྲོད་ཁོག་ལྟོགས་ནས་ཨལ་སྟོང་རྒྱག་པ།
ཨལ་ཐན་ཧན། སོག་པོ་ཐུ་མེད་ཀྱི་འགོ་དཔོན་ཞིག་ཡིན་ཞིང་། རབ་བྱུང་དགུ་པའི་ས་ལུག་ལོར་ཁོས་རང་གི་དམག་དཔུང་ཁྲིད་དེ་ཨ་མདོའི་ས་ཁུལ་བཟུང་། རབ་བྱུང་བཅུ་པའི་ལྕགས་ལུག་ལོར་ཁོ་ལ་ཏཱ་མིང་རྒྱལ་པོས་གོ་གནས་གནང་། རབ་བྱུང་བཅུ་པའི་མེ་བྱི་ལོར་གདན་དྲངས་པ་ལྟར་རྒྱལ་དབང་དེ་ཉིད་ལ་ཁོས་གཟེངས་བསྟོད་ཞུས། སོག་ཡུལ་དུ་བསྟན་པ་དར་བ་ལ་སྨན་པར་གྱུར།
ཨཤྭཀ 〔ལེགས〕 ① ཁྱབ་འཇུག ②མྱ་ངན་མེད་པའི་ཤིང་།
ཨསྨ་གརྦྷ། 〔ལེགས〕 རྡོ་ཡི་སྙིང་པོ་སྟེ་ཆུ་ཡི་ནང་གི་རྡོ་ལས་སྐྱེས་པའི་ཚུལ་དུ་འབྱུང་བའི་རིན་པོ་ཆེའི་རིགས་ནུས་པས་མཆིན་པའི་དུག་ནད་སེལ་ནུས་པ་ཞིག
ཨི
ཨི། ① བོད་ཡིག་གི་གི་གུ་མཚོན་བྱེད་ཀྱི་དབྱངས། ②ཆང་གི་བརྡ་རྙིང་།
ཨི་ཀ་རྒྱག་པ། ① སྐྱིགས་བུའམ་ཨིག་ཀ་རྒྱག་པ། ② 〔རྙིང〕 གཏམ་དང་རྩོམ་གྱི་འགོ་འཛུགས་པ།
ཨི་ཁུང་། བུག་པ། ཨི་ཁུང་རྒྱག་པ།
ཨི་དགོས་བལྟ། ཅ་ལག་སོགས་དགོས་མིན་གྱི་དྲི་བ་བྱེད་པ་ཡིན།
ཨི་ཇི།〔ཡུལ〕 གཅེན་མོའམ་རང་ལས་ལོ་ན་རྒན་པའི་བུད་མེད་ལ་འབོད་པ།
ཨི་ཐི་བ། སྙིང་པོའི་དོན།
ཨི་ལྡན་གྱི་རྣམ་དབྱེ། གི་དང་གིས་སོགས་བཅུ་ཡིན་ལ་སྒྲ་སྦྱོར་ནི་རྗེས་འཇུག་ད་བ་ས་གསུམ་གྱི་མཐར་གྱི་དང་ཀྱིས། རྗེས་འཇུག་ག་ངའི་མཐར་གི་དང་གིས། རྗེས་འཇུག་ན་མ་ར་ལའི་མཐར་གྱི་དང་གྱིས། རྗེས་འཇུག་ན་མ་ར་ལའི་མཐར་གྱི་དང་གྱིས། རྗེས་འཇུག་འ་དང་མཐའ་མེད་མཐར་འི་ཡི་དང་འིས་ཡིས་གང་བདེར་སྦྱོར་བ་དང་། འིས་ཀྱི་ཚབ་ལ་སྐད་གསར་བཅད་ལྟར་མིང་མཐར་ས་ཡིག་རྐྱང་པ་སྦྱར་བས་འཐུས། དོན་ནི་རྣམ་དབྱེ་དྲུག་པ་འབྲེལ་སྒྲ་དང་། གསུམ་པ་བྱེད་སྒྲ་ནང་གསེས་དང་བཅས་པར་འཇུག་གོ ཨི། གི་གུ། གི་ཀྱི་གྱི་འི་ཡི། གིས་ཀྱིས་གྱིས་འིས་ཡིས། ག་ང་གི་གིས། ད་བ་ས་ཀྱི་ཀྱིས། ན་མ་ར་ལ་གྱི་གྱིས། འ་འི་ཡི་འིས་ཡིས། ས་འིས་ད་དྲག་ཀྱི་ཀྱིས་བཅས་འཐོབ་བོ།
ཨི་ལྡན་གྱི་ཕྲད། བྱེད་སྒྲ་དང་འབྲེལ་སྒྲ།
ཨི་ན། ཡུལ་སྐད་དུ། འདི་ན་དང་དོན་གཅིགངས་དཔེ་ཆ་དེ་ཨི་ན་བཞག་ཡོད། ཁྱོད་ཚོས་མཐོང་བྱུང་བས། ཡང་། ཁྱོད་ཨི་ན་ཤོག་དང་། ངས་སྐད་ཆ་འདྲི་རྒྱུ་ཡོད་ལྟ་བུའོ།
ཨི་ཕི། རྨོ་བོ།
ཨི་མིང་ཅན། 〔མངོན〕 ① འདོད་ལྷའི་བུ། ②བདུད་དགའ་རབ་དབང་ཕྱུག
ཨི་ཙི་ལུ་གུ། 〔ཡུལ〕 སྣང་མེད་དུ་མཆན་ཁུང་འོག་སོགས་ལ་སོར་མོས་སུག་སུག་བྱས་པ་ལས་བྱུང་བ་ག་ག་ཚིལ་གྱི་མིང་གཞན་ཞིག
ཨི་ར། ཨི་འདུག་ཞེས་པའི་དོན་ཡིན།
ཨི་རགས་བལྟ། སློང་བའི་དོན་ཡིན།
ཨི་ལ་བི་ལའི་རྒྱུད། 〔མངོན〕 རྣམ་ཐོས་སྲས།
ཨི་ལི། སྐེ་ཕྲུག་གམ་རྣ་རྒྱན་སོགས་ཀྱི་ཕྲ་རིགས་ཨི་ཁུང་ཅན་ཏེ། སྤྱི་རན་གཡུ་བྱུར་མུ་ཏིག་ལ་སོགས་ནོར་བུའི་རིགས་ཕུད་པའི་ཕྲ་རྣམས་ལ་ཟེར།
ཨི་ལོན་བལྟ། ① ཅ་ལག་སོགས་ལག་ལ་ལོན་པའི་ཐབས་ཤེས་བསྐོལ་པ་ཡིན། ②བུ་མོ་སོགས་མནའ་མ་ལོན་མིན་བལྟ་བའི་དོན།
ཨི་ཤེས་བལྟ། རིག་གནས་སོགས་ལ་འབད་བརྩོན་བྱེད་དེ་བྱ་ཨི་ཤེས་མི་ཤེས་བལྟ་བུའོ།
ཨི་ཤོ་ལེགས། འབྲོང་ཞེར་ལེགས་དང་སྨན་བུ་མོ་གཉིས་ཀྱི་སྲས། སྔར་བོད་རྒྱལ་བཅོ་ལྔ་པ་སྟེ་སའི་ལེགས་དྲུག་གི་ཡ་གྱལ་ཞིག
ཨི་སི་ལ་མུ། འཛམ་གླིང་གི་ཆོས་ལུགས་གཙོ་ཆེ་བའི་གྲས་ཤིག སྤྱི་ལོ་དུས་རབས་བདུན་པའི་དུས་འགོར་མཧ་མདྷིས་སྲོལ་གཏོད་བྱས་ཤིང་། ཡ་གླིང་གི་ནུབ་རྒྱུད་དང་ཧྥེ་གླིང་གི་བྱང་རྒྱུད་དུ་དར་ཁྱབ་ཆེ། ཐང་རྒྱལ་རབས་ཀྱི་སྐབས་སུ་རང་རྒྱལ་དུ་སྤེལ།
ཨིག་ཀ སྐྱིགས་བུ།
ཨིག་སྒྲ། ཨིག་ཀའམ་སྐྱིགས་བུའི་སྒྲ།
ཨིག་བུ། སྐྱིགས་བུ།
ཨིགས་པ། སྐྱིག་པ་སྟེ། མཆིན་དྲི་རེངས་འཁུམས་བྱས་ནས་བྱུང་བའི་དབུགས་གཏོང་འཐེན་གྱི་འགྱུར་ཚུལ་ཞིག
ཨིངྒི་ར། ཨང་གི་རའི་འབྲི་ཚུལ་གཞན་ཞིག
ཨིན་དུར། དུག་མོ་ཉུང་དང་། དུར་བྱིད་གཉིས་ཀྱི་བསྡུས་མིང་སྟེ། རྗེ་ཟུར་མཁར་བ་མཉམ་ཉིད་རྡོ་རྗེས་མཛད་པའི་མན་ངག་བྱེ་བ་རིང་བསྲེལ་ལས། ཨིན་དུར་ནི་ཨིནྡྲ་ཞེས་པ་དུག་ཉུང་དང་དུར་བྱིད། ཅེས་གསུངས་པ་ལྟར་རོ།
ཨིན་དྲ་བྱཱ་ཀ་ར་ཎ། 〔ལེགས〕 སྒྲ་གཞུང་ཞིག་སྟེ། རྒྱ་གར་གྱི་གཏམ་རྒྱུད་དུ། ལྷའི་དབང་པོ་བརྒྱ་བྱིན་གྱིས་བརྩམས་ཟེར།
ཨིནྡྲ་རྙིལ། ཨིནྡྲ་ནཱི་ལའི་འབྲི་ཚུལ་གཞན་ཞིག
ཨིནྡྲ་ནཱི་ལ། 〔ལེགས〕 བོད་ཀྱི་སྐད་དུ་བསྒྱུར་ན་ཨིནྡྲ་དབང་སྔོན་དང་། ནཱི་ལ་སྔོན་པོ་ལ་འཇུག་པས་དབང་སྔོན་ཞེས་འགྱུར། རྡོ་རིགས་ཀྱི་རིན་པོ་ཆེ་སྔོན་པོ་ཞིག
ཨིནྡྲ་པཱ་ནི། ལེགས་སྦྱར་སྐད་ཀྱི་དབང་པོ་ལག་པའི་མིང་གི་རྣམ་གྲངས་ཤིག་སྟེ། བོད་ཀྱི་སྐད་དུ་བསྒྱུར་ན་དབང་པོའི་ལག་པ་ཞེས་འགྱུར་བར་དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་དྲི་མེད་ཤེལ་ཕྲེང་ལས་གསུངས།
ཨིནྡྲ་བཞི། དུག་ཉུང་བཞི་པ་དང་། དབང་ལག་བཞི་པ་གཉིས་ཀའི་མིང་ལས་ལ་འཇུག་པས་སྐབས་ཐོབ་བྱ་དགོས་པར་ཞིག་སྟེ། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་ལག་ལེན་གཅེས་བསྡུས་ལས། རྒྱ་སྐད་ཨིནྡྲ་བོད་སྐད་དབང་པོ་སྟེ། དུག་ཉུང་ཨིནྡྲ་ཡ་བཀ་དབང་པོའི་ནས། ཨིནྡྲ་པཱ་ཎི་དབང་པོ་ལག་པ་སྟེ། ཨིནྡྲ་བཞི་ཞེས་སྐབས་ཀྱིས་མ་ཕྱེད་ནས། དབང་ལག་ནཱ་གི་སླེ་ཏྲེ་ཏིག་ཏ་བཞིར། ཨིནྡྲ་བཞི་ཞེས་རྒྱུ་ཚད་སྐབས་བཤད་པའི། ཨིནྡྲ་བཞི་དང་ནོར་བ་འགའ་རེ་མཐོང་། ཞེས་གསུངས་པ་ལྟར་རོ།
ཨིནྡྲ་ཡ་བཾ། ལེགས་སྦྱར་སྐད་ཀྱི་དུག་མོ་ཉུང་གི་མིང་གི་རྣམ་གྲངས་ཤིག་སྟེ། བོད་སྐད་དུ་བསྒྱུར་ན། དབང་པོའི་ནས་ཞེས་འགྱུར་ཏེ། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱི་དྲི་མེད་ཤེལ་ཕྲེང་ལས། ལྷ་དབང་བརྒྱ་བྱིན་གྱིས་ནས་ས་བོན་སྨོན་ལམ་བཅས་བཏབ་པ་བྱུང་བར་བཤད་པས། ཨིནྡྲ་དབང་པོ་དང་། ཡ་བཾ་ནས་ཡིན་པས། དབང་པོའི་ནས་སོ། ཞེས་གསུངས་པ་ལྟར་རོ།
ཨིས།〔གཙང་སྐད〕ཆང་གི་མིང་།
ཨུ
ཨུ། བོད་ཡིག་གི་ཞབས་ཀྱུ་མཚོན་པའི་དབྱངས།
ཨུ་ཀོ་དགོན་པ། ཞེས་པ་ནི་ཨུ་ཀོ་བྲག་ཕུག་སྟེ་ཅན་ཧྥུ་ཀྲེའི་ནང་བསྟན་སྒྱུ་རྩལ་གྱི་ནོར་མཛོད་ཆེ་ཤོས་དེ་ཡིན་ལ་འཛམ་གླིང་ཐོག་གི་ངོ་མཚར་ཅན་ཆེན་པོ་བཞིའམ། ངོ་མཚར་ཅན་བདུན་གྱི་གྲས་ཤིག་ཡིན།
ཨུ་ཁང་། དབུ་ཁང་སྟེ། སྔར་བལ་ཡུལ་དུ་ཙན་དན་གྱི་ལྗོན་པ་ལས་རང་གྲུབ་ཏུ་བྱུང་བའི་འཕགས་པ་མཆེད་བཞིའི་ཡ་གྱལ་ཞིགའཕགས་པ་མཆེད་བཞིར་ལྟོས།
ཨུ་རྒྱན། ཨཽ་ཊི་ཡ་ན་སྟེ་འཕུར་འགྲོ་ཞེས་པ་ཟུར་ཆག་པ་དང་སྔར་རྒྱ་གར་ནུབ་ཕྱོགས་ཀྱི་རྒྱལ་པོ་ཨིནྡྲ་བྷུ་ཏི་བྱོན་པའི་ཡུལ།
ཨུ་རྒྱན་ཕུན་ཚོགས་དགོན། རབ་བྱུང་བརྒྱད་པའི་ལྕགས་ཕག་སྤྱི་ལོ༡༤༩༡ལོར་ལྕགས་མདུད་ཤེས་རབ་རྒྱལ་མཚན་གྱིས་བཏབས། གྲུབ་མཐའ་རྙིང་མ་པ་ཡིན། ད་ལྟ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཉག་རོང་རྫོང་ཁོངས་སུ་ཡོད།
ཨུ་རྒྱན་པ་རིན་ཆེན་དཔལ། གྲུབ་ཆན་ཨུ་རྒྱན་པ་དང་མི་གཅིག་ཡིན།
ཨུ་རྒྱན་པདྨའི་རྒྱ་གར་གྱི་མཛད་པ་བཅུ་གཅིག ཐང་ཡིག་ལས། ༡འགྲོ་འདུལ་དགོངས་མཛད་པད་མའི་ལྷུམས་ཞུགས་མཛད། ༢ རབ་བྱུང་བལྟམས་མཛད། ༣ རྒྱལ་སྲས་རོལ་རྩེད་མཛད། ༤ རབ་ཏུ་བྱུང་མཛད། ༥ དཀའ་ཐུབ་སྣ་ཚོགས་མཛད། ༦ བདུད་དཔུང་བཅོམ་མཛད། ༧སངས་རྒྱས་བྱང་ཆུབ་མཛད། ༨ ཆོས་འཁོར་བསྐོར་མཛད། ༩བརྟུལ་བཞུགས་སྤྱོད་པ་མཛད། ༡༠ བསྟན་པར་རྒྱས་མཛད། ༡༡མི་ནུབ་གཏེར་སྦེད་མཛད།
ཨུ་རྒྱན་པདྨའི་བོད་དུ་མཛད་བཅུ་གཅིག འགྲོ་དྲུག་དོན་མཛད། བརྒྱད་ལྔ་ཆེ་བ་མཛད། ལྷ་འདྲེ་བརྟུལ་མཛད། གཙུག་ལག་ཁང་བཞེངས་མཛད། མདོ་རྒྱུད་བསྒྱུར་མཛད། འཕྲིན་ལས་རྣམ་བཞི་མཛད། སྦྱོར་སྒྲོལ་གཉིས་མཛད། མནན་བསྲེགས་འཕང་གསུམ་མཛད། དུས་བཞི་མཁྱེན་མཛད། བསྟན་ཞབས་གཏེར་སྐྱོང་མཛད། རྒྱ་བོད་དྲིན་ཆེ་གང་ལ་གང་འདུལ་མཛད།
ཨུ་ཏྲ་ཡ་ན། སྔར་རྒྱ་གར་ལྷོ་ཕྱོགས་གྱི་གྲོང་ཁྱེར་སྒྲ་སྒྲོག་གི་རྒྱལ་པོའི་གོ་གནས་བུ་ལ་སྤྲད་དེ་བཅོམ་ལྡན་ཀྱི་དྲུང་དུ་རབ་ཏུ་བྱུང་ནས་དགེ་སློང་བསྒྲུབས་པ།
ཨུ་ཏྟ། ལེགས་སྦྱར་སྐད་ཀྱི་རྣ་དབང་གི་སྐད་དོད་ཡིན་པས་དོན་དུ་རྣ་བའི་བུ་ག་ལག་པས་བཀག་པའི་ཚེ་ཤོབ་ཤོབ་ཅེས་པའི་སྒྲ་འབྱུང་བ་དེའི་མིང་ཡིན་ཞེས་དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས་གསུངས།
ཨུ་ཐའི་ཧྲན། ར་སྡེའི་ནང་རི་བོ་རྩེ་ལྔ་ཞེས་པར་གཟིགས།
ཨུ་ཐུག་པ། འུ་ཐུག་པ་དང་འདྲ།
ཨུ་དུམ་བཱ་ར། ① ཨུ་དུམ་ཝ་རའམ། ཨུ་དུམྦ་ར་ཡང་སྣང་། བོད་སྐད་དུ་བསྒྱུར་ན་མཆོག་འཕགས་སམ་ཆེར་འཛགས་ཏེ། བདུད་འཇོམས་ཤིང་ཟེར་བ་འདིའི་མེ་ཏོག་ལོ་མའི་མཐར་སྐྱེ་བ་དང་། འཆར་རྒྱུ་དཀའ་ལ་ཡལ་རྒྱུ་སླ་བས་ཧ་ཅང་དཀོན་པོ་དང་། འཕྲལ་དུ་ཡལ་འགྲོ་བའི་དཔེར་འཇོག་སའི་མེ་ཏོག་ཅིག ②མཛེ་ནད་ཀྱི་ཤ་རོ་ཞིག
ཨུ་སྡུག 〔སྡེ་དགེ〕འབད་བརྩོན་བྱ་བའི་དོན་སྟེ། རྨུ་སྡུག་དང་དོན་གཅིག
ཨུ་ནན། ཨུ་ཚུགས་ཚ་པོའམ། ནན་ཏན། འཕྲལ་དུ་བྱེད་རོགས་ཨུ་ནན་རྗོད་པ།
ཨུ་པ། གསང་སྔགས་རྒྱུད་སྡེ་བཞི་ཡི་ནང་ཚན་སྤྱོད་རྒྱུད་ཀྱི་གྲས་ལ་ཟེར།
ཨུ་པ་དེ་ཤ ལེགས་སྦྱར་གྱི་སྐད་དེ། བོད་ཀྱི་སྐད་དུ་བསྒྱུར་ན་མན་ངག་ཅེས་འགྱུར་ཏེ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་རྩ་རྒྱུད་ཀྱི་འགྲེལ་པ་བཻ་སྔོན་ལས། ཨུ་པ་དེ་ཤ་ཞེས་པ་ནི་མན་ངག་སྟེ། ན་་་རོ་པས་དང་པོ་སངས་རྒྱས་ཀྱི་ལུང་དྲངས་པར། མན་ངག་ཅེས་བྱ་གང་ཞེ་ན། པོ་ཏི་ལ་སོགས་ལས་རྙེད་པ། དྲང་དོན་རབ་ཏུ་སྟོན་པ་རྣམས། ཇི་བཞིན་འདྲི་དང་ཀློག་པ་ནི། བླ་མ་བརྒྱུད་པའི་རིམ་པ་ཡིས། གང་ཞིག་ངེས་དོན་སྟོན་པའོ། ཞེས་གསུངས་པས། ཟབ་མོའི་གནད་མ་འཕྱུགས་པ་བླ་མ་བརྒྱུད་པ་ཟམ་མ་ཆད་པའི་གསུང་གི་རྒྱུན་ལས་ཉེ་བར་འོངས་པ་ཞིག་གི་དོན་ཡིན་ཏེ། ངོ་བོའི་སྒོ་ནས་བཏགས་པའོ། ཡང་ན་ཨུ་པ་ནི་ཉེ་བ། དེ་ཤ་ནི་གདམས་པ་སྟེ། ཉེ་བར་གདམས་པ་ཞེས་ཟབ་མོའི་གནད་ལྷུག་པར་འབྱིན་པའི་དོན་ཡིན་ནོ། ཞེས་གསུངས་པ་ལྟར་རོ།
ཨུ་པ་ལ། མེ་ཏོག་གི་བྱེ་བྲག་སྟེ། དབུ་ཚུགས་ཞེས་པ་ཟུར་ཆག་པ།
ཨུ་པ་ལི། ཨུཔཱལི་དང་འདྲ།
ཨུ་པའི་རྒྱུད། ལྟ་བ་དང་སྤྱོད་པ་ཆ་མཉམ་པར་སྤྱོད་པའི་རྒྱུད།
ཨུའུ། ཨ་ཁུ་ལ་ཟེར།
ཨཱ་པཱ་ས་ཀ ཨུཔཱསིཀའི་འབྲི་ཚུལ་གཞན་ཞིག ཨུ་པཱ་སི་ཀའི་འབྲི་ཚུལ་ཡང་སྣང་།
ཨཱ་ར་དགོན། རབ་བྱུང་བཅུ་པའི་སྟོད་ཙམ་ན་ཨཱ་ར་ཆོས་རྗེས་བཏབས། གྲུབ་མཐའ་ས་སྐྱ་པ་ཡིན། ད་ལྟ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བརྒྱད་ཟིལ་རྫོང་ཁོངས་སུ་ཡོད།
ཨཱ་གེ་ཡུལ་དབང་དགོན། རབ་བྱུང་བཅུ་བཞི་པའི་ནང་ཙམ་འཇིགས་མེད་དཀོན་མཆོག་གཏིང་གསལ་གྱིས་བཏབས། གྲུབ་མཐའ་རྙིང་མ་པ་ཡིན། ད་ལྟ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་ཁོངས་སུ་ཡོད།
ཨུཔཱལི། 〔ལེགས〕ཉན་ཐོས་ཉེ་བར་འཁོར་བ།
ཨུཔཱསིཀ 〔ལེགས〕གཏན་ཁྲིམས་སྲུང་བའི་དགེ་བསྙེན།
ཨུ་བླུག་དགུ་བླུག བཟའ་བཏུང་ཚིམ་པར་བྱས་ནས་གྲོད་པ་རྒྱགས་དྲག་པར་གོ ད་ཨུ་བླུག་དགུ་བླུག་ཆགས་སོང་བས་ཨུ་ཚུགས་མ་བསྐྱོན་རོགས།
ཨུ་མ། 〔ལེགས〕དབང་ཕྱུག་ཆེན་པོའི་ཆུང་མ།
ཨུ་མཿ ཨུ་མའི་འབྲི་ཚུལ་གཞན་ཞིག
ཨུ་མའི་མངལ་ཁྲག བྲག་ཞུན་གྱི་མིང་གི་རྣམ་གྲངས་ཤིག
ཨུ་མའི་བདག་པོ། 〔མངོན〕ལྷ་དབང་ཕྱུག་ཆེན་པོ།
ཨུ་མུ་སུ། 〔སོག〕ཨུ་མོ་སུའམ་ཨུ་མོ་སུ་ལུའང་སྣང་། རྐང་པའི་ཤུབས།
ཨུ་མཱ་གོ་རཱི། 〔ལེགས〕དབང་ཕྱུག་གི་བཙུན་མོ། མིང་གི་རྣམ་གྲངས་ལ། དཀའ་ཟློག་མ་དང་རི་སྐྱེས་སོ།
ཨུ་ཙ་ཏིང་ག 〔ལེགས〕མཆོང་ཞིང་འགྲོ་བའོ།
ཨུ་ཚུགས། ནན་ཏན། ཨུ་ཚུགས་གོ་མེད་ཉག་རྐྱང་མ་བྱེད། ལས་དོན་ཨུ་ཚུགས་ཧུར་བརྩོན་གྱིས་བྱེད་པ། ཨུ་ཚུགས་ཀྱིས་ཞྭ་དཔེ་ལྷམ་འགེབས། ཨུ་ཚུགས་ཚ་པོ།
ཨུ་ཟུར་ཁ། ཕྲག་མགོ་ནས་གྱེན་དུ་ཆག་གང་གཞལ་བའི་གནས་ཀྱི་མིང་།
ཨུ་ཟུར་ཁུག་པ། ལུས་ཀྱི་དཔུང་རྩའི་བྱེ་བྲག་ཅིག
ཨུ་ཡོ། 〔ཡུལ〕ཁྱི་ཕྲུག
ཨུ་ཡོན། 〔རྒྱ〕① ཨུ་ཡོན་ལྷ་ཁང་གི་ཁོངས་མི། ②ཆེད་དམིགས་ཀྱི་ལས་འགན་སྒྲུབ་པར་བསྐོས་པའི་ཚོགས་པའི་མི་སྣ་ལ་ཟེར།
ཨུ་ཡོན་ལྷན་ཁང་། རང་རྒྱལ་གྱི་སྲིད་གཞུང་རིམ་པ་ཁག་དང་། སྲིད་ཏང་། ཚོགས་ཁགལས་ཁུངས། སློབ་གྲྭ་སོགས་ཐུན་མོང་གིས་འགོ་ཁྲིད་བྱེད་པའི་རྩ་འཛུགས་ཤིག
ཨུ་རུ་རྨུ་སྡུག 〔སྡེ་དགེ〕འབད་བརྩོན་བྱས་པའི་དོན་སྟེ། རྨུ་སྡུག་དང་དོན་གཅིག
ཨུ་རུས་མུ་རུས། 〔ཡུལ〕གང་ཐུབ་ཅི་ཐུབ། ལས་ཀ་ཨུ་རུས་མུ་རུས་བྱས་ན་ལེགས་པར་འགྲུབ་ཡོང་།
ཨུ་ལི། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ས་ཆ་ཞིག
ཨུ་ལུ། ཟངས་ལྕགས་རྫ་སོགས་ཀྱིས་བཟོས་པའི་སྣོད་སྤྱད་ཁ་ཆུང་ལ་ལྟོ་བ་ཆེ་བ་ཞིག
ཨུ་ལུ་གང་། ① ལག་པ་གཉིས་ཀྱིས་གང་འཁྱུད་ཀྱི་ཚད་བསྟན་པའི་མིང་སྟེ། དཔེར་ན། རྟ་ལ་རྩྭ་ཨུ་ལུ་གང་བྱིན་ཡོད། ངས་ཤིང་ཨུ་ལུ་གང་ཁུར་ཡོད་ལྟ་བུ། ②ཕྲུ་གུས་ཨ་མ་ལ་སྐེ་ཨུ་ལུ་གང་བྱས་ནས་དགའ་དགའ་བྱས་སོང་།
ཨུ་ལུ་གང་བྱེད། 〔སྡེ་དགེ〕 ལག་པ་གཉིས་ཀྱིས་འཁྱུད་ནས་འཐམ་པ།
ཨུ་ལུ་ནང་། 〔སྡེ་དགེ〕 ལག་པ་གཉིས་ཀྱི་ནང་དུ་འཁྱུད་ཡོད་པའི་གནས་བསྟན་པའི་མིང་སྟེ། ཨ་མས་ཕྲུ་གུ་ཨུ་ལུ་ནང་དུ་ཁུར་འགི། སློབ་ཕྲུག་དེས་རྒྱབ་ཏུ་དཔེ་ཁུག་ཆེན་པོ་ཞིག་ཁུར། ཨུ་ལུ་ནང་ལའང་དཔེ་ཆ་ཁ་ཤས་ཞིག་ཁུར་ནས་འགྲོ་ཞིང་འགི་ལྟ་བུ།
ཨུ་ལུག 〔སྡེ་དགེ〕འབྲོག་པའི་ས་ཁུལ་གྱི་སྤང་རིའི་ངོས་སུ་སྐྱེས་པ་ཤ་མོང་དཀར་པོ་ཞིག་གི་མིང་ཡིན། དབྱར་ཉི་ལྡོག་སྐབས་སུ་ཤ་མོང་འདི་སྐྱེ་འགོ་ཚུགས་ཤིང་། དེ་ནས་བདུན་ཕྲག་གཉིས་ཙམ་རིང་ལ་ཤ་མོང་འདི་བཏུ་ཆོག
ཨུ་ཤི་བྲག་དགོན་ཆེན། མིང་གཞན་དུ་བཤད་སྒྲུབ་ཆོས་འཁོར་གླིང་ཟེར། ཕག་གྲུའི་དུས་རབས་སུ་ངག་ཞང་མན་ཧྲུ་ཧྲི་ལི་ཡིས་ཐོག་མར་ཕྱག་བཏབ། ཕྱིས་སུ་ངག་ཤང་ཞེ་རེ་ཐུའུ་དང་དཀོན་མཆོག་ངག་བསོད་ཀྱི་གསན་སྦྱོང་བསྐྱར་བཞེངས་བྱས། ད་ལྟ་མཚོ་སྔོན་གསེར་ཁོག་རྫོང་ཁོངས་སུ་ཡོད།
ཨུ་ཤི་རི། རྩྭ་དྲེས་མའམ་དེ་སྐྱེས་པའི་རི།
ཨུ་སུ། བལ་སྐུད་སོགས་ཀྱིས་བསླས་པའི་གྱོན་ཆས་རིགས། ཨུ་སུའི་ཞྭ་མོ། ཨུ་སུའི་སྟོད་ཐུང་།
ཨུ་སུག 〔སྡེ་དགེ〕ད་ལྟ་དང་། མྱུར་བ་ཉིད་ཀྱི་དོན་ཏེ། ཅུང་ཟད་སྒུག་དང་ང་ཨུ་སུག་སླེབས་ཡོང་། ཉེ་བའི་དུ་མཚོན་བྱེད་དེ། དེང་སང་དོན་གཅིགདཔེར་ན། སློབ་ཕྲུག་ཚོས་ཨུ་སུག་སློབ་སྦྱོང་ཡག་པོར་བྱེད་ཅིང་འདུགལྟ་བུའོ།
ཨུ་སུག་དག 〔སྡེ་དགེ〕ད་ལྟ་དང་། མྱུར་བ་ཉིད་ཀྱི་དོན་ཏེ། གོང་དང་འདྲ།
ཨུ་ཧུ་ལགས། སེམས་འགྱོད་གདུང་ངམ་ཡིད་ཕམ་པའི་ཚིག
ཨུ་ཧུ་ལུ། སེམས་འགྱོད་གདུང་ངམ་ཡིད་ཕམ་པའི་ཚིག
ཨུག་ཆོས། ཨུག་ཆོས་དཀར་པོ་དང་ཨུག་ཆོས་དམར་པོའི་བསྡུས་མིང་། ཨུག་ཆོས་མེ་ཏོག་ངས་ཀྱང་བྱས། མཛོ་མོ་རྭ་ཀྱོག་ཁྱོད་ལའང་ཡོད།
ཨུག་ཆོས་དཀར་པོ། སྔོ་སྨན་གྱི་རིགས་ཤིག་སྟེ། རོ་ཁ། ཞུ་རྗེས་བསིལ། ནུས་པས་ཆུ་སེར་ཕྱིར་འདྲེན་པར་བྱེད།
ཨུག་ཆོས་དམར་པོ། སྔོ་སྨན་གྱི་རིགས་ཤིག་སྟེ། རོ་ཁ་ལ་མངར། ཞུ་རྗེས་བསིལ། ནུས་པས་རྣ་བའི་ནད་དང་། ཕོ་བ་སྦོས་པ། གླང་ཐབས། བཤང་བ་མ་ཐོན་པ། ཤ་མ་འགགས་པ་བཅས་ལ་ཕན།
ཨུང་གུ།〔ཡུལ〕སྒྲོན་མེ།
ཨུཏྤལ།〔ལེགས〕རྒྱ་གར་གྱི་མེ་ཏོག་ཅིག་གི་མིང་།
ཨུཏྤལ་དཀར་པོ། ཀུ་མུད་དེ། ཆུ་སྐྱེས་དཀར་པོའམ་ཟླ་བའི་དྲི་ཡང་ཟེར། མིང་གི་རྣམ་གྲངས་ལ་ཆུར་སྒྲོག སྟེང་འཐུང་དཀར་པོ། མཚན་མོ་བཞད་བཅས་སོ།
ཨུཏྤལ་དགོན། དབོ་བ་དགོན་ཞེས་ཀྱང་གྲགས། རབ་བྱུང་བརྒྱད་པའི་ཆུ་ཕོ་ཁྱི་སྤྱི་ལོ༡༥༠༢ལོར་པདྨ་འཕྲིན་ལས་ནས་གསར་འདེབས་མཛད། གྲུབ་མཐའ་རྙིང་མ་པ་ཡིན། ད་ལྟ་རྔ་བ་བོད་རིགས་རང་སྐྱོང་ཁུལ་འཛག་ཐང་རྫོང་ཁོངས་སུ་ཡོད།
ཨུཏྤལ་སྔོན་པོ། ① མེ་ཏོག་ཨུཏྤལ་གྱི་རིགས་སྔོན་པོ། མིང་གི་རྣམ་གྲངས་ལ་ཆུ་སྐྱེས་སྔོན་པོ་དང་། དཔལ་དགའོ། ②སྔོ་སྨན་གྱི་རིགས་ཤིག་སྟེ། རོ་མངར་ལ་བསྐ། ཞུ་རྗེས་བསིལ། གློ་ཚད་དང་མཆིད་ཚད་སོགས་ཚ་བའི་ནད་རིགས་དང་། དེ་མིན་ཚ་ཆུ་དང་འབམ་ཆུ་བཅས་ལ་ཕན།
ཨུཏྤལ་ལྟར་གས་པ། གྲང་དམྱལ་བརྒྱད་ཀྱི་ནང་གསེས་དམྱལ་བའི་སེམས་ཅན་གྱི་ལུས་འཁེངས་ནས་བཞི་ཚལ་དུ་གས་པའོ།