གངས་ལྗོངས་ཚིག་མཛོད་ཆེན་མོ།༼ ཨ ༽(2)

ཐུབ་བསྟན་ཕུན་ཚོགས་ཀྱིས་གཙོ་སྒྲིག་བྱས།        2012-05-31


ཨ་མདོའི་ཆས།      ཨ་མདོའི་ཆས་གོས་སམ་གྱོན་ལུགས།  
ཨ་མདོ་ཞྭ་དམར་དགེ་འདུན་རྒྱ་མཚོ།       རྗེ་འདི་མདོ་སྨད་དུ་ཡབ་པད་མིག་དང་ཡུམ་མ་ཅིག་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་ཆུ་བྱི་སྤྱི་ལོ༡༨༥༢ལོར་འཁྲུངས།    དགུང་ལོ་བཞི་ལ་ལ་མོ་བདེ་ཆེན་དགོན་དུ་དགེ་བཤེས་རོང་པོ་ཨ་ལགས་བསྟེན་ནས་ཀློག་བསླབས།    ཆོས་སྤྱོད་སོགས་བློར་འཛིན་མཛད།    དགུང་ལོ་བརྒྱད་ལ་རྗེ་ཐར་ཤུལ་རིན་པོ་ཆེའི་དྲུང་ནས་རབ་ཏུ་བྱུང་།    བདེ་ཆེན་དགོན་དུ་བཞུགས་ནས་མདོ་སྔགས་ལ་གསན་བསམ་ཡང་དག་པར་མཛད།    དགུང་ལོ་བཅུ་དྲུག་ནས་བླ་གཞུང་གི་དྲུང་ཡིག་གནང་།    དགུང་ལོ་ཉེར་བདུན་ལ་ཁུ་ལུགས་དགེ་བཤེས་ཉི་མ་རིན་པོ་ཆེའི་དྲུང་དུ་བསྙེན་རྫོགས་བསྒྲུབས།    དགུང་ལོ་སོ་བཞི་ལ་ར་རྒྱ་དགོན་དུ་དམ་བཅའ་འཇོག་པར་མཛད།   དགུང་གྲངས་རེ་གཅིག་པ་ཕེབས་པ་རབ་བྱུང་བཅོ་ལྔ་པའི་ཆུ་བྱི་སྤྱི་ལོ༡༩༡༢ལོར་དགོངས་པ་གཞན་དུ་གཤེགས།  
ཨ་ན།  〔ལེགས〕 རྒྱ་གར་འགྲོ་དངུལ་གྱི་ཚད་གཞི་ཞིག་སྟེ།   ཨ་ན་བཅུ་དྲུག་ལ་སྒོར་མོ་གཅིག་གོ
ཨ་འདུས་དགོན་གོང་མ།      ཨ་འདུས་དགོན་ཁང་སར་དགའ་ལྡན་དར་རྒྱས་གླིང་ཞེས་གྲགས།   ར་བྱུང་དྲུག་པའི་སྨད་དང་འདུན་པའི་སྟོད་ཙམ་དུ་ཚ་ཆེན་ངག་དབང་གྲགས་པས་རི་ཁྲོད་དུ་བཏབ།   དེ་རྗེས་རབ་བྱུང་བཅུ་བཞི་པའི་ཤིང་འབྲུག་སྤྱི་༡༨༤༤ལོར་ཁང་སར་དགོན་དགའ་ལྡན་དར་རྒྱས་གླིང་ལ་བསྒྱུར།   གྲུབ་མཐའ་དགེ་ལུགས་པ་ཡིན།   ད་ལྟ་རྔ་བ་བོད་རིགས་རང་སྐྱོང་ཁུལ་རྔ་བ་རྫོང་ཁོངས་སུ་ཡོད།  
ཨ་འདུས་དགོན་འགབ་མ།      དགེ་ལྡན་ཐུབ་བསྟན་རབ་རྒྱས་གླིང་དང་།   མཚེ་དགོན་གསང་ཆེན་བཀྲ་ཤིས་གླིང་།   ཨ་འདུས་ཡག་འགོ་དགོན་ཞེས་ཀྱང་གྲགས།   རབ་བྱུང་བདུན་པའི་ལྕགས་ཕོ་སྟག་སྤྱི་ལོ་༡༤༡༠ལོར་ཚ་ཁོ་ངག་དབང་གྲགས་པས་ཕྱག་འདེབས་མཛད།   གྲུབ་མཐའ་དགེ་ལུགས་པ་ཡིན།   ད་ལྟ་རྔ་བ་བོད་རིགས་རང་སྐྱོང་ཁུལ་རྔ་བ་རྫོང་ཁོངས་སུ་ཡོད།  
ཨ་ན་ག་ན།      ཡིན་གཅིག་མིན་གཉིས་ཀྱིས་ཨུ་ཚུགས་བྱེད་པའི་ངང་ཚུལ། 
ཨ་ན་མ་ན།  〔ཡུལ〕 འདྲ་བའམ།   གཅིག་པ་གཅིག་རྐྱང་།   ཕ་བུ་གཉིས་བྱད་གཟུགས་ཨ་ན་མ་ན་རེད།   གསེར་དང་ར་གན་གཉིས་ཁ་དོག་ཨ་ན་མ་ན་ཡོང་།   གཡུ་དང་དོ་ལོ་སྔོ་མདོག་ཨ་ན་མ་ན་ཡིན།   གཟི་བྱིན་ནི་ཉི་མ་དང་ཨ་ན་མ་ནའོ།  
ཨ་ན་ཨ་ར།      ན་ཚ་བྱུང་བའི་སྐད།  
ཨ་ན་ཨུ་ཚུགས།      གོང་དང་དོན་མཚུངས། 
ཨ་ནག  〔ཡུལ〕 ཧམ་སེམས་དང་རྔམ་སེམས་ཆེ་བའི་དོན་ལ་འཇུག
ཨ་ནན།  〔ཡུལ〕 ཕ་མས་བུ་ཕྲུག་ཆུང་ཤོས་ལ་འབོད་པའི་གཅེས་མིང་།  
ཨ་ཎི།      བཙུན་མ། 
ཨ་ནུ།     ①  བྱིས་པའམ་གཞོན་ནུ།    ②  ཆུང་ངུའམ་ཕྲ་མོའི་དོན།    ③  སློབ་དཔོན་ཨ་ནུའམ་ཐུ་མི།   ④  ནུ་བོའི་གཅེས་མིང་།  
ཨ་ནུ་སྣང་གྲགས།      བོད་ཡོག་གི་སྲོལ་གཏོད་པ་པོ་ཐུ་མི་སམ་བྷོ་ཊའི་ཡབ།  
ཨ་ནུ་ཡོ་ག།      སྔགས་རྙིང་མའི་གཞུང་རྣམས་སུ།   རྫོགས་པ་ཨ་ནུ་ཡོ་ག་ནི་སྣོད་བཅུད་ཐམས་ཅད་ལྷའི་རང་བཞིན་དུ་དབྱིངས་ནས་སངས་རྒྱས་པར་རྟོགས་པའི་སྤྲོས་བྲལ་གྱི་མཐའ་གང་དུའང་མ་དམིགས་པའི་རང་བཞིན་གྱིས་ཐབས་བསྐྱེད་པའི་རིམ་པ་ཤས་ཆུང་ཞིང་།   རྫོགས་པའི་རིམ་པ་ཤེས་རབ་རྩ་ཐིག་རླུང་གི་རྣལ་འབྱོར་ལ་བརྟན་དབབ་བཟུང་ལྡོག་ཁྱབ་ཀྱི་སྦྱོར་བ་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་བསྐྱེད་ཅིང་།   བདེ་གསལ་མི་རྟོག་པའི་གནས་ལུགས་ལམ་དུ་བྱེད་པས་ཚེ་འདིར་གྲོལ་བའི་རང་བཞིན་ཅན་ནོ། 
ཨ་ནུ་ཡོ་གའི་ཐེག་པ།      སྔགས་རྙིང་མའི་ཐེག་རིམ་དགུའི་ནང་གསེས་རྗེས་སུ་རྣལ་འབྱོར་གྱི་ཐེག་པ་སྟེ།   འཇུག་སྒོ་ཕྱི་དབང་རྒྱུད་ཀྱི་ཆུ་བོ་བཅུ།   ནང་དབང་འབྱུང་བའི་ཆུ་བོ་བཅུ་གཅིག  སྒྲུབ་དབང་གྲགས་པའི་ཆུ་བོ་བཅུ་གཅིག  སྒྲུབ་དབང་གྲགས་པའི་ཆུ་བོ་བཅུ་གསུམ།   གསང་དབང་རྫོགས་པའི་ཆུ་བོ་གཉིས་ཏེ།   དབང་མཆོག་སུམ་ཅུམ་ཅུ་རྩ་དྲུག་གིས་སྨིན་པར་བྱས་ནས།   ལྟ་བ་ཀུན་བཟང་དཀྱིལ་འཁོར་གསུམ་གྱི་ངོ་བོར་གཏན་ལ་ཕབ་ནས།   སྒོམ་པ་དོན་གྱི་རྗེས་སུ་འཇུག་པ་རྣམ་པར་མི་རྟོག་པའི་ངང་ལ་འཇོག་པ་དང་།   ཡི་གེའི་རྗེས་སུ་འཇུག་པ་བསྐྱེད་བསྔགས་བརྗོད་པ་ཙམ་གྱིས་རྩལ་སྣང་ལྷའི་དཀྱིལ་འཁོར་དུ་གསལ་བ་གྲོལ་ལམ་དང་།   ཐབས་ལས་སྟེང་འོག་གི་སྒོ་ལ་བརྟེན་ནས་ལྷན་སྐྱེས་ཀྱི་ཡེ་ཤེས་བསྐྱེད་པར་བྱེད་ཅིང་།   སྤྱོད་པ་སྣང་སེམས་ཐམས་ཅད་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རོལ་པར་ཤེས་པའི་སྒོ་ནས་བླང་དོར་མེད་པར་སྤྱོད་པའི་ཉེ་རྒྱུས།   འབྲས་བུ་ལམ་ལྔའི་ངོ་བོར་གྱུར་པའི་རྣལ་འབྱོར་ལྔ་དང་།   ས་བཅུ་མཐར་ཕྱིན་ཏེ་ཀུན་ཏུ་བཟང་པོའི་གོ་འཕང་ཐོབ་པར་འདོད་དོ། 
ཨ་ནུ་ཡོ་གའི་མདོ་ལུང་བདུན།      སྣང་སྲིད་ཡེ་སངས་རྒྱས་པ་ལྟ་བའི་ལུང་།  ལྷ་སྐུ་ཕྱག་རྒྱར་གསལ་བ་བསྐྱེད་རིམ་ལུང་།  བཟླས་བརྗོད་བསྙེན་པར་འབད་པ་སྔགས་ཀྱི་ལུང་།  ཆོས་དབྱིངས་ཡུམ་དུ་རོལ་བ་སྦྱོར་བའི་ལུང་།  ཞིང་བཅུ་རྩད་ནས་གཅོད་པ་སྒྲོལ་བའི་ལུང་།  ཚོགས་ཀྱི་འཁོར་ལོ་ཞལ་ཟས་མཆོད་པའི་ལུང་།  དབང་བསྐུར་དངོས་གྲུབ་ལེན་པ་གྲུབ་ཆེན་ལུང་།  བཅས་སོ། 
ཨ་ནུ་ཡོ་གའི་རྣམ་པར་གཞག་པ་བདུན།      ངོ་བོ།   ངེས་ཚིག  འཇུག་སྒོ  ལྟ་བ།   སྒོམ་པ།   སྤྱོད་པ།   འབྲས་བུའོ། 
ཨ་ནེ།     ①  ཕའི་སྲིང་མོའམ།   གཅེན་མོ་དང་གཅུང་མོ།   ཨ་ནེ་ཆུང་བ།   ②  བཙུན་མ།   ཨ་ནེའི་དགོན་པ།   ཨ་ནེའི་དབུ་མཛད།   ཨ་ནེས་བཙུགས་པའི་ཟམ་པ།   ཨ་ནེས་ཐར་པ་བཟོ་བ།  
ཨ་སྣོལ།  〔ཡུལ〕 མར་ཟན་དང་དོན་གཅིག
ཨ་སྣོལ་གན་བརྡུང་།  〔ཡུལ〕 མར་ཟན་དང་དོན་གཅིག
ཨ་པ།  〔ཡུལ〕  ①  ཧ་ལས་པའི་ཚིགཨ་པ་དེ་འདྲའི་ལྟད་མོ་ཆེ་བ་ལ།   ②  མི་བཟོད་པའི་ཚིག  ཨ་པ་སྡུག་བསྔལ་དྲག་ལ་རྩུབ་པ་འདི་འདྲ་མྱོང་བ་ཨང་།  
ཨ་པ་རཱ་ཛི་ཏ།  〔ལེགས〕  ①  གཞན་གྱིས་མི་ཐུབ་པ།    ②  སྨན་ཤུ་དག་དཀར་པོ།    ③རྣམ་སྲས་ཀྱི་འཁོར་ནོར་ལྷ་ཞིག
ཨ་པ་ལ།  〔ཡུལ〕 ཧང་སང་བ་དང་།   ངོ་མཚར་བའི་ཚིག  ཨ་པ་ལ་དེ་འདྲའི་ཡག་པ་ལ།   ཨ་པ་ལ་དེ་འདྲའི་ཡུན་རིང་པོ་འགོར་སོང་།  
ཨ་པི།      ཨ་ཙི་ཞེས་པ་དང་དོན་མཚུངས་ཏེ།   ཨ་པི་དེ་འདྲ་ཡིན་པ་ངས་མ་ཤེས་ཞེས་ལྟ་བུ། 
ཨ་པོ།     ①  ཁྱིམ་བདག་དང་།   སྤུན་མཆེད་རྒན་པ།   ཨ་པོ་ང་ཡིན།   དབྱུག་པ་གདུང་ཡིན།   ②  ཨ་པོ་ཧོར་གྱི་བསྡུས་ཚིག
ཨ་དཔལ་དགོན།      རྟག་བརྟན་གླིང་ཞེས་ཀྱང་གྲགས།   ཨ་དཔའ་འཇམ་དབྱངས་བསྟན་འཛིན་གྱིས་ཕྱག་བཏབས་མཛད།   འདེབས་ལོ་མི་གསལ།   གྲུབ་མཐའ་ཇོ་ནང་པ་ཡིན།   ད་ལྟ་རྔ་བ་བོད་རིགས་རང་སྐྱོང་ཁུལ་རྔ་བ་རྫོང་ཁོངས་སུ་ཡོད།  
ཨ་ཕ།     ①  ཁྱིམ་གྱི་བདག་པོ།   ②  སྐྱེད་བྱེད་ཕ།   ཨ་ཕ་མེད་ཅེས་གོ་སྟོད་སྟོང་པ་དང་།   ཨ་མ་མེད་ཅེས་གོ་སྨད་སྟོང་པར་ལུས་མི་ཡོང་།  
ཨ་ཕ་རྒྱ་བོ།  〔ཡུལ〕 ནས་ཀྱི་བྱེ་བྲག་ཅིག
ཨ་ཕིམ།  〔ཡུལ〕 སྔོ་སྨན་ཞིགསྐྱུག་བཤལ་དང་།   གཟེར་འཇགས།   གློ་འགོག་པ་བཅས་ལ་ཕན་ཞིང་།   དུག་རྫས་ཤིག་ཀྱང་ཡིན།  
ཨ་ཕིམ་སྐྱ་གོག  〔ཡུལ〕 མར་མེད་པར་ཕྱུར་བ་ཆུར་བརྗིས་པའི་ཐུད།  
ཨ་ཕོ།  〔ཡུལ〕 ཕོ་རྒོད་པོའམ་ཕོ་ཁྱོ་གདཀའ་ངལ་ཇི་ཙམ་ཆེ་ན་ཡང་།   ཨ་ཕོ་ང་རང་འཇིགས་མི་དགོས།   ཨ་ཕོ་རང་གིས་མ་འཇོན་ན།   སྐྱབས་མི་ལ་བཅོལ་བ་ལས་ཀྱི་མཐའ།   ཨ་ཕོ་རང་གིས་འཇོན་ན།   དགའ་ལྡན་ཁྲི་ལ་བདག་པོ་མེད།  
ཨ་ཕོ་ཧོར།      མིང་འདི་ཐོག་མར་བོད་ཡུལ་བྱང་ཕྱོགས་ནག་ཆུའི་འབྲོག་ཁུལ་དུ་འཚོ་སྡོད་བྱས་པའི་སོག་པོའི་འབྲོག་སྡེ་ལ་ལྷ་ས་བས་ཨ་པོ་ཧོར་ཞེས་འབོད།   དེང་དུས་དེ་ནག་ཆུ་ས་ཁུལ་གྱི་སྤྱི་མིང་ལྟ་བུ་ཞིག་ཆགས་ཡོད།
ཨ་ཕྱག་གཉིས།      ཨ་ཕྱག་གཟེར་འཇོམས་དང་།    ཨ་ཕྱག་འུག་ལག་ཡང་ཟེར་བའི་མིང་ཆེན་པོ་གཉིས་ཀྱི་བསྡུས་མིང་སྟེ།    སྐྱེམས་པ་ཚེ་དབང་གིས་མཛད་པའི་མན་ངག་བརྒྱ་རྩ་ལས།    ཨ་ཕྱག་གཉིས་ཞེས་པའི་སྐབས་སུ་འགའ་ཞིག་གིས་ཨ་ཕྱག་གཟེར་འཇོམས་རིགས་མི་འདྲ་ཙམ་གཉིས་ལ་བྱེད་པར་མཆིས་ཀྱང་དེ་ནི་མ་ཡིན་ཏེ་ཨ་ཕྱག་གཟེར་འཇོམས་ལ་ནུས་པ་གཅིག་ལས་རྒྱུད་དང་མན་ངག་གང་ནས་ཀྱང་མ་གསུངས་པས་ཡོངས་གྲགས་ཨ་ཕྱག་གཟེར་འཇོམས་དང་།    ཨ་ཕྱག་འུག་ལག་ཀྱང་ཟེར་བའི་མིང་ཆེན་སེར་པོ་དང་གཉིས་ཀྱི་བསྡུས་མིང་ཡིན་ནོ།    ཞེས་གསུངས་པ་ལྟར་རོ།  
ཨ་ཕྱག་གཟེར་འཇོམས།      སྔོ་སྨན་གྱི་རིགས་ཤིག་སྟེ།   རོ་ཁ་ལ་བསྐ།   ཞུ་རྗེས་བསིལ།   ནུས་པས་མགོ་བོའི་རུས་པ་ཆག་པ་སྦྱོར།   རྨའི་ཤའུ་གསོ།   ཁྲག་རླུང་གིས་སྟོད་གཟེར་འཇོམས།   ཆུ་སེར་སྐེམ།   མིང་གི་རྣམ་གྲངས་ལ་གནོད་སྦྱིན་མིག་དང་།   སྤང་གི་གུར་གུམ།   མིང་ཅན་སེར་ཆུང་།   མེ་ཏོག་གུར་གུམ།   རང་འཐག་མགོལུག་མིག་སེར་པོ།   ལྷ་ཁང་གུར་གུམ།   ཨ་བྱག་གུར་གུམ་བཅས་སོ།
ཨ་ཕྱི།      ཨ་ཕྱི་མའི་བསྡུས་ཚིག
ཨ་ཕྱི་མ།     ①  ཕ་དང་མའི་ཨ་མ།   མིང་གི་རྣམ་གྲངས་ལ་ཕྱི་མོ་དང་།   མ་ཡི་མ།   ཨ་ཕྱི་བཅས་སོ།       ②  འབྲི་གུང་པའི་སྲུང་མ་ཞིག
ཨ་ཕྱུག    ས་ཆའི་མིང་།   ཁམས་སྡེ་དགེ་རྫོང་ཨ་ཕྱུག་ནི་གླིང་གེ་སར་རྒྱལ་པོའི་འཁྲུངས་ཡུལ་ཡིན་པར་གྲགས།   
ཨ་ཕྲག    ཨམ་ཕྲག་གི་འབྲི་ཚུལ་གཞན།  
ཨ་ཕྲུག     ①  བུ་ཕྲུག   ②  རྒྱུག་ཁྱིའམ།   དགོས་ངེས་སྐབས་བསྐུལ་རྒྱུའི་གཡོག་པོ།  
ཨ་ཕྲུམ།  〔ཡུལ〕 ཕྲུམ་རུས། 
ཨ་ཕྲེང་།      དབྱངས་ཡིག ཨ་ཕྲེང་ཀ་ཕྲེང་།  
ཨ་བ།  〔ལེགས〕 ཨ་ནས་བ་བར་སོ་སོར་བསྡུ་བའི་ཡི་གེ་སྟེ་ལེགས་སྦྱར་སྐད་ཀྱི་དབྱངས་དང་སྒྲ་ལྡན་སྤྱིའི་མིང་།   ཨ།      ཨི།      ཨུ།      རྀ།      ལྀ།      ཨེ།      ཨཻ།      ཨོ།      ཨཽ།      ཧ།      ཡ།      ཝ།      ར།      ལ།      ཉ།      ཎ།      ན།      ང།      མ།      ཛྷ།      ཌྷ།      དྷ།      གྷ།      བྷ།      ཛ།      ཌ།      ད།      ག    བ།   Š
ཨ་བ་གླང་མགོ   གཤིན་རྗེའི་ལས་མཁན།  
ཨ་བ་དྷུ་ཏི་པ།      ཇོ་བོ་རྗེ་ཨ་ཏི་ཤའི་བླ་མ་བྱམས་པའི་རྣལ་འབྱོར་པ་ཞེས་གྲགས་པ་དེ་ཡིན།   འདིའི་ལོ་རྒྱུས་ཚེ་ཆོག་གླིང་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ནང་གསལ།  
ཨ་བ་དྷཱུ་ཏཱི།  〔ལེགས〕   ①  ལེན་པ་དང་།   འཇིགས་པ།   ངོ་ཚ་བ།   སྤངས་པ་བཅས་ལ་འཇུག་ཅིང་།   སྐབས་འདིར་ཀུན་སྤངས་ལ་གོ་བ།   ②  འཆི་བ་སྲེག་བྱེད་དེ།   ལུས་ཀྱི་རླུང་ཁམས་ཀྱི་རྟེན་བྱེད་པའི་རྩ་དབུ་མའི་མིང་གི་རྣམ་གྲངས་ཤིག
ཨ་བ་བྷྲཾ་ཤ  〔ལེགས〕 ཡུལ་མི་བྱིངས་ཀྱི་སྐད་ལས་ཟུར་ཆག་པའམ་ཉམས་པའི་སྐད་དེ་རྒྱ་གར་གྱི་སྐད་རིགས་ཆེན་པོ་བཞིའི་ནང་གསེས་ཤིག
ཨ་བ་རི།      མཐོང་ཆུང་གི་སྙིང་རེ་རྗེ།   མི་ཁྱོད་འདྲའི་རྒོད་མདོག་ཨ་བ་རི།  
ཨ་བ་ལོ་ཀི་ཏཿ  〔ལེགས〕 སྤྱན་རས་གཟིགས།  
ཨ་བ་སེ།      བྱང་པ་བཀྲ་ཤིས་རྣམ་རྒྱལ་གྱིས།   རྩྭ་ཨ་ཝ་དང་།    སེ་རྒོད་ཀྱི་འབྲས་བུ་གཉིས་ཀྱི་བསྡུས་མིང་དུ་བཞེད།    སྔ་རབས་པ་འགའ་ཞིག་ཡུངས་ཀར་གྱི་མིང་དུ་བཞེད་པའང་མཆིས་པས་རྟོགས་ཤིག
ཨ་བོ།     སྤུན་མཆེད་ཆུང་བའི་མིང་།  ནུ་བོ་དང་དོན་གཅིག  
ཨ་བང་།      ཨ་ནེའི་ཁྱོ་བོའི་འབོད་མིང་སྟེ།   འདི་ལ་བང་པོ་ཡང་ཟེར།  
ཨ་བའི་ཡི་གེ་ཉེར་དགུ།      ཨ་ནས་བ་བར་སོ་སོར་བསྡུ་བའི་ཡི་གེ་སྟེ་ལེགས་སྦྱར་སྐད་ཀྱི་དབྱངས་དགུ་དང་སྒྲ་ལྡན་ཉི་ཤུ་ཐམ་པ། 
ཨ་བར།      སྨན་ཨ་རུ་དང་བ་རུ་རའི་བསྡུས་ཚིག
ཨ་བར་སྐྱུར་གསུམ།      སྨན་ཨ་རུ་ར་དང་།   བ་རུ་ར།   སྐྱུ་རུ་ར་གསུམ་གྱི་བསྡུས་ཚིག
ཨ་བི་ཥ།      འདི་རི་མཐོའི་རྫ་རི་འཇམ་པོར་སྐྱེ་བ་དང་།   ངར་པའི་མཐོ་ཚད་སྨི་0.30.5ཙམ་ཟིན་པ་ཆིག་སྐྱེས་ལ།   ལོ་མ་ལྗང་དཀར་མཐུག་ལ་འཇམ་པ་བཞི་ལྔ་ཙམ་ཕྱོགས་གཉིས་ནས་རེས་མོས་ཀྱེ་བ།   ཟླ་བ67པར་མེ་ཏོག་སྐྱ་བོ་སྨུག་མདངས་སྐག་ཐིག་ཅན་འདབ་མ་དྲུག་རེ་ཡོད་པ་ཅོང་དྲིལ་ལྟར་སྦུབ་ནས་བཞད་པ།   མེ་ཏོག་གི་ནང་ནས་རིམ་བཞིན་འབྲས་བུ་སྨིན་པ།   ཟླ་89པར་གང་བུ་ལྗང་སྐྱ་ཟུར་དྲུག་པའི་ནང་དུ་ས་བོན་ལེབ་མོ་སྙིང་དབྱིབས་མང་པོ་བརྩེག་པ་འདོགས་པ།   རྩ་བའི་ཡུ་བ་ཕྲ་ལ་རིང་ཐུང་སྨི་0.10.3ཙམ་གྱི་མཚམས་སུ་ཤ་རྒྱུའི་རྩ་བ་དཀར་པོ་རྡོག་པོ་ཉིས་སྦྱར་བར་དུ་ལྕེ་ཆུང་ཡོད་པ།   ཀུན་གྱིས་རྫ་ཡུང་ཞེས་ངོས་འཛིན་སླ།   རོ་མངར།   ཞུ་རྗེས་བསིལ།   ནུས་པས་མགོ་ལ་སོགས་པའི་རུས་པ་ཆག་པ་སྦྱོར།    དུག་ཚད་སེལ། 
ཨ་བུ།      ཨ་མདོའི་སྐད་དུ་ཕུ་བོའི་དོན་ཡིན།   
ཨ་བོ།  〔ཡུལ〕  ①  ཁྱོ་གའམ་མི་སྐྱ།   ②  བདག་གམ་ང་རང་།   ཨ་བོའི་བཀོད་པ་ཁོག་ན་ཡོད།  
ཨ་བོ་ཙི།      ཡུལ་སྐད་ལ་ལར་སླ་བ་དང་སྐྱོན་མེད་པ།   གལ་ཆེན་མིན་པ་སོགས་ཀྱི་དོན།  
ཨ་བོ་ཙམ།      འགྲིག་ཙམ་དང་སྐྱོན་མེད་པ་བཟང་ཙམ་བྱུང་བར་གོལས་ཀ་དེ་ངས་བྱས་ན་ཨ་བོ་ཙམ་ཡོང་གི་རེད། 
ཨ་བྱག   ཨ་བྱག་གཟེར་འཇོམས་དང་ཨ་བྱག་ཚེར་སྔོན་གྱི་སྤྱི་མིང་།   ཨ་ཕྱག་ཀྱང་སྣང་།   
ཨ་བྱག་ཚེར་སྔོན།      སྔོ་སྨན་གྱི་ནང་ཚན་ལོ་སྡོང་ཚེར་མ་ཅན་མེ་ཏོག་སྔོན་པོ་འཆར་བ་ཞིག་སྟེ།   རོ་ཁ།   ཞུ་རྗེས་བསིལ།   ནུས་པས་རུས་ཚད་དང་།   རུས་པ་གས་ཆག་ཤོར་བ།   ལུས་སྟོད་དང་རྩིབ་ལོགས་གཟེར་བ་སོགས་ལ་ཕན།   མིང་གི་རྣམ་གྲངས་ལ་སྔོན་པོ་དར་ཡ་ཀན་དང་།   སྔོན་པོ་བདེ་སྐྱེད།   ཆུ་འབྱིན་རྒྱལ་པོ།   མདའ་གཞུ་ཅན།   ཚེར་མ་དར་བཏུམ།   ཟུག་རྔུ་འདྲེན་བྱེད།   ཨ་ཙ་རའི་རླིག་འབྲས་བཅས་སོ།  
ཨ་བྱག་གཟེར་འཇོམས།      སྔོ་ཞིག
ཨ་བྱི་ལི་དཀར།      ཏིས་བྱི་ལི་དཀར་དང་དོན་གཅིག
ཨ་སྦྱར།     ①  ཆུ་ཁོལ་དང་།   ཇ་འཇམ་གང་རུང་གི་ནང་དུ་མར་གྱི་སྡོར་ཕྲན་བུ་བཏབ་པའི་སྐྱོ་མ་སླ་མོའི་མིང་ཡིན་ཏེ།   དེ་འཇུ་སླ་བ་དང་མ་ཞུ་བ་རྣམས་སེལ་བར་བྱེད་དོ།   ②  ལེགས་སྦྱར་སྐད་ལུགས་ལ་མིང་གི་སྔོན་དུ་ཨ་ཡིག་སྦྱར་བས་དགག་པ་དང་།   ཐེ་ཚོམ་སྟོན་པ།   འཆི་བའི་སྐད་དོད་མྲྀ་ཏ་ཟེར་བའི་སྔོན་དུ་དགག་ཚིག་ཨ་སྦྱར་བ།   ཨ་མྲྀ་ཏཿ
ཨ་བྲ།      ཨབ་ར་དང་དོན་གཅིག
ཨ་བྲག་དགོན།      རབ་བྱུང་བཞི་པའི་ལྕགས་ཡོས་སྤྱི་ལོ༡༢༣༡་ལོར་སྒ་སེ་ལེབ་གཅོད་པ་བསྟན་འཛིན་དབང་རྒྱལ་གྱིས་བཏབས།    གྲུབ་མཐའ་འབྲི་གུང་བཀའ་བརྒྱུད་ཡིན།    ད་ལྟ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་རྫོང་ཁོངས་སུ་ཡོད། 
ཨ་འབྲིག〔སྡེ་དགེ〕ཐང་ཤིང་གི་སྡོང་པོ་དུམ་བུ་མང་པོར་བཏུབས་པའི་ཆ་ཤས་རྣམས་ཀྱི་མིང་ཡིན།  
ཨ་བྷི་དྷརྨ།  〔ལེགས〕 ཆོས་མངོན་པ།  
ཨ་བྷི་དྷརྨ་ཀོ་ཥ་ཀཱ་རི་ཀཱ།  〔ལེགས〕 བོད་སྐད་དུ་ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ།   རྒྱ་གར་གྱི་སློབ་དཔོན་དབྱིགས་གཉེན་གྱིས་མཛད་པ། 
ཨ་བྷི་ཤཱི་ཙ་མུ།      རྒྱ་གར་སྐད་དེ།   བོད་སྐད་དུ་བསྒྱུར་ན་མངོན་པར་དབང་བསྐུར་ཞེས་པའི་དོན།  
ཨ་བྷི་ཥ།  〔ལེགས〕 དུག་མེད་ཅེས་པ་སྔོ་སྨན་གྱི་རིགས་ཤིག་སྟེ།   རོ་མངར།   ཞུ་རྗེས་བསིལ།   ནུས་པས་མགོ་བོའི་རུས་པ་ཆག་པ་དང་།   དུག་ཚད་སེལ།  
ཨ་“བྷྱ”་ཀ་ར།      ཨ་“བྷྱ”་ནི་ཡོན་ཏན་དང་།   ཨ་ཀ་ནི་འབྱུང་གནས་ཀྱི་དོན་ཏེ་ཡོན་ཏན་འབྱུང་གནས་ཞེས་པའོ། 
ཨ་བྷྲ་ཀཾ།     ལེགས་སྦྱར་སྐད་ཀྱི་ལྷང་ཚེར་གྱི་མིང་གི་རྣམ་གྲངས་ཤིག་སྟེ།   བོད་ཀྱི་སྐད་དུ་བསྒྱུར་ན།    སྤྲི་གཟུགས་ཞེས་འགྱུར་བར་དཔལ་སྤུངས་དབོན་ཀརྨ་ངེས་ལེགས་བསྟན་འཛིན་གྱིས་མཛད་པའི་དངུལ་ཆུའི་གདམས་པ་ལས་གསུངས། 
ཨ་བྷྲ་ཧ་རི།      ལེགས་སྦྱར་སྐད་ཀྱི་ལྷང་ཚེར་གྱི་མིང་གི་རྣམ་གྲངས་ཤིག་སྟེ།    བོད་ཀྱི་སྐད་དུ་བསྒྱུར་ན།    འཕྲོག་བྱེད་སྤྲིན་གཟུགས་ཞེས་འགྱུར་བར་ཨོ་རྒྱན་པ་རིན་ཆེན་དཔལ་གྱིས་མཛད་པའི་དངུལ་ཆུའི་ཞལ་གདམས་ལས་གསུངས། 
ཨ་འབྲས།      ཤིང་སྨན་གྱི་རིགས་ཤིག་སྟེ།   རྒྱ་གར་སོགས་ཨ་ཤེ་ཡ་གླིང་རྒྱལ་ཁབ་ཁག་གི་ཚ་བ་ཆེ་བའི་ས་ཁུལ་དང་།  ཡུན་ནན།    ཀོང་ཤིས།   ཀོང་ཏུང་།   ཧྥུ་ཅན།    ཐའེ་ཝན་སོགས་སུ་འདེབས་འཛུགས་བྱེད་ཀྱི་ཡོད།   ཚ་ལ་ཁ་ཞིང་བསྐ་བ།   ཞུ་རྗེས་དྲོད།   ནུས་པས་མཁལ་མའི་གྲང་བ་སེལ། 
ཨ་མ།     ①  ལུས་སྐྱེད་བྱེད་ཀྱི་མ།   དྲིན་ཅན་ཨ་མ།  ཨ་མ་འབོད་ལོང་མེད་པ།   ཨ་མ་མ་གཏོགས་མི་མི་ཤེས།   ཐབ་ཀ་མ་གཏོགས་ས་མི་ཟེས།    ②  ཁྱིམ་འཛིན་བུད་མེད་རྒན་པ།   ཨ་མ་རྒད་མོ།   ③  〔མངོན〕 ཡུངས་ཀར་གྱི་འབྲས་བུ།  
ཨ་མ་ན་སེ།  〔ལེགས〕 ཡིད་ལ་མི་བྱེད་པ།  
ཨ་མ་ཚད་རྡོ།      བོད་ཀྱི་ཞིང་གའི་དཀྱིལ་རྟགས་སུ་འཛུགས་པའི་རྡོ། 
ཨ་མ་ལེ་ཧོ།  〔ཡུལ〕 དགའ་བའི་གཞས་ཚིག་ཅིག
ཨ་མའི་བུ།           ①  བུ་ཤིན་ཏུ་རྒོད་པའི་དོན་ཡིན།   བུ་ཆུང་ཚིག་ཤད་ཆེན་པོ་མ།   ཨ་མའི་བུ་ལ་མ་ཐུག་རེད་ལྟ་བུའོ།   ②  མི་གོ་ཆོད་དམ།   ཁྱོ་ག 
ཨ་མའི་འབྲས་བུ་རིགས་བཞི།      ཕྱི་སྨིན་ནང་མ་སྨིན་པ།   ནང་སྨིན་ཕྱི་མ་སྨིན་པ།   ཕྱི་ནང་གཉིས་ཀ་སྨིན་པ།   ཕྱི་ནང་གཉིས་ཀ་མ་སྨིན་པའོ། 
ཨ་མའི་ཨོ་ལོ།      མི་གོ་ཆོད་དམ།   ཕོ་ཁྱོ་ག
ཨ་མའོ།      〔ཡུལ〕     ①  གདུང་བའི་འབོད་སྒྲ།   ཨ་མའོ་ང་རབ་ཏུ་ཕམ།   ཤིན་ཏུ་ཕམ་མོ།   ②   འཇིགས་སྐྲག་གི་ཚིགཨ་མའོ་ང་རེ་འཇིགས།   ཅི་རང་དྲག
ཨ་མི་ཏཱ་བྷ།  〔ལེགས〕 འོད་དཔག་མེད།   
ཨ་མི་དེ་བ།      ཨ་མི་ཏཱ་བྷ་དང་འདྲ།  
ཨ་མེས།     ①  སྤོ་བོའམ་མེས་པོ།   ②  ཇོ་བོ་རྗེའི་སློབ་མ་གཙང་པ་ཡིན་པ་དེའི་མིང་ཆ་ཚང་ལ་ཨ་མེས་བྱང་ཆུབ་འབྱུང་གནས་ཟེར། 
ཨ་མེས་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན།      དཔལ་ས་སྐྱ་དགོན་གྱི་ཁྲི་པ་ཉེར་དྲུག་པ་འདི་ཉིད་རབ་བྱུང་དགུ་པའི་མེ་བྱ་སྤྱི་ལོ༡༥༣༧ལོར་ཡབ་སྔགས་འཆང་གྲགས་པ་བློ་གྲོས་རྒྱལ་མཚན་དང་།   ཡུམ་ལྕམ་མོ་སྲས་བསོད་ནམས་རྒྱལ་མོ་གཉིས་ཀྱི་སྲས་སུ་ས་སྐྱའི་ལྷ་ཁང་ཆེན་མོ་ཕུན་ཚོགས་གླིང་གི་བླ་བྲང་དུ་སྐུ་བལྟམས།   གཞོན་ནུ་ནས་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་བཞེས།   དེ་ནས་ཡོངས་རྫོགས་དགེ་བསྙེན་རྡོ་རྗེ་འཛིན་པའི་བརྟུལ་ཞུགས་ལ་གནས་པར་མཛད།   དགུང་གྲངས་ཉི་ཤུ་རྩ་བཞི་བཞེས་པ་རབ་བྱུང་དགུ་པའི་ལྕགས་སྤྲེལ་སྤྱི་ལོ༡༥༦༠ལོར་ས་སྐྱ་དགོན་གྱི་གདན་ཁྲིར་ཕེབས།   དགུང་གྲངས་སོ་གསུམ་བཞེས་པ་རབ་བྱུང་བཅུ་པའི་ས་སྦྲུལ་སྤྱི་ལོ༡༥༦༩ལོར་འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་ཞེས་བྱ་བ་ལྗགས་རྩོམ་མཛད་པ་སོགས་ལུགས་གཉིས་ཀྱི་མཛད་འཕྲིན་ལེགས་པར་སྤེལ།   འདས་ལོ་མི་གསལ། 
ཨ་མེས་གུར།      ཕྱག་བཏབ་མཁན་དང་བཞེངས་ལོ་མི་གསལ།   གྲུབ་མཐའ་དགེ་ལུགས་པ་ཡིན།   ད་ལྟ་མཚོ་སྔོན་རྨ་ལྷོ་རྩེ་ཁོག་རྫོང་ཁོངས་སུ་ཡོད།   
ཨ་མེས་བཞི་བདག་ལྷ་ཁང་།      རབ་བྱུང་བཅུ་གསུམ་པའི་ལྕགས་བྱི་སྤྱི་ལོ་༡༧༨༠ལོར་པཎ་ཆེན་བློ་བཟང་བསྟན་པའི་ཡེ་ཤེས་ཀྱི་བཀའ་ལྟར་བཞེངས།   གྲུབ་མཐའ་དགེ་ལུགས་ཡིན།   ད་ལྟ་མཚོ་ཤར་སྐུ་འབུམ་རྫོང་ཁོངས་སུ་ཡོད།  
ཨ་མོ་ནིག     ①  རྡོ་ཤོ་ཕོ་རོག་གམ།   ཕུལ་རྡོ་སྟེ་རྡོ་ནག་གྲུ་བཞི་ཞིག་གི་མིང་།   མང་ཆེ་བ་ལྷོ་བྲག་ནས་ཐོན་ཞིང་།   ཁ་རྒྱུན་དུ་ལྷའི་གནས་སུམ་ཅུ་རྩ་གསུམ་གྱི་ལྷའི་རྡོ་ཡིན་པར་བཤད།   ②  གདན་ཁྲ་བོ་རིང་པོ།  
ཨ་མོ་མོ།      མང་པོར་ཧ་ལས་པའི་བརྗོད་ཚུལ། 
ཨ་མོང་།      དུད་འགྲོའི་བྱེ་བྲག་རྔ་མོང་སྟེ།    གཟུགས་ཆེ་སྐེ་རིང་ཁ་ཤོ་སྒལ་པར་ཤ་རྡོག་གཉིས་ལྡན་བྱེ་ཐང་དུ་ཁལ་འདྲེན་བྱེད་ལ་སྤྱོད་པ། 
ཨ་མྱེ།  〔ཡུལ〕 ཕའི་ཕ་དང་།   མའི་ཕ།  
ཨ་མྱེ་དཀར་ལྡང་།      རི་བོ་ཞིགམཚོ་སྔོན་ཞིང་ཆེན་ཁོངས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྩེ་ཁོག་རྫོང་ཁོངས་སུ་ཡོད།  
ཨ་མྱེ་དགོན།      སྔོན་འབྲོག་པའི་རུ་བ་དང་མཉམ་དུ་སྤོར་སྐྱས་བྱ་བའི་སྦྲ་དགོན་ཞིག་ཡིན།    རབ་བྱུང་བཅོ་ལྔ་པའི་ཤིང་བྱི་སྤྱི་༡༩༢༤ལོར་དགོན་གནས་གཏན་འཁེལ་ཅན་གྱི་ལྷ་ཁང་བཞེངས།   གྲུབ་མཐའ་རྙིང་མ་པ་ཡིན།    ད་ལྟ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་ཁོངས་སུ་ཡོད། 
ཨ་མྱེ་དཔལ་ཆུང་དགོན།      མིང་གཞན་ཨར་མེ་དགོན་དང་།   དཔལ་ཁྱིམ་ཕར་མེ་དགོན་ཟེར།   གནས་འདིར་ཐོ་མར་ཀརྨ་མཐུ་སྟོབས་ཞེས་པས་དགོན་པ་བཏབས།   དེ་ནས་མི་རབས་མང་ཙམ་གྱི་རྗེས་སུ་ཀཿཐོག་ནས་གཏེར་ཆེན་བདུད་རྡོ་རྗེ་གདུལ་བྱར་ཕེབས་སྐབས།   འཇའ་ཚོན་ཆོས་སྐོར་དང་གཤིན་རྗེ་གཤེད་ཀྱི་དབང་ལུང་སོགས་གནང་།   ཨར་མེ་དབང་ལྡན་ཞེས་པ་ཤུད་བུ་དཔལ་སེང་གི་སྤྲུལ་པ་ཡིན་པར་ངོས་འཛིན་སྟེ་རབ་བྱུང་བཅུ་བཞི་པའི་ཤིང་ལོས་སྤྱི་ལོ་༡༦༡༥་ལོར་དགོན་དེའི་ཁྲི་ལ་བཀོད།   དེ་ནས་བཟུང་གྲུབ་མཐའ་རྙིང་མ་ཡིན།   ད་ལྟ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་རྫོང་མདོ་ཁོངས་སུ་ཡོད།  
ཨ་མྱེས་རྨ་ཆེན།     ①  གངས་རི་ཞིགརྨ་རྒྱལ་སྦོམ་ར་དང་རྨ་རྒྱལ་གངས་རིའང་ཟེར།   མཚོ་སྔོན་ཞིང་ཆེན་གྱི་ཤར་ལྷོ་རྒྱུད་དུ་ཡོད།   དེའི་མཚོ་ཚད་རྒྱ་མཚོ་ངོས་ལས་སྨི༦༢༨༢ཡོད།   ②  མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་སར་གནས་པའི་གཞི་བདག་ཆེན་པོ་ཞིག
ཨ་མྱེས་རྨ་ཆེན་གངས་ཀྱི་རི་བོའི་དཀར་ཆག   བོད་སྲིད་པ་ཆགས་པའི་ལྷ་དགུའི་ཡ་གྱལ་དུ་གྲགས་པའི་ཨ་མྱེས་རྨ་རྒྱལ་ཞེས་པའི་གཞི་བདག་གཉན་པོའི་ལོ་རྒྱུས་ཀྱི་དཀར་ཆག 
ཨ་མྱེས་རི་ཆེན།      རི་བོ་ཞིགམཚོ་སྔོན་ཞིང་ཆེན་ཁོངས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཐུང་རིན་རྫོང་ཁོངས་སུ་ཡོད། 
ཨ་མྱེས་རི་ལང་ལྷ་ཁང་།      རབ་བྱུང་ལྔ་པའི་ས་ཡོས་སྤྱི་ལོ༡༢༧༩་ལོར་བཞེངས་པར་བཤད།   ལན་འགྲོ་འོག་མའི་ལྷ་ཁང་ཟེར་བ་དང་དོན་གཅིག་ཡིན་པ་འདྲ།   གྲུབ་མཐའ་རྙིང་མ་པ་ཡིན།   ད་ལྟ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོངས་སུ་ཡོད།  
ཨ་མྲ།     ①  ཤིང་སྡོང་ཨ་མྲའམ།   དེའི་ཤིང་ཐོག་སྟེ།   བསེ་ཡབ་ཀྱི་བཟོ་ལྟ་ནང་བཞིན་ཡིན་ཞིང་།   ཐོག་མཐའ་བར་གསུམ་དུ་ཁ་དོག་འདྲ་འདྲ་ཡིན་པས་སྨིན་པ་ཡིན་མིན་ཤེས་དཀའ་བ་ཞིགམིང་གི་རྣམ་གྲངས་ལ་རྐང་དྲུག་ཚེས་དང་།   མངོན་འདོད།   དཔྱིད་ཀྱི་ཤིང་།   བུད་མེད་དགའ།   སྦྲང་རྩིའི་ཕོ་ཉ།   རོ་ལྡན་བཅས་སོ།       ②  འབྲས་ཤིང་གི་བྱེ་བྲག་ཅིག
ཨ་མྲའི་འཁུར་བ།      ཤིང་ཐོག་ཨ་མྲ་ལས་བཟོས་པའི་བཅའ་བ།  
ཨ་མྲྀ་ཏ།  〔ལེགས〕  ①  འཆི་བ་མེད་པ།   ②  བདུད་རྩི།  
ཨ་ཙ་མ།  〔རྙིང〕 ཕངས་པོ་བྱེད་པའི་ཚིག་གམ།   སྙིང་རྗེའི་ཉམས།   ཨ་ཙ་མ།   དེ་མི་ལེགས་པ་ཞིག་བྱས་སོང་།  
ཨ་ཙ་ཙ།      ཨ་ཚ་ཚ་དང་འདྲ།  
ཨ་ཙ་ར།  〔ལེགས〕  ①  སློབ་གཉེར་བ།   ②  རྒྱ་གར་གྱི་སྔགས་མཁན་རྣལ་འབྱོར་པ།  
③བཞད་གད་སློང་མཁན། 
ཨ་ཙ་ར་དཀར་ནག་ཁྲག་གསུམ།      ཨ་ཙ་ར་དཀར་པོ་ཇོ་བོ་རྗེ།   ཨ་ཙ་ར་ནག་པོ་ཕ་དམ་པ།   ཨ་ཙ་ར་ཁྲ་བོ་པདྨ་འབྱུང་གནས་སོ། 
ཨ་ཙ་ར་གླང་ཁྲིད།      སྔར་བོད་ཀྱི་དགོན་པ་ཁག་གི་འདུ་ཁང་གི་སྒོ་མཆོར་དང་།   སྐུ་དྲག་གམ་བླ་མའི་གཟིམས་ཤག  ཚོམས་ཆེན་རྣམས་ཀྱི་ལྡེབས་སུ་ཨ་ཙ་རའི་རྣམ་པ་ཅན་གྱི་ནོར་ལྷས་གླང་ཆེན་ནོར་བུས་བཀང་བ་ཞིག་ཁྲིད་པའི་རི་མོ་འབྲི་སྲོལ་ཡོད།   ཨ་ཙ་ར་ནི་ཚོགས་བདག་གླང་སྣའི་སྤྲུལ་པ་ཡིན་ལ།  གླང་ཆེན་ནི་དེའི་བཞོན་པ་ཡིན་པར་བཤད་ཅིང་།  ལོངས་སྤྱོད་ཕུན་སུམ་ཚོགས་པ་འབྱུང་བའི་རྟེན་འབྲེལ་གྱི་ཆེད་དུ་བྲིས་པའི་ལྡེབས་རིས་ཤིག
ཨ་ཙི།     ①  ཧ་ལས་པ་དང་།   ཡ་མཚན་སྐྱེ་བ།   འཇིགས་དངངས་སྐྱེ་བ་སོགས་བརྗོད་པའི་ཚིག  ཨ་ཙི།   དེ་འདྲ་ཁྱད་མཚར།   ཨ་ཙི།   དེ་འདྲ་མ་བྱེད།   ཨ་ཙི།   ཕྱགས་ཕེབས་གནང་བྱུང་།   ②  ཀུ་རེ་ཡིན་པར་སྟོན་པའི་ཚིགཨ་ཙི།   རྩེད་མོ་ཡིན།  
ཨ་ཙི་ཙི།      ཨ་ཙི་དང་འདྲ།  
ཨ་ཙུག  〔ཡུལ〕 ཐེ་ཚོམ་དང་།   དྲི་བའི་ཚིགསྐྱིད་སྡུག་ལེགས་ཉེས་ཨ་ཙུག་ཡོང་།   ལས་ཀ་འདི་འདྲ་བྱས་ན་ཨ་ཙུག
ཨ་ཙེ།      ཨ་ཙི་དང་འདྲ།  
ཨ་རྩ་མཚོ།      མཚོ་ཞིགབོད་རང་སྐྱོང་ལྗོངས་ཀྱི་ལྷ་རི་རྫོང་ཁོངས་སུ་ཡོད།  
ཨ་ཚ།      ན་ཟུག་ལྡང་བའི་སྒྲ།   ཁ་འོ་མས་བསྲེགས་ཀྱང་ཨ་ཚ་མི་ཟེར།   བུ་ཕ་མས་བརྡུངས་ཀྱང་བསམ་པ་མི་སྡུག 
ཨ་ཚ་ཚ།      ཚ་རེག་མ་བཟོད་པའི་སྡུག་སྐད།   ཨ་ཚ་ཚ།   རྨ་ཁ་ལ་ཚ་རེག་གི་ཟུག་རྔུ་ཚབས་ཆེན་ལྡང་བྱུང་།   མེས་ཚིག་ནས་ཨ་ཚ་ཚ་ཟེར།  
ཨ་ཚག་ཚག་པ།      〔ཡུལ〕འབུ་ཆ་ག་པ། 
ཨ་ཚོབ།  〔སྐྱེ་རྒུ〕ཞེ་སྐྲག་ཆེ་བའི་དོན་ཡིན།   ཨ་ཚོབ་འདྲེ་མཐོང་ཡོང་ལྟ་བུའོ། 
ཨ་ཚ་སྐེ་རིང་།      མུག་གེའི་ཧ་མིང་གཞན་ཞིག་ཡིན།  
ཨ་ཚོགས་དགོན།      རབ་བྱུང་བཅོ་ལྔ་པའི་ས་གླང་སྤྱི་ལོ༡༨༨༩་ལོར་ཨ་ཚོགས་བླ་མ་དཀོན་མཆོག་ཆོས་དར་གྱིས་བཏབས།   གྲུབ་མཐའ་དགེ་ལུགས་པ་ཡིན་ད་ལྟ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩི་གོར་ཐང་རྫོང་ཁོངས་སུ་ཡོད།  
ཨ་མཚར་པོ།     ①  ཡ་མཚན་པོའམ།   ངོ་མཚར་པོ།   འཕྲུལ་ཆས་ཨ་མཚར་པོ།   ②  ཁྱད་མཚར་པོ།   ས་བོན་མ་བཏབ་པར་མྱུ་གུ་སྐྱེ་བ་དེ་ཨ་མཚར་པོ།  
ཨ་རྫ་ཀའི་དོག་པ།     ①  མེ་ཏོག་ཅིག་སྟེ།   མེ་ཏོག་ཉི་དགའི་འདབ་མ་ལ་ངོས་འཛིན་མཁན་ཡང་ཡོད།       ②  ལྕམ་པའི་འབྲས་བུ། 
ཨ་འཛོམས་དགོན།      རབ་བྱུང་བཅུ་པའི་ལྕགས་འབྲུག་སྤྱི་ལོ༡༥༨༠་རྒྱལ་བ་བསོད་ནམས་རྒྱ་མཚོའི་བཀའ་ལུང་བཞིན་བཀྲ་ཤིས་འབུམ་གྱིས་བཏབས།   གྲུབ་མཐའ་རྙིང་མ་པ་ཡིན།   ད་ལྟ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཔལ་ཡུས་རྫོང་ཁོངས་སུ་ཡོད།  
ཨ་ཛཱ་ལི།      ཨ་རུ་ར་དང་།   ཛཱ་ཏི།    ལི་ཤི་གསུམ་གྱི་བསྡུས་མིང་འབྲི་སྲོལ་ཞིག
ཨ་ཝ།     ①  སྒོ་འབྱེད་དེ་སྔོ་སྨན་གྱི་རིགས་ཤིག  རོ་ཁ།   ཞུ་རྗེས་བསིལ།    ནུས་པས་མིག་ནད་དང་།   དུག་ནད་སེལ།   བྱང་ཁོག་གི་རྨའི་རྣག་ཆུ་སྐེམ།   ②  སྔོ་སྨན་ཀོ་ཤ    ③  〔ཡུལ〕 སྔར་བོད་ཀྱི་མི་དྲག་ཚོའི་ཕྲུ་གུའི་ཞེ་སའི་མིང་།   ཨ་ཝ་འཁོར་བ།   ཨ་ཝ་བསྲས།   ཨ་ཝ་སྲས་མོ། 
ཨ་ཝ་གཉིས།      རྩྭ་ཨ་ཝ་དང་།    རྡོ་ཨ་ཝ་ཡང་ཟེར་བའི་མདུང་རྩེ་སྨུག་པོ་དང་གཉིས་ཀྱི་བསྡུས་མིང་སྟེ།   སྡེ་དགེ་དྲུང་འཚོ་བ་གུ་རུ་འཕེལ་གྱིས་མཛད་པའི་སྨན་གྱི་བརྡ་བསྡུས་དང་གབ་མིང་འགའ་ཞིག་བཀྲོལ་བ་བློ་གསལ་མགྲིན་པའི་རྒྱན་ལས།    སྒོ་འབྱེད་གཉིས་ནི།    རྩྭ་ཨ་ཝ་དང་།    རྡོ་ཨ་ཝ་ཡང་ཟེར་བའི་མདུང་རྩེ་སྨུག་པོ་དང་གཉིས་ཀྱི་མིང་ངོ་།    འདིར་མདུང་རྩེ་ལ་ཨ་ཝ་ཟེར་བ་ནི་རྩྭ་ཨ་ཝ་དང་ནུས་པ་མཚུངས་པས་གཅིག་ཏུ་འདྲེན་པའོ།    ཞེས་གསུངས་པ་ལྟར་རོ། 
ཨ་ཝརྟ།      རླུང་ནད་རིགས་ཀྱི་དབྱེ་བ་ཉི་ཤུའི་ཡ་གྱལ་ལུས་དགུར་པོར་འགྱུར་ཞིང་ཕུག་རོན་གྱི་སྐད་ལྟར་འཁུན་སྒྲ་འདོན་པའི་ནད་ཀྱི་མིང་སྟེ།    སློབ་དཔོན་དཔའ་བོས་མཛད་པའི་ཡན་ལག་བརྒྱད་པ་ལས།    ལུས་ནི་ཀུན་ཏུ་ཞུགས་གྱུར་ནས་དེ་ནི་གཞུ་ལྟར་དགུར་པོར་བྱེད།    དབུགས་འབྱིན་དཀའ་ཞིང་མིག་རེངས་ཧར།    དེ་ནས་ཕུག་རོན་ལྟ་བུར་འཁུན།    དྲན་པ་མེད་དེ་གཞན་དབང་པ།    དེ་ཉིད་ཨ་ཝརྟ་ནར་བཤད།   ཅེས་གསུངས་པ་ལྟར་རོ།   
ཨ་ཝ་དྷུ་ཏིའི་ལམ།      ནང་པའི་སྔགས་ཀྱི་ཆོས་ལུགས་ཀྱི་བཤད་སྲོལ་ལ།   མི་རྣམས་ཀྱི་ལུས་ཀྱི་ནང་དུ་ཙ་ཡི་གཙོ་བོ་གསུམ།   འཁོར་དང་བཅས་ན་བདུན་ཁྲི་ཉིས་སྟོང་ཡོད་པ་དང་།   དེའི་ནང་ནས་རྩ་ཡི་གཙོ་བོ་གསུམ་ནི།   ཁུ་ཁྲག་རླངས་གསུམ་འབབས་པའི་གནས་ཏེ།   གཡས་ཀྱི་རྩ་རྐྱང་མ་ནས་ཁུ་བ།   གཡོན་གྱི་རོ་མ་ནས་ཁྲག་འབབ་ཅིང་།    དབུས་ཀྱི་རྩ་དབུ་མའི་ནང་སྙིང་ཁའི་ཐད་ཀྱི་རྩ་མདུད་གསུམ་ཡོད་པའི་ནང་དུ་རྣམ་ཤེས་དང་པོར་གང་དུ་ཆགས་པའི་གནས་མི་ཤིགས་པའི་ཐིག་ལེ་རྒྱ་སྲན་ཙམ་ཡོད་པ་དང་།   འཆི་བའི་དུས་ཀྱང་།   རྣམ་ཤེས་ཤིན་ཏུ་ཕྲ་བ་དེ་ཉིད་མི་ཤིགས་པའི་ཐིག་ལེའི་དཀྱིལ་ནས་ཐོན་པ་དང་།   ལུས་སེམས་ཀྱི་འབྲེལ་བ་ཆད་ནས་ཤི་བ་ཞེས་ཟེར།   ཐིག་ལེའི་ནང་ནས་རྣམ་ཤེས་ཐོན་པ་དང་།   དེའི་རྟགས་གཤིན་པོའི་སྣ་བུག་ནས་ཁྲག་དང་།    གསང་གནས་ནས་ཁུ་བ་འབབ་པ་ཡིན་ཙང་།   དེ་དང་དུ་མཉམ་དུ་བར་དོ་གྲུབ་པ་ཡིན་ཟེར་སྲོལ་ཡོད། 
ཨ་ཝ་དྷཱུ་ཏི།  〔ལེགས〕 རྩ་དབུ་མ།   ལུས་རྩའི་གཙོ་གསུམ་གྱི་ཡ་གྱལ་ཞིག
ཨ་ཝརྟ།      རླུང་ནད་རིགས་ཀྱི་དབྱེ་བ་ཉི་ཤུའི་ནང་ཚན་ལུས་རྒུར་ཞིང་འཁུན་པ་འདོན་ལ་དབུགས་འབྱིན་དཀའ་བ་ཞིག
ཨ་ཞང་།      མའི་མིང་པོ་རྒན་གཞོན།  
ཨ་ཞང་ཚ་བོ།      ཞང་པོ་དང་ཚ་བོ།  
ཨ་ཞི་ལ།      རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་རྔ་བ་རྫོང་གི་ལ་ཞིག 
ཨ་ཞང་ཚང་།      མའི་གཅེན་པོ་དང་གཅུང་པོའི་ཁྱིམ་ཚང་ལ་གོ
ཨ་ཞེ།      ཁྱིམ་བདག་མོ།  
ཨ་ཟ་མོ།      ལེགས་སྦྱར་སྐད་ཀྱི་དབྱི་མོང་གི་སྐད་དུ་བསྒྱུར་ན།    ར་དགའ་བ་ཞེས་འགྱུར་ཏེ།    དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས།    ཨ་ཛ་མོ།    དེ་ཟུར་ཆག་པ་སྟེ།    བོད་སྐད་དུ།    ཨ་ཛ་ར་དང་།    མོ་དགའ་བ་ལ་འཇུག་པས་ར་དགའ་བ་ཞེས་འགྱུར།    ཞེས་གསུངས་པ་ལྟར་རོ། 
ཨ་ཟིང་སྟག་སེང་།      སྔར་ལྷ་ལྡན་སྨོན་ལམ་ཆེན་མོའི་བྱམས་པ་གདན་འདྲེན་གྱི་ཞོགས་པ་ལྷ་སའི་བར་སྐོར་དུ་འཁུར་ཡོང་བའི་སྟག་དང་སེང་གེའི་གསོབ་ཆེན་ཞིག་ཡོད་པ་དེའི་མིང་།  
ཨ་བཟོད་དགོན་པ།      རབ་བྱུང་བཅོ་ལྔ་པའི་ཤིང་ཡོས་སྤྱི་ལོ་༡༩༡༧ལོར་བླ་མ་སྐྱབས་མགོན་དང་དམར་སྡེས་ཕྱག་བཏབ།   གྲུབ་མཐའ་རྙིང་མ་ཡིན།   ད་ལྟ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་ཁོངས་སུ་ཡོད། 
ཨ་འུ་ཙི།      ཨའུ་ཙི་དང་འདྲ།  
ཨ་འོ།    ཐེ་ཚོམ་གྱི་ཚིགཨ་འོ་ག་འདྲ་ཡིན་ནམ།  
ཨ་ཡ།      འགྱོད་པའམ།   མི་ཐང་ཆད་པའི་ཚིགཨ་ཡ་ང་ཅི་དྲགཨ་ཡ་ང་རེ་འགྱོད།   ཨ་ང་རེ་གནོང་།   ཨ་ཡ་ང་རེ་ངལ། 
ཨ་ཡ་ཡ།      སྙིང་རྗེ་པོ། 
ཨ་ཡང་བོས།      བསྟོད་བསྔགས་བྱེད་པ། 
ཨ་ཡངས་དགོན།      མིང་གཞན་ཨེ་ཝམ་དགོན་ཟེར།   རབ་བྱུང་དྲུག་པའི་ས་ཕག་སྤྱི་༡༣༥༩གཡག་སྡེ་པཎ་ཆེན་གྱིས་བཏབ་པའི་རྒྱལ་བ་བཀའ་བརྒྱུད་པའི་དགོན་པ་ཞིག་ཡིན།   འབྲི་གུང་དཔལ་འཛིན་གྱི་ཆོས་དང་ཆོས་མ་ཡིན་པ་རྣམ་པར་དབྱེ་བ་ཞེས་པའི་གཞུང་དེ་གནས་འདིར་བརྩམས་པར་གསལ།   དེ་རྗེས་དགེ་ལུགས་པས་དབང་བརྒྱུར་བྱས་ཤིང་དགའ་ལྡན་དགོན་པས་བདག་པོ་བྱས།    ད་ལྟ་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ཁོངས་སུ་ཡོད།   
ཨ་ཡས།  〔ཡུལ〕 ཨ་ཕྱི།  
ཨ་ཡི་ལ།      ལ་ཞིག  བོད་རང་སྐྱོང་ལྗོངས་ཀྱི་སྒར་རྫོང་གི་ནུབ་རྒྱུད་ན་ཡོད།  
ཨ་ཡི་ལ་རི་རྒྱུད།      རི་རྒྱུད་ཅིགབོད་རང་སྐྱོང་ལྗོངས་ཀྱི་སྟོད་མངའ་རིས་ཀྱི་རྩ་མདའ་རྫོང་དང་སྒར་རྫོང་གི་མཚམས་སུ་ཡོད་ཅིང་།   སེང་གེ་གཙང་པོ་དང་གླང་ཆེན་གཙང་པོ་གཉིས་ཀྱི་མཚམས་འབྱེད་རི་བོ་ཡིན། 
ཨ་ཡིག་དགོན།      རབ་བྱུང་བཅུ་གཉིས་པའི་དཀྱིལ་ཙམ་དུ་དགའ་བ་སངས་རྒྱས་ཆོས་འཕེལ་གྱིས་བཏབས།   གྲུབ་མཐའ་དགེ་ལུགས་པ་ཡིན།   ད་ལྟ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལི་ཐང་རྫོང་ཁོངས་སུ་ཡོད།   
ཨ་ཡུ།      གནག་ཕྱུགས་དང་ར་ལུག་ལ་རྭ་ཅོ་མེད་པའི་མིང་སྟེ།   ལུག་ཨ་ཡུ་གཡག་ཨ་ཡུ་ཞེས་སྤྱིའི་མིང་།  
ཨ་ཡུ་མ།      རྭ་ཅོ་མེད་པའི་གནག་ཕྱུགས་དང་ར་ལུག
ཨ་ཡུ་ཥེ།  〔ལེགས〕 ཚེ།  
ཨ་ཡུ་ཧ་རི།      ལེགས་སྦྱར་སྐད་ཀྱི་ལྕགས་ཀྱི་གབ་མིང་སྟེ།    བོད་སྐད་དུ་བསྒྱུར་ན་ཚེ་འཕྲོག་ཅེས་འགྱུར་བར་དཔལ་སྤུངས་སི་ཏུས་མཛད་པའི་འཆི་མེད་མཛོད་འགྲེལ་ལས་གསུངས། 
ཨ་ཡུར  〔ལེགས〕 ཚེ།  
ཨ་ཡོ།      ངལ་བའམ་བློ་མི་བདེ་བའི་ཚིག 
ཨ་ཡོད་ད་ཡོད།  〔ཡུལ〕 ཡག་ཤོས་སམ་སྙིང་པོ།   ཨ་ཡོད་ནང་གི་ད་ཡོད།   སྒོ་ངའི་ནང་གི་སེར་ཐིག
ཨ་གཡང་དགོན།      རབ་བྱུང་བཞི་པའི་མཇུག་ཙམ་ཏུ་འབྲི་གུང་དབོན་བསོད་ནམས་གྲགས་པའི་ཞལ་སློབ་སྒ་སེ་ལེབ་གཅོད་པས་བཏབས།    གྲུབ་མཐའ་འབྲི་གུང་བཀའ་བརྒྱུད་ཡིན།    ད་ལྟ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་རྫོང་ཁོངས་སུ་ཡོད།  
ཨ་ར།     ①  ཨ་ར་ར་དང་འདྲ།   ②  ཁའི་སྨ་ར།   ཨ་ར་དཀར་པོ།   ཕུ་ཕར་བརྒྱབ་པས་ཨ་ར་ཚུར་ལངས།  
ཨ་ར་ར།     ①  ལུས་ན་ཚ་བྱུང་ནས་སྐད་ཤོར་བའི་ཚིགརྐང་པ་ན་བྱུང་ཨ་ར་ར།   མགོ་བོ་བརྡབས་བྱུང་ཨ་ར་ར།    ②  ཁའི་སྨ་ར།   
  • ལེ་ཚན་སྔོན་མ།:རྒྱ་བོད་དབྱིན་གསུམ་ གསར་བྱུང་རྒྱུན་བཀོལ་མིང་མཛོད།
  • ལེ་ཚན་རྗེས་མ།:རྒྱལ་ཡོངས་ཀྱི་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་ཐེངས་བཅུ་གསུམ་པའི་ཐོག་གཅིག་གྱུར་བྱུང་བའི་མིང་ཚི