ཐེངས་བཅུ་བཞི་པའི་རྒྱལ་ཡོངས་བོད་སྐད་སྨྱན་སྦྱོར་མཐུན་སྦྱོར་ལས་དོན་ཚོགས་འདུ་ཐོག་བོད་ལྗོངས་ཉིན་རེའི་ཚགས་པར་དང་མཚོ་སྔོན་ཉིན་རེའི་ཚགས་པར།ཀན་ལྷོ་ཉིན་རེའི་ཚགས་པར།ཁམས་པའི་བརྙན་འཕྲིན།དཀར་མཛེས་ཉིན་རེའི་ཚགས་པར།རྨ་ལྷོ་ཉིན་རེའི་ཚགས་པར།མཚོ་ལྷོ་ཉིན་རེའི་ཚགས་པར་སོགས་གསར་འགྱུར་ཚགས་པར་ཁང་བདུན་གྱིས་མཚམས་སྦྱོར་བྱེད་པའི་མིང་ཚིག་ཐ་སྙད་ཁྱོན་བསྡོམས194ཡོད།དེའི་ནང་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གིས་འདོན་སྤྲོད་བྱེད་པའི་མིང་ཚིག་ཐ་སྙད་40ནང་32གཅིག་གྱུར་བྱུང་བ་དངད་རུང་8ཐག་མ་ཆོག་པ་རེད།མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གིས་འདོན་སྤྲོད་བྱེད་པའི་མིང་ཚིག་ཐ་སྙད་31ནང་13གཅིག་གྱུར་བྱུང་ལ་ད་རུང་4ཐག་མ་ཆོག་པ་རེད།ཁམས་པའི་བརྙན་འཕྲིན་ཁང་གིས་འདོན་སྤྲོད་བྱེད་པའི་མིང་ཚིག་ཐ་སྙད་33ནང་14གཅིག་གྱུར་བྱུང་བ་ལ་ད་རུང་11ཐག་མ་ཆོག་པ་རེད།ཀན་ལྷོ་ཉིན་རེའི་ཚགས་པར་ཁང་གིས་འདོན་སྤྲོད་བྱེད་པའི་མིང་ཚིག་ཐ་སྙད21ནང་9གཅིག་གྱུར་བྱུང་བ།དཀར་མཛེས་ཉིན་རེའི་ཚགས་པར་ཁང་གིས་འདོན་སྤྲོད་བྱེད་པའི་མིང་ཚིག་ཐ་སྙད49ནང་18གཅིག་གྱུར་བྱུང་བ་དང་ད་རུང3ཐག་མ་ཆོག་པ་རེད།རྨ་ལྷོ་ཉིན་རེའི་ཚགས་པར་ཁང་གིས་འདོན་སྤྲོད་བྱེད་པའི་མིང་ཚིག་ཐ་སྙད20ནང2གཅིག་གྱུར་བྱུང་ལ་ད་རུང1ཐག་མ་ཆོག་པ་རེད།ཐེངས་འདིར་གཅིག་གྱུར་བྱུང་བའི་མིང་ཚིག་ཐ་སྙད་ཁྱོན་བསྡོམས84ཡོད།གཅིག་གྱུར་བྱུང་བའི་མིང་ཚིག་ཐ་སྙད་བརྒྱ་ཆ43.2ལ་ཟིན་ཡོད།
1.自身正、自身净、自身硬:རང་རྒྱུད་དྲང་བ།ཀུན་སྤྱོད་གཙང་བ། རང་ཚུགས་ཟིན་པ།
2. 绿色旅游:འབྱུང་འཕྲོད་ཡུལ་སྐོར།
4. 深度转型调整期:ཟབ་སྒྱུར་ལེགས་སྒྲིག་དུས་མཚམས།
5. 行大道、民为本、利天下:བདེན་པས་ལུགས་བཟང་སྐྱོང་། མི་དམངས་རྩ་བར་འཛིན། ཀུན་ལ་ཕན་བདེ་སྐྲུན།
6.知史爱党、知史爱国:ལོ་རྒྱུས་རྟོགས་ཤིང་ཏང་ལ་དགའ་ཞེན་དང་།
ལོ་རྒྱུས་རྟོགས་ཤིང་རྒྱལ་ཁབ་ལ་དགའ་ཞེན།
7.安全不繁琐、服务不扰民:བདེ་འཇགས་ཡོད་ལ་རྙོག་ དྲ་མི་བཟོ་བ་དང་། ཞབས་ཞུ་ཡོད་ལ་སུན་པོ་མི་བཟོ་བ།
8. 对准焦距、找准穴位、抓住要害:དམིགས་ས་གཏན་འཁེལ་དང་། གསང་མིག་གནད་འཁེལ། འགག་གནད་དམ་འཛིན།
9.自我净化、自我完善、自我革新、自我提高:རང་ངོས་དྭངས་གཙང་དང་། རང་ངོས་འཐུས་ཚང་། རང་ངོས་ལེགས་བཅོས། རང་ངོས་ཡར་རྒྱས།
10.一荣俱荣、一损俱损:དར་ན་མཉམ་དར་དང་། གུད་ན་མཉམ་གུད།
11. 二维码:ཚད་གཉིས་ཨང་ཐིག 12.极限运动:ཚད་བརྒལ་ལུས་རྩལ།
13. 重信重访:བསྐྱར་ཞུ་ཡང་གཏུག14套补骗补:ཁ་གསབ་གཡོ་ལེན།
15.预调微调:སྔོན་སྙོམས་ཕྲ་སྙོམས། 16. 触屏:རེག་ཤེལ།
17.倒排工期:ལྡོག་སྒྲིག་ལས་ཡུན།18.动真碰硬:ཕོག་ཐུག་གཏོང་ཕོད་པ།
19.高薪养廉:ཕོགས་མཐོ་སྤྱོད་སྐྱོང་།
20.晋位升级:གོ་གནས་འཕར(སྤར)བ།
21.轮流坐庄:སྦྱིན་བདག་བྱེད་རེས། 22.潜规则: ལྐོག་སྲོལ།
23.生长激素:འཚར་སྐྱེའི་སྐུལ་རྒྱུ།24.信用评级:ཡིད་རྟོན་དཔྱད་རིམ།
25.治爆辑枪:འབར་རྫས་བཀག་བསྡོམས་དང་མེ་མདའ་བསྡུ་ལེན།
26.法人信托:ཁྲིམས་མིའི་ཡིད་རྟོན་མངགས་བཅོལ།
27.厚积薄发:གྲབས་ཚགས་ཚུད་དང་གཏོང་གནད་འཁེལ།
28.落地签证:གནས་འབྱོར་མཆན་འགོད།
29.三维效果图:ཚད་་གསུམ་གསལ་རིས། 30.套利:རིན་ཁྱད་ཁེ་ལེན།
31.治好网、补短板、兜住底(民生):སྔོན་ཇུས་ལེགས་འདིང་། ཆད་པ་ཁ་གསབ། མ་མཐའ་འགན་སྲུང་།
32.其身正,不令而行,其身不正,虽令不从:རང་རྒྱུད་དྲང་ན་གཞན་གྱིས་ཅིས་མི་བཀུར། རང་རྒྱུད་མ་དྲང་གཞན་གྱིས་ཅི་ལ་བཀུར།
33.多维可视化仿真:ཚད་མང་མཐོང་བའི་འདྲ་གཟུགས(འདྲ་བཟོ།)
34.一环路:སྐོར་ལམ་དང་པོ།
35.产业化扶贫:ཐོན་ལས་ཅན་གྱིས་དབུལ་སྐྱོར།
36 .亮剑行动:རལ་གྲི་འཕྱར་བའི་བྱ་སྤྱོད། 37 .校飞: བཤེར་འཕུར།
38. 负能量:ལྡོག་ནུས། 39 .金砖国家:འབོ་གསེར་རྒྱལ་ཁབ། 40 .网底:མ་མཐའ། 41 .白色收入:ལུགས་མཐུན་ཡོང་འབབ།
42.顶层设计:རྩེ་རིམ་ཇུས་འགོད། 43.滴灌设备:ཐིགས་ཟག་སྒྲིག་ཆས།
44. 法律底线:བཅའ་ཁྲིམས་ཀྱི་མ་མཐའི་སྲུང་བྱ།
45.红线:དམར་ཐིག མཚལ་ཐིག
46 .蓝色经济区:མཚོ་ཁོངས་དཔལ་འབྱོར།
47.光伏发电:འོད་ནུས་གློག་འདོན།
48.拎包入住:ཐད་ཀ་སྡོད་ཆོག་པ། 49.达人: དར་པ།
50.闺密: ཤག་མོ། 51.车贷: འཁོར་བུན།
52.车改 :གཞུང་འཁོར་སྒྱུར་བཅོས།
53.变相独立:རྣམ་པ་འགྱུར་བའི་རང་བཙན།
54.问题导向:གནད་དོན་ཁྲིད་ཕྱོགས། 55.底线: ཚད་མཐའ།
56.裸购 : རྗེན་ཉོ། 57.裸官 : དཔོན་སྒྲེན།
58.啃老族: རྒད་མུར་རིགས། 59. 资政:སྲིད་སྐྱོང་བློ་འདོན།
60.农民工:ཞིང་པ་གླ་པ།
61. “照镜子、正衣冠、洗洗澡、治治病”:མེ་ལོང་ལྟ། ཞྭ་གོས་སྲུང་། ལུས་པོ་འཁྲུད། ནད་གཞི་བཅོས།
62.宗教教职人员:ཆོས་ལུགས་ལས་གཉེར་མི་སྣ།
63.极端气候 :ཐལ་དྲགས་གནམ་གཤིས།
64.助推:རམ་འདེགས། 65.裸捐:གཙང་འབུལ།
66.即知即改:ཤེས་མ་ཐག་ཏུ་བཅོས་པ།
67.零差价:ཁྱད་མེད་རིན་གོང་། 68.私车: སྒེར་འཁོར།
69.问卷调查:འདྲི་ཤོག་རྟོག་ཞིབ། 70.倒逼:ལྡོག་སྐུལ།
71.戴孝: མྱང་ཆས་གོན། 72黄标车: སེར་འཁོར།
73.理性 :རིག་གསལ། 74. PM2.5: PM2.5རྡུལ་ཕྲན།
75.能见度: མཐོང་ཚད། 76.脱口秀:གཏམ་ཤགས།
77.严正交涉 :ནན་སྐུལ་བྱེད་པ། 78.误导:ལོག་ཁྲིད།
79.营改增 : ཚོང་ཁྲལ་འཕར་ཁྲལ་ལ་སྒྱུར་བ།
80.套餐 : སྡེབ་ཚན། 81.堰塞湖: འཁྱིལ་མཚོ།
82.正能量:དྲང་ནུས། 83.零择校:སློབ་གྲྭ་འདེམ་རྒྱུ་མེད་པ། 84.(武装)冲突:གདོང་གཏུག