གངས་ལྗོངས་ཚིག་མཛོད་ཆེན་མོ།༼ ཨ ༽(3)
ཐུབ་བསྟན་ཕུན་ཚོགས་ཀྱིས་གཙོ་སྒྲིག་བྱས། 2012-05-31
ཨ་ར་བ། བོད་ཀྱི་ཟློས་གར་འཁྲབ་མཁན་གྱི་བྱེ་བྲག་ཅིག
ཨ་ར་ཨུ་རུ། ནད་མི་བཟོད་པའི་སྒྲ། ཨ་ར་ཨུ་རུའི་སྐད་དེ་སེམས་ཀྱི་གཅོང་།
ཨ་རག མྱོས་བྱེད་ཀྱི་བཏུང་བའི་བྱེ་བྲག
ཨ་རང་། 〔ཡུལ〕 ཐེ་ཚོམ་གྱི་ཚིགའདི་འདྲ་ཞང་པོའི་བློ་ལ་ཨ་རང་ཤོང་།
ཨ་རང་ད་རང་། དངོས་གནས་དང་། ངོ་མའམ། ངོ་ཐོགདབྱར་ཨ་རང་ད་རང་གི་ཉི་མ་ཚ་པོ། རྒན་རྒོན་ཨ་རང་ད་རང་གི་ན་ཚོད་སླེབས་དུས།
ཨ་རབ་ཀྱི་ཁྲིམས་རིགས། ཨ་རབ་ཡུལ་ཕྱོགས་ཀྱི་ཁྱད་ཆོས་ལྡན་ལ་ཡུལ་དེ་ཕྱོགས་སུ་སྤྱོད་རྒྱུན་ཆེ་བའི་ཁྲིམས་ཀྱི་རིགས་ཤིག་ལ་ཟེར།
ཨ་རི། ཨ་མི་རི་ཁ་ཞེས་པའི་ཚིག་བསྡུས་པ།
ཨ་རི་སྟ། ཨ་རི་ཥྚ་ཟེར་ཏེ། ཤིང་ནིམ་པའི་མིང་དུ་བཤད་དོ།
ཨ་རིག ཨ་མདོ་ས་ཁུལ་གྱི་ཚོ་བ་ཞིག་གི་མིང་།
ཨ་རིག་དགེ་བཤེས་བྱམས་པ་འོད་ཟེར། མཚན་གཞན་ཨ་རིག་དགེ་བཤེས་བྱམས་པ་དགེ་ལེགས་རྒྱལ་མཚན་ནམ་རྒྱལ་མཚན་འོད་ཟེར་ཡང་ཞུ། རྗེ་འདི་ནི་རབ་བྱུང་བཅུ་གཉིས་པའི་མེ་རྟ་སྤྱི་ལོ༡༧༢༦ལོར་འཁྲུངས། སྐུ་ན་ཆུང་ངུའི་དུས་ནས་རྒྱ་ལི་སྤྲུལ་སྐུ་བློ་བཟང་བསྟན་དར་མཆོག་གི་སྐུ་གམ་དུ་བཅར་ནས་ཡི་གེ་འབྲི་ཀློག་གིས་མཚོན་ཆོས་བཀའ་མང་དུ་གསན་སྦྱོང་མཛད། དགུང་ལོ་བཅུ་བདུན་ལ་ཕེབས་པ་ཆུ་ཁྱི་སྤྱི་ལོ༡༧༤༢ལོར་དབུས་སུ་ཕེབས། སེར་བྱེས་སུ་ལོ་བཅུ་གསུམ་རིང་མདོ་སྔགས་ཀྱི་གཞུང་ཆེན་མོ་ལ་ཐུགས་གཉེར་མཛད། ཕུར་བུ་ལྕོག་ཏུ་ལོ་དྲུག་གི་རིང་རྗེ་ངག་དབང་བྱམས་པའི་དྲུང་ནས་ཟབ་ཆོས་གསན་པ་དང་སྒོམ་སྒྲུབ་མཛད་། དགུང་ལོ་ཞེ་བཞི་པ་རབ་བྱུང་བཅུ་གསུམ་པའི་ས་གླང་སྤྱི་ལོ༡༧༦༩ལོར་རྭ་རྒྱ་དགོན་བཀྲ་ཤིས་ཀུན་བདེ་གླིང་ཕྱག་བཏབ། སེར་བྱེས་ལྟར་གྱི་འཆད་ཉན་བཙུགས། རི་བོ་དན་ཏིག་ཏུ་མཚམས་ཁང་དང་ཇོ་ཁང་སོགས་གསར་བཞེངས་ཀྱིས་དེར་སྒོམ་སྒྲུབ་མཛད་པ་དང་དགོན་སྡེ་དར་བར་སྤེལ། རབ་བྱུང་བཅུ་གསུམ་པའི་ཆུ་ཕག་སྤྱི་ལོ༡༨༠༣ལོར་སྐུ་གཤེགས་།
ཨ་རིག་དགོན། དགའ་ལྡན་ཕོ་བྲང་དུས་སུ་བཤད་སྒྲ་བླ་མ་ཆེན་པོ་དང་ཞ་རིག་རབ་མཁྱེན་པ་མཁས་གྲུབ་རྒྱ་མཚོ་གཉིས་ཀྱིས་ཕྱག་བཏབ། གྲུབ་མཐའ་དགེ་ལུགས་པ་ཡིན། ད་ལྟ་མཚོ་བྱང་ཆི་ལན་རྫོང་ཁོངས་སུ་ཡོད།
ཨ་རིག་ཡང་ལེ་དགོན། རམ་བྱུང་བཅོ་ལྔ་པའི་ལྕགས་འབྲུག་སྤྱི་༡༨༨༠ལོར་པདྨ་འགྱུར་མེད་རྒྱ་མཚོས་བཏབས། གྲུབ་མཐའ་རྙིང་མ་པ་ཡིན། ད་ལྟ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཔལ་ཡུལ་རྫོང་ཁོངས་སུ་ཡོད། Š
ཨ་རིལ། རླིག་འབྲས་ཀྱི་མིང་གཞན།
ཨ་རུ། ① འབྲོང་གི་རྭ་ལས་བཟོས་པའི་ར་ལུག་གི་འོ་མ་འཇོ་སྣོད་ཧོར་བྱང་ལུགས། ② སྨན་གྱི་བྱེ་བྲག་ཅིགཨ་རུ་ཆུང་ཡང་བཟང་དྲུག མེ་ཏོག་ཆུང་ཡང་མཆོད་རྫས།
ཨ་རུ་སྐེམ་པོ་སུལ་མང་། ཨ་རུ་རིགས་ལྔའི་ཡ་གྱལ་ཞིག་སྟེ། རོ་བསྐ་ལ་ཁ། ནུས་པས་བྱིས་པའི་ནད་དང་། བྱིས་གདོན་བྱ་འདྲེ་ལ་ཕན། མིང་གི་རྣམ་གྲངས་ལ་མཆུ་སྙུང་དང་མཆུ་རིང་ངོ་།
ཨ་རུ་སྐེམ་པོ་སུལ་མང་། ཨ་རུ་རིགས་ལྔའི་ཡ་གྱལ་ཤ་སྐེམ་ཞིང་སུལ་མང་པོ་དང་ལྡན་པས་ན་མིང་ཡང་དེ་ལྟར་དུ་གྲགས།
ཨ་རུ་མཆུ་སྙུང་། སྙུང་ཞེས་ཕྲ་བའམ་རིང་བའི་བརྡ་རྙིང་ཡིན་པས་ཨ་རུ་མཆུ་རིང་དང་མཆུ་སྙུང་དོན་གཅིག་མིང་གི་རྣམ་གྲངས་ཡིན་ཞེས་སྡེ་དགེ་དྲུང་འཚོ་བ་གུ་རུ་འཕེལ་གྱིས་མཛད་པའི་སྨན་གྱི་བརྡ་བསྡུས་དང་གབ་མིང་འགའ་ཞིག་བཀྲོལ་བ་བློ་གསལ་མགྲིན་པའི་རྒྱན་ལས་གསུངས།
ཨ་རུ་མཆུ་རྨྱུང་། སྨན་ཨ་རུ་ར་མཆུ་རྣོན་པོ་ཅན།
ཨ་རུ་འཇིགས་མེད། ཨ་རུ་རིགས་ལྔའི་ཡ་གྱལ་ཞིག་སྟེ། རོ་བསྐ་ལ། ཚ་ཞིང་ཁ་བ། ནུས་པས་གདོན་ནད་དང་ཁྱད་པར་དུ་མིག་ལ་ཕན།
ཨ་རུ་འཇིགས་མེད་ཟུར་ལྔ། ཨ་རུ་རིགས་ལྔའི་ཡ་གྱལ་དབྱིབས་ཟུར་ལྔ་དང་ལྡན་ཞིང་། ནུས་པས་མིག་ནད་དང་གདོན་ནད་ལས་འཇིགས་པ་མེད་པར་སྐྱོབ་ཐུབ་པས་ན་མིང་ཡང་དེ་ལྟར་དུ་གྲགས་པར་བཤད།
ཨ་རུ་བདུད་རྩི་ཤམ་མཐུག ཨ་རུ་ཤ་ཆེན་གྱི་མིང་གི་རྣམ་གྲངས་ཤིག།
ཨ་རུ་ནག་ཆུང་། ཨ་རུ་འཇིགས་མེད་ཟུར་ལྔའི་རིགས་ཤིག
ཨ་རུ་རྣམ་རྒྱལ། ཨ་རུ་རིགས་ལྔའི་གཙོ་བོ་དང་ཤིན་ཏུ་དཀོན་པ་ནོར་བུ་ལྟ་བུ་ཞིག། རོ་དྲུག་དང་ལྡན་པ། ཞུ་རྗེས་གསུམ་དང་། ནུས་པ་བརྒྱད་ཚང་བ། ཡོན་ཏན་བཅུ་བདུན་ཡོངས་སུ་རྫོགས་པ། ནད་ཐམས་ཅད་ཀྱི་གཉེན་པོ་བླ་ན་མེད་པ་ཞིག་གོ
ཨ་རུ་རྣམ་པར་རྒྱལ་བ། ཨ་རུ་རིགས་ལྔའི་ཡ་གྱལ་རོ་དྲུག་དང་། ཞུ་རྗེས་གསུམ། ནུས་པ་བརྒྱད། ཡོན་ཏན་བཅུ་བདུན་བཅས་ཡོངས་སུ་ཚང་བ། ནད་རིགས་ཐམས་ཅད་སེལ་བར་བྱེད་ཅིང་ཤིན་ཏུ་དཀོན་པ་ཡིད་བཞིན་ནོར་བུ་ལྟ་བུ་ཞིག་གི་མིང་སྟེ། ཟུར་རྡོ་ལས། བཞི་བརྒྱ་རྩ་བཞི་སྟོང་དང་ཉིས་བརྒྱ་སོགས། ནད་ཀྱི་དཔུང་ཚོགས་ཇི་ལྟར་མང་ན་ཡང་། སྨན་མཆོག་འདི་ཡོད་རྣམ་པར་རྒྱལ་བའི་ཕྱིར། རྣམ་རྒྱལ་ཞེས་གྲགས་ཡིད་བཞིན་ནོར་བུ་ཡིན། ཞེས་དང་། དྷརྨ་སྭ་མིས། ཨ་རུ་རྣམ་པར་རྒྱལ་བ་ནི། ཀུ་བའི་མཇུག་འདྲ་ཁྱད་པར་དུ། ཨ་རུའི་ནང་ན་ཨ་རུ་ཡོད། བསྐྱོད་ན་ཁྲོག་ཁྲོག་ཟེར་བ་ཡོད། དེ་ནི་ཡིད་བཞིན་ནོར་བུ་ཡིན། རྣམ་པར་རྒྱལ་བ་དག་ཏུ་འདོད། རབ་འབྲིང་ཐ་མའི་དབྱེ་བ་ནི། ཀུ་བའི་མཇུག་འདྲ་རབ་ཏུ་བཤད། གསུམ་འབྲེལ་དག་ཏུ་ཡོང་བ་སྟེ། རྣམ་པར་རྒྱལ་བ་འབྲིང་དུ་བཤད། གཉིས་འབྲེལ་རྣམ་རྒྱལ་ཐ་མ་ཡིན། ཞེས་གསུངས་པ་ལྟར་འདི་ཉིད་ཤིན་ཏུ་དཀོན་པས་དེང་སྐབས་ཕྱག་ལེན་ལ་དངོས་སུ་མཐོང་རྒྱུ་མ་མཆིས་ཀྱང་གནའ་རབས་ཀྱི་དུས་སུ་ནི་ཡོད་པར་མངོན་ཏེ། སྔོན་གྲུབ་པའི་དབང་ཕྱུག་རྗེ་བཙུན་གཡུ་ཐོག་པ་གསར་མ་ཡོན་ཏན་མགོན་པོའི་སྐུ་དུས་སུ་གཙང་གི་ཚོང་འདུས་འགུར་མོར་ཨ་རུ་རའི་ཆར་ཕབ་པའི་དུས་སུ་བྱུང་བར་གྲགས་པའི་ཨ་རུ་རྣམ་རྒྱལ་གསུམ་འབྲེལ་གཅིག་དང་། ལྔ་འབྲེལ་གཅིག རྐྱང་པ་གཅིག་བཅས་གསུམ་ཙམ་ཟུར་མཁར་བློ་གྲོས་རྒྱལ་པོའི་ཕྱག་ཏུ་བབས་པའི་ལོ་རྒྱུས་མཆིས་ཤིང་། རྒྱལ་དབང་ལྔ་པ་ཆེན་པོ་དང་། མི་དབང་སངས་རྒྱས་རྒྱ་མཚོའི་སྐུ་དུས་སུའང་རྩེ་པོ་ཏྭ་ལའི་རྣམ་སྲས་ནོར་མཛོད་གླིང་དུ་ཨ་རུ་རྣམ་རྒྱལ་ཆེ་ཆུང་སྙིམ་པ་ཁ་སྦྱར་ཙམ་ཞིག་ཡོད་པའི་ལོ་རྒྱུས་སྣང་ངོ་།
ཨ་རུ་འཕེལ་བྱེད། ཨ་རུ་རིགས་ལྔའི་ཡ་གྱལ་ཞིག་སྟེ། རོ་བསྐ་ལ། བག་ཙམ་མངར་བ། ནུས་པས་རྨ་འདྲུབ་པ་དང་། ལུས་བརྟས་པར་བྱེད།
ཨ་རུ་ཟུར་ལྔ། ཨ་རུ་ར་རིགས་ལྔའམ་བདུན་གྱི་ཡ་གྱལ་འཇིགས་མེད་ཟུར་ལྔའི་མིང་གཞན།
ཨ་རུ་ར།ཤིང་སྨན་ཞིག མིང་གི་རྣམ་གྲངས་ལ་བརྒྱ་བྱིན་སྤོས་དང་། བཅུད་ལེན། འཇིགས་མེད། བདུད་རྩི་གསེར་ལྡན། ནད་འདོར། ནད་མེད། ཕན་པ་ཅན་བཅས་དང་། ཤིང་སྡོང་གི་མཐོ་ཚད་སྨི30ཙམ་ཟིན་པ་དང་། སྡོང་པོའི་ཤུན་པ་སྐྱ་བོ་ཡལ་ཕྲན་གསར་པ་ཁམ་སེར། ལོ་མ་སྒོང་དབྱིབས་མཐུག་པ་ཕལ་ཆེར་ཁ་སྤྲོད་དུ་སྐྱེ་བ། སྙེ་དབྱིབས་མེ་ཏོག་སེར་ཞིབ་ཅན། སྨིན་ཚོད་སོགས་ཀྱི་དབང་གིས་དབྱིབས་དང་། ཁ་དོག་མི་འདྲ་བ་དུ་མ་འབྱུང་བས་ནུས་པའང་དེ་མཐུན་གྱི་ཁྱད་པར་ཕྲན་བུ་རེ་འབྱུང་བ་ཡིན།
ཨ་རི་རིགས་ལྔ། ཨ་རུ་རྣམ་རྒྱལ་དང་། ཨ་རུ་འཇིགས་མེད། ཨ་རུ་ཤ་ཆེན། ཨ་རུ་འཕེལ་བྱེད། ཨ་རུ་སྐེམ་པོ་སུལ་མང་ལྔའོ།
ཨ་རུ་ཤ་ཆེན། ཨ་རུ་རིགས་ལྔའི་ཡ་གྱལ་ཞིག་སྟེ། རོ་བསྐ་ལ། མངར་ཞིང་སྐྱུར། ནུས་པས་ལུས་ཀྱི་ཤ་ཚིལ་རྒྱས་ཤིང་ལུས་སྟོབས་ཉམས་པ་གསོ།
ཨ་རུ་ཤིང་། ཤིང་སྨན་ཞིག
ཨ་རུ་གསེར་མདོག ཨ་རུ་ར་སྤྱི་དང་། ཁྱད་པར་དུ་འཕེལ་བྱེད་ཟླུམ་པོའི་མིང་གི་རྣམ་གྲངས་ཤིག
ཨ་རེ། ① ཡ་མཚན་པའམ། རེ་བ་བྱེད་པ། གཟུགས་པོ་བདེ་ཐང་བྱུང་ན་ཨ་རེ་སྐྱིད། བུ་ཕ་མ་དང་ཕྲད་ན་ཨ་རེ་དགའ། ས་ཆ་དེ་ཨ་རེ་མཛེས་པོ་ཞིག་འདུག དེ་རིང་གྲོགས་པོ་དང་ཕྲད་པས་ཨ་རེ་དགའ་བ་ཞིག་བྱུང་། ② བློས་གཏོང་མི་ཕོད་པའམ། གཅེས་པའི་ཚིག དངོས་སྤྱད་འདི་ཨ་རེ་ཕངས་དགོས་པའི་གཅེས་ནོར་ཡིན། ③ཧ་ཅང་འགྱོད་པའི་ཚིག ནོར་འཁྲུལ་བྱུང་བ་ཨ་རེ་ཕངས།
ཨ་རོ། ① ན་ཚ་མི་བཟོད་པའི་གཅོང་སྐད། ② ཕན་ཚུན་འབོད་པའི་དོན།
ཨ་རོག འབོད་པའི་སྒྲ།
ཨ་རོག་ཁྱ། ནད་མེད་པར་གྱུར་ཅིག
ཨ་རོགས། གྲོགས་པོ། ཨ་རོགས་མདའ་འདྲ་བྱས་ན་མདའ་འདྲ་བྱེད། གཞུ་འདྲ་བྱས་ན་གཞུ་འདྲ་བྱེད།
ཨ་རོང་། བོད་ཀྱི་རུས་ཤིག
ཨ་རོལ་བློ་བཟང་ལུང་རིག་རྒྱ་མཚོ། རྗེ་འདི་ནི་མདོ་སྨད་རེབ་གོང་གསེར་ལྗོངས་དབེན་གནས་སེང་གེ་རྩེའི་ཉེ་འདབས་ལྕང་ལུང་ཞེས་པར་ལྡོང་གི་རིགས་སུ་ཡབ་ཆོས་འབུམ་རྒྱས་དང་ཡུམ་ཀླུ་མོ་རྒྱལ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ཤིང་གླང་སྤྱི་ལོ༡༨༠༥ལོར་སྐུ་འཁྲུངས། དགུང་ལོ་དྲུག་ཐོག་རོང་པོ་དགོན་ཆེན་དུ་གདན་དྲངས། དགུང་ལོ་བདུན་ལ་རོང་སྤྲུལ་དགེ་འདུན་མཁྱེན་རབ་དཔལ་བཟང་པོའི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས། མཚན་དགེ་འདུན་ལུང་རིགས་རྒྱ་མཚོ་ཞེས་གསོལ། དགུང་ལོ་གྱ་བཞི་ལ་ཕེབས་པ་རབ་བྱུང་བཅོ་ལྔ་པའི་ས་བྱི་སྤྱི་ལོ༡༨༨༨ལོར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ།
ཨ་རློག 〔སྡེ་དགེ〕 རྩམ་ཟན་རིལ་པོའི་མིང་། ལྷ་སའི་ཡུལ་སྐད་དུ་པགས་ཟན་དང་དོན་གཅིག
ཨ་ལ། ཨ་ལ་ལ་དང་འདྲ།
ཨ་ལ་པ་ལ། དམན་པའམ། ཐེབས་ཆགསྤུས་ཚད་ཨ་ལ་པ་ལ། ཡིག་གཟུགས་ཨ་ལ་པ་ལ། ལས་ཀ་བྱེད་སྟངས་ཨ་ལ་པ་ལ།
ཨ་ལ་སྤུ་ཡུག 〔ཡུལ〕 ཁྱི་ཤིང་ཚེར་མ་ཅན།
ཨ་ལ་ལ། ངོ་མཚར་བ་དང་། དགའ་བའི་ཚིག དུས་ཚིགས་རྟེན་འབྲེལ་མཛད་སྒོ་ཨ་ལ་ལ། ཨ་ལ་ལ། སྐྱེས་གཟུགས་མཛེས་པ་ལྷ་མོ་དང་འདྲ་བ་ལ།
ཨ་ལ་ལ་ཧོ། ཨ་ལ་ལ་དང་འདྲ།
ཨ་ལ་ལའོ། ཨ་ལ་ལ་དང་འདྲ།
ཨ་ལ་ཨོམ་བགླིལ། 〔ཡུལ〕 གང་ཡོད་ཡོད་གཅིག་ཏུ་བསྡུས་པ།
ཨ་ལ་ཨོམ་བསྒྲིལ། གང་ཡོད་ཡོད་རྣམས་གཅིག་ཏུ་བསྡུས་པ།
ཨ་ལག་ནོའུར། 〔སོག〕 མཚོ་སྔོ་རིང་།
ཨ་ལག་ཤ་ངག་དབང་བསྟན་དར། སོག་པོ་བསྟན་དར་ལྷ་རམས་པ་ཡང་ཞུ་བ་འདི་ཉིད་རབ་བྱུང་བཅུ་གསུམ་པའི་ས་ཡོས་སྤྱི་ལོ༡༧༥༩ལོར་སོག་ཡུལ་ཨ་ལག་ཤ་ཞེས་པའི་སའི་ཆར་སྐུ་འཁྲུངས། སྐུ་ན་ཆུང་དུས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་གྲྭ་བཙུན་མཛད་ཅིང་། དབུས་སུ་ཕེབས་ནས་དཔལ་ལྡན་འབྲས་སྤུངས་དགོན་གྱི་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་གནང་། རྗེ་ཀློང་རྡོལ་བླ་མ་ངག་དབང་བློ་བཟང་སློབ་དཔོན་དུ་བསྟེན་ནས་བཀའ་ཆོས་ཟབ་མོ་དང་རིག་གནས་ཁག་ལ་སྦྱངས་པ་རྒྱ་ཆེར་མཛད་ཅིང་ཤེས་རབ་ཀྱི་བློ་གྲོས་རབ་ཏུ་རྒྱས། ཁོང་གིས་བརྩམས་པའིརྟེན་འབྲེལ་བསྟོད་པའི་དོན་འགྲེལ་རིན་ཆེན་ཕྲེང་བ་ཞེས་པའི་འཇུག་བྱང་དུ་རང་ལོ་དོན་གསུམ་པ་རབ་བྱུང་བཅུ་བཞི་པའི་ལྕགས་མོ་ཡོས་སྤྱི་ལོ༡༨༣༡ལོའི་བོད་ཟླ་གཉིས་པའི་ཡར་ངོའི་ཚེས་གསུམ་ལ་སྦྱར་ཞེས་གསལ་ཞིང་། བསྟན་བཅོས་འདི་བརྩམས་ནས་དུས་ཡུན་རིང་པོར་མ་ཐོགས་པར་སྐུ་གཤེགས་པར་མངོན།
ཨ་ལགས། 〔ཨ་མདོའི་ཡུལ་སྐད〕 ① སྤྲུལ་པའི་སྐུ། ② གཞན་ལ་གུས་པ་ཞུ་བའི་ཚིག སྤྱང་ཀི་ལག་པ་ཆག་ཀྱང་། ར་ལ་ཨ་ལགས་མི་ཞུ།
ཨ་ལགས་འཇིགས་མེད་བསམ་གཏན། གྲུབ་པའི་དབང་ཕྱུག་འཇིགས་མེད་བསམ་གཏན་རིན་པོ་ཆེ་རབ་བྱུང་བཅུ་བཞི་པའི་ཤིང་ཁྱི་སྤྱི་ལོ༡༨༡༤ལོར་མདོ་སྨད་རེབ་གོང་སྟོད་ཀྱི་ཆར་གཡུ་འབྲོང་ཁྱུང་གསུམ་གྱི་ལྷ་ཞོལ་ལྟེ་ཐང་དུ་ཡབ་མགོ་རྒས་མཁར་བྱམས་དང་ཡུམ་སྙིང་མོ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་བལྟམས། བྱིས་པའི་དུས་ནས་རྫོང་དཀར་གྱི་ཆོས་གྲྭར་ཞུགས་ཏེ་ཀློག་དང་ཆོས་སྤྱོད་མང་པོ་ཚེགས་མེད་པར་ཐུགས་སུ་ཆུད། དེ་ལྟར་བསྟན་འགྲོའི་དོན་ཁོ་ན་ལ་དམིགས་པའི་མཛད་པ་རླབས་ཆེ་ཞིང་མཐའ་ཡས་པ་སྤེལ་ཏེ་དགུང་ལོ་གྱ་བཞི་པ་རབ་བྱུང་བཅོ་ལྔ་པའི་མེ་བྱ་སྤྱི་ལོ༡༨༩༧ལོའི་ཟླ་བདུན་པའི་ཚེས་གཅིག་ལ་ཀ་རིང་དུ་སྐུ་གཤེགས།
ཨ་ལང་ཀ སྲིན་བུ་ཨ་ལང་ཀ་ཞེས་སོ་ལ་དུག་ཡོད་པ་རྒྱུ་བའི་དུག་གི་ཁོངས་ཤིག
ཨ་ལད། ཕྲུ་གུ།
ཨ་ལན། བོས་པའི་ལན། ཨ་ལན་སློག་པ། ཨ་ལན་འདེབས་པ། སྐད་གསང་པོས་བོས་ནས་ཁོས་ཨ་ལན་འབྱིན་པ་ཐོས་བྱུང་།
ཨ་ལན་གེ་དགོན་པ། ཕྱག་བཏབ་མཁན་དང་བཞེངས་ལོ་མི་གསལ། ད་ལྟ་མཚོ་སྔོན་གསེར་ཁོག་རྫོང་ཁོངས་སུ་ཡོད།
ཨ་ལའི། དྲན་སོས་པའི་ཚིག་ལ་གོ་བའི་ཨ་ལས་དང་འདྲ།
ཨ་ལས། ① མ་འདོད་པའི་ཚིགཨ་ལས་དེ་འདྲ་བྱས་ན་འགྲིགས་ཀྱི་མ་རེད། ② དྲན་སོས་པའི་ཚིག ཨ་ལས་དེ་འདྲ་ཡིན་པར་གཞི་ནས་ཧ་གོ་བྱུང་།
ཨ་ལས་པད་གོག ཕྲུ་གུའི་རྩེད་མོ་རྩེད་བྱེད་ཀྱི་རས་སམ་འགྱིག་གིས་བཟོས་པའི་མི་ཆུང་།
ཨ་ལས་ལ་མོ། གླུ་གཏོང་སྐབས་གླུ་ཚིག་གི་ཚབ།
ཨ་ལི། ཨཱ་ལི་དང་འདྲ།
ཨ་ལུ། 〔ཡུལ〕 བྱིས་པ། ཨ་ལུ་མ་ངུ་དང་། ཨ་མ་སླེབས་ཡོང་།
ཨ་ལུང་། ཨ་ལོང་དང་འདྲ།
ཨ་ལེ། ① འཕྱ་ལས་ཀུ་རེའི་ཚིག་སྟེ་ཕལ་ཆེར་བྱིས་པའི་ངགཨ་ལེ་ངོ་རེ་ཚ། ཨ་ལེ་ཁ་སྐྱེངས། ཨ་ལེ་ཞབས་འདྲེན་པ། ② ཅུང་ཟད་ངང་བསྲིང་བན། ཨ་ལེ་བཞུགས་དང་། ཨ་ལེ་བཞེས། ཨ་ལེ་སྒུག་རོགས།
ཨ་ལེ་ག་མ། ཨ་བྱི་ལི་དཀར་དང་དོན་གཅིག
ཨ་ལོ་ཀྱོག་ལོ། མི་འདོད་པའི་རྣམ་འགྱུར། ལས་ཀ་དང་གང་བཅོལ་ལ་ཨ་ལོ་ཀྱོག་ལོ་བྱེད་ཀྱི་འདུག
ཨ་ལོག ① ཕར་ཚུར་འགྲེ་ལྡོག རྟ་དྲེལ་གྱིས་བྱེ་མའི་སྟེང་དུ་ཨ་ལོག་རྒྱག་པ། ② ཁ་གཏིང་བརྗེ་སྒྱུར། ཉི་མར་བསྐམས་པའི་ཚར་སློག་ཨ་ལོག་རྒྱག་པ། འདི་ནི་ལག་པ་ཨ་ལོག་པ་རྒྱག་པ་ལྟ་བུའི་ལས་སླ་པོ་ཞིག་ཡིན། མཚན་མོར་གཉིད་མ་ཁུག་ནས་ཨ་ལོག་ཡང་ཡང་རྒྱག་པ།
ཨ་ལོང་། ① འཇུ་སའམ་འཆང་སའི་སྒོར་སྒོར། སྒོའི་ཨ་ལོང་། ཟངས་ཀྱི་ཨ་ལོང་། གྲིའི་ཨ་ལོང་། ཞགས་པའི་ཨ་ལོང་། ② རྣ་རྒྱན། གསེར་གྱི་ཨ་ལོང་། ③ 〔ཡུལ 〔ཡུལ〕 གསེར་དངུལ་གྱི་སོར་རྒྱན་རིན་ཆེན་གྱི་ཕྲ་ཅན།
ཨ་ལོང་སྒོར་མོ། ① གསེར་དངུལ་རག་སོགས་ཀྱིས་བཟོས་པའི་རྣ་རྒྱན་ཟླུམ་པོ། ②ཟངས་ལྕགས་སོགས་ལས་བཟོས་པའི་ཐག་ལུང་རྒྱུད་བྱེད་སྒོར་སྒོར།
ཨ་ལོང་འཕྲུལ་རྩེད། ཨ་ལོང་གནམ་དུ་འཕངས་པ་དབྱུག་པའི་རྩེར་འཁོར་ཏེ་མར་མི་ལྷུང་བ་སོགས་ཀྱི་འཕྲུལ་རྩལ་སྣ་ཚོགས་བྱེད་པའི་རྩེད་མོ།
ཨ་ལོང་མེ་ལོང་། བདེ་ཞིང་སྙོམ་ལ་མཐའ་ཡངས་པ། རྩྭ་ཐང་ཨ་ལོང་མེ་ལོང་།
ཨ་ལོང་ཡང་ལོང་། ① ཨ་ལོང་དུ་སླར་ཡང་ཨ་ལོང་བརྒྱུས་པའི་དབྱིབས་དང་རྣམ་པ། རྩྭ་ཐང་ཨ་ལོང་མེ་ལོང་།
ཨ་ལོང་ཡང་ལོང་། ① ཨ་ལོང་དུ་སླར་ཡང་ཨ་ལོང་བརྒྱུས་པའི་དབྱིབས་དང་རྣམ་པ། ལྕགས་ཐག་ཅིག་ཨ་ལོང་ཡང་ལོང་དུ་བརྒྱུས་པ། ②བསྐྱར་ཟློས་བྱེད་པ། ཚིག་གཅིག་གཏམ་གཅིག་ཨ་ལོང་ཡང་ལོང་བྱས་ནས་བཤད་པ།
ཨ་ཤག 〔ཡུལ〕 གྲོགས་པོ།
ཨ་ཤག་དགོན་པ། རབ་བྱུང་བཅུ་གཅིག་པའི་ཤིང་ཡོས་སྤྱི་ལོ་༡ ༦༧༥ལོར་གྲུབ་ཆེན་ཨ་ཤག་རྟོགས་སྨྱོན་ནམ་ཀློག་ཆེན་ནམ་མཁའ་རྒྱལ་མཚན་གྱིས་བཏབས། གྲུབ་མཐའ་རྙིང་མ་པ་ཡིན། ད་ལྟ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་ཁོངས་སུ་ཡོད།
ཨ་ཤད། ① ཝརྟུ་ཡི་གེའི་ཨ་ཐུང་གི་དོད་བོད་ཡིག་གི་ཆིག་ཤད་རིང་པོ་ལྟ་བུ། ②ཨ་ཐུང་ཤད་ཀྱི་རྣམ་པ་ཅན།
ཨ་ཤིང་། 〔ཡུལ〕 སྒོ་གནོན་བྱེད་གཏན་ཤིང་དང་འཁོར་གཏན་དང་འཕྲེད་གཏན་སོགས།
ཨ་ཤུ། མེ་ཏོག་སེར་པོ་བཞད་པའི་ཤིང་སེ་བའི་རིགས་ཤིག
ཨ་ཤེ ཁ་བཏགས་ལེགས་གྲས་གིས་པ།
ཨ་ཤེལ། ཁམས་སྐད་དུ་བུད་མེད་དེ། ལྷ་སའི་སྐད་དུ་ཨ་ཅག་ཟེར་བ་དང་དོན་མཚུངས།
ཨ་ཤོ་ཀ 〔ལེགས〕 ཤིང་མྱ་ངན་མེད་དང་། དེའི་མེ་ཏོག
ཨ་ཤོ་གནྡྷ།〔ལེགས〕 རྟ་ཡི་དྲི་ཅན་ཏེ་བ་སྤུའི་མིང་གི་རྣམ་གྲངས་ཤིག
ཨ་ཤོམ། མ་རྨོས་པའི་ལོ་ཏོག
ཨ་ཤྭ་ཀ ཨ་ཤོ་ཀ་དང་འདྲ།
ཨ་ཤྭ་ཀྵ་ར།〔ལེགས〕 རྟ་ཡི་དྲི་ཆུ་སྟེ། དངུལ་ཆུ་བཙོ་བཀྲུ་ཆེན་མོའི་སྐབས་སུ་མཁོ་བའི་དུག་འདོན་བྱེད་ཀྱི་རྫས་ཤིག
ཨ་ཤྭ་གནྡྷ།〔ལེགས〕 སྔོ་སྨན་ཞིག
ཨ་ཤྭ་ཏྠ།〔ལེགས〕 རྡོ་རྗེ་གདན་གྱི་བྱང་ཆུབ་ལྗོན་ཤིང་།
ཨ་ཤྭ་ནི།〔ལེགས〕 བོད་ཟླ་དགུ་པ།
ཨ་ཤྭ་རཏྣ།〔ལེགས〕 རྟ་མཆོག་རིན་པོ་ཆེ། རྒྱལ་སྲིད་སྣ་བདུན་གྱི་ཡ་གྱལ།
ཨ་ལར་དགོན། སྔོན་ལྷ་རྩེ་དགོན་ཞེས་ཀྱང་གྲགས། རྗེས་སུ་ཆུ་བཤར་རི་ཁྲོད་པ་ཞེས་པའི་བླ་མ་ཚེ་མཚམས་པ་ཞིག་ཡོད་པར་ཨ་ལོར་བླ་མ་ཞེས་ཐོགས་ནས་དགོན་མིང་ལའང་ཨ་ལོར་དགོན་ཞེས་གྲགས། གྲུབ་མཐའ་རྙིང་མ་བ་ཡིན། ད་ལྟ་རྔ་བ་བོད་རིགས་རང་སྐྱོང་ཁུལ་ཆུ་ཆེན་རྫོང་ཁོངས་སུ་ཡོད།
ཨ་ས། སྐྲངས་པ་སོགས་ལ་དུགས་བྱེད་པའི་སྨན་བསྲེས་པའི་ཟན་བརྫིས་མའི་མིང་སྟེ། རྨ་ཁ་སྐྲངས་པར་ཨ་སས་བདུག་པར་བྱ།
ཨ་ས་བ། རྨ་དང་ཚ་སྐྲངས་ལ་ཕན་པའི་དུགས་རྒྱག་རྒྱུའི་རྫས་ཀྱི་མིང་སྟེ། དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་ཀྱིས་མཛད་པའི་ཕྱི་མ་རྒྱུད་ཀྱི་ཆུ་མདོ་མན་གྱི་འགྲེལ་པ་དཀའ་གནས་རྡོ་རྗེའི་མདུད་འགྲོལ་ལས། ཨ་ས་བ་སྟེ་སྤྱིར་ཟན་དྲོན་གྱི་མིང་ཡིན་ཀྱང་། ཁྱད་པར་འདི་སྐབས། རྡོ་དྲེག་སྤང་སྤོས་མོན་ལུག་གོ་སྙོད་བཞི། ཕྱི་མ་བསྲེས་པའི་ཟན་དྲོན་སྦྱར་བས་བདུག ཅེས་གསུངས་པ་ལྟར་རོ།
ཨ་སམ། ① ཐང་གར་པོའམ། ཐུག་པ་སྐྱོ་མ། ②བོད་ཀྱི་ལྷོ་མཚམས་ཀྱི་ཡུལ་ཞིག
ཨ་སུ་ར།〔ལེགས〕 ལྷ་མ་ཡིན།
ཨ་སུ་ར་རུ་རྡི་ར། ལེགས་སྦྱར་སྐད་ཀྱི་སྒོག་སྐྱའི་མིང་གི་རྣམ་གྲངས་ཤིག་སྟེ། བོད་ཀྱི་སྐད་དུ་བསྒྱུར་ན། ལྷ་མིན་ཁྲག་ཅེས་འགྱུར་བར་དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་དྲི་མེད་ཤེལ་ཕྲེང་ལས་གསུངས།
ཨ་སུག་དགོན། ཐུབ་བསྟན་མདོ་སྔགས་བཤད་སྒྲུབ་གླིང་ཞེས་ཀྱང་གྲགས། རབ་བྱུང་བཅུ་བཞི་པའི་ཆུ་ཕག་སྤྱི་༡༨༦༣ལོར་པདྨ་གྲགས་རྩལ་གླིང་པའམ་ཨ་སུག་ཆོས་སྐུ་མཆོག་གིས་གསར་འདེབས་མཛད། གྲུབ་མཐའ་ཇོ་ནང་བ་ཡིན། ད་ལྟ་རྔ་བ་བོད་རིགས་རང་སྐྱོང་ཁུལ་འཛམ་ཐང་རྫོང་ཁོངས་སུ་ཡོད།
ཨ་སུག་མའི་དགོན་པ། གསང་སྔགས་རབ་བརྟན་གླིང་ཞེས་ཀྱང་གྲགས། རབ་བྱུང་བཅུ་དྲུག་པའི་ནང་སྤྱི་ལོ་༡༩༨༥ལོར་མགོ་ལོག་དཔལ་ཡུལ་དར་ཐང་གི་མདོ་སྔགས་བཤད་སྒྲུབ་ཆོས་གླིང་གི་བསྟན་པའི་བདག་པོ་ཀློང་པོས་དང་པོར་ནག་སྒར་ཞིག་བཏབ། རྗེས་སུ་གནས་གཞི་ལྷ་དབང་སུམ་མདོར་སྤོས་པ་དང་། གྲུབ་མཐའ་རྙིང་མ་བ་ཡིན། ད་ལྟ་རྔ་བ་བོད་རིགས་རང་སྐྱོང་ཁུལ་རྔ་བ་རྫོང་ཁོངས་སུ་ཡོད།
ཨ་སོ། ཨ་སོ་ཀ་དང་འདྲ།
ཨ་སོ་ཀ བུད་མེད་ཀྱི་མཚན་མར་གནས་པའི་སྲིན་བུ་ཞིག་སྟེ། དེ་ནད་དུ་གྱུར་ན་མཚན་མ་སྐྲངས་ཤིང་གཡའ་ཟ་བྱེད་པ་ཞིག
ཨ་སོ་ལི་ཀ ལག་པའི་གྲུ་ཁུག་ཏུ་ཡོད་པའི་སྙིང་དང་འབྲེལ་བའི་འཕར་རྩ་ཞིག
ཨ་སྲ་འཇམ་གསུམ། ཨ་འབྲས་དང་། སྲ་འབྲས། འཇམ་འབྲས་གསུམ་གྱི་བསྡུས་མིང་ཞིག
ཨ་སྲུ། 〔ཡུལ〕 མའི་སྤུན་མོ།
ཨ་སློག་བརྒྱབ་པ། སྟེང་འོག་གོ་ལྡོག་པར་བྱས་པ།
ཨ་གསར། གསར་འདོད་དམ། གསར་འགྲོགས་ཏེ་དངོས་པོ་གསར་འདྲིས་རིགས་ལ་དགའ་སྣང་ཆེན་པོ་བྱེད་པ། མཛའ་བཤེས་ཨ་གསར་ཆེ་ན་ཡུན་རིང་མི་འཁྱོང་། ཨ་གསར་བློ་འགྱུར། ཨ་གསར་བྱེད་པ། ཨ་གསར་ཚ་པོ། ཨ་གསར་རྟ་ལས་མགྱོགས། མཇུག་མ་ལུག་ལས་ཐུང་། ཨ་གསར་སྤེན་མའི་མེ་ལྕེ་དེ། འར་སྐབས་དྲོ་རུང་འབར་ཡུན་ཐུང་།
ཨ་གསར་ཚ་པོ། གསར་པར་དགའ་ཞིང་། རྙིང་པར་དགའ་ཞིང་། རྙིང་པར་འཕྲལ་འཕྲལ་ཞེ་ལོག་བྱེད་པའི་གཤིས་རྒྱུད།
ཨ་བསེ་ཀླུ་རབ་དགོན། རབ་བྱུང་བཅོ་ལྔ་པའི་མེ་སྤྲེལ་སྤྱི་ལོ་༡༨༩༦ལོར་འཁྲུལ་ཞིག་ཡབ་སྲས་ཀྱི་སློབ་མ་རྣམས་དང་། ཉག་སྡེའི་འབངས་མི་རྣམས་ཀྱིས་བཏབས། གྲུབ་མཐའ་རྙིང་མ་པ་ཡིན། ད་ལྟ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཉག་རོང་རྫོང་ཁོངས་སུ་ཡོད།
ཨ་བསེ་དགོན། དགོན་པ་འདི་ཐོག་མར་རབ་བྱུང་བཅུ་བཞི་པའི་ས་ཁྱི་སྤྱི་ལོ་༡༨༣༨ལོར་བུད་མགོ་ཡོན་ཏན་རྒྱ་མཚོས་ཉག་རོང་ཨ་བསེའི་ལུང་པར་བཏབས། དེ་རྗེས་དགྲ་ཇག་གིས་གནོད་པས་དགོན་ས་ཐེངས་གཉིས་ཙམ་སྤོས། བསྟན་པ་ཡང་དར་གྱི་སྐབས་སུ་དགོན་པ་བསྐྱར་གསོའི་ཆོག་མཆན་ཐོབ་སྐབས་འབྲོང་དེའུ་སུམ་ཆེན་མདོར་དགོན་ས་སྤོས་ནས་ལྷ་ཁང་གསར་དུ་བཞེངས། གྲུབ་མཐའ་རྙིང་མ་པ་ཡིན། ད་ལྟ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་ཁོངས་སུ་ཡོད།
ཨ་བསོད། སྐབས་བཟང་པོར་སྤྱོད་པའི་ལས་དབང་།
ཨ་བསྲག བག་ལེབ་དང་དོན་གཅིག
ཨ་བསྲག་བ་རྡི་ལ། 〔སྡེ་དགེའི་ཡུལ་སྐད〕 ཨ་བསྲག་ནང་དུ་ཤ་གཏུམ་ཞིང་མེ་ལ་བསྲེག་པའི་ཁ་ཟས་ཞིག་གི་མིང་ཡིན། ལྷ་སའི་སྐད་དུ་ཤ་བག་ལེབ་ཟེར།
ཨ་བསྲག་པུ་དིག ཨ་བསྲག་བ་རྡི་ལ་དང་དོན་གཅིག
ཨ་ཧ། ① གད་སྒྲ། ཨ་ཧ་ཁྱོད་ཀྱི་སྤྱོད་པ་མཐོང་ན་དགོད་རེ་ཤོར། ②ཧ་ལས་པའི་ཚིག ཨ་ཧ་དེ་འདྲའི་མགྱོགས་པ་ལ།
ཨ་ཧ་ཧ། ཨ་ཧ་དང་འདྲ།
ཨ་ཧུང་། ཨི་སི་ལ་མུའམ་ཁ་ཆེའི་ཆོས་ལུགས་ཀྱི་འགོ་འཛིན།
ཨ་ཧོ། ཡ་མཚན་བྱེད་པའམ། ངོ་མཚར་བའི་ཚིག ཨ་ཧོ་ངོ་མཚར་རྨད་དུ་བྱུང་། ཨ་ཧོ་དེ་འདྲའི་སྙིང་རྗེ་བ་ལ།
ཨ་ཧོ་ཡེ། ཨ་ཧོ་དང་འདྲ།
ཨ་ཧྲང་ད་ཧྲང་། གནམ་གྲང་ཟུག་ཆེ་ཤོས། དགུན་ཨ་ཧྲང་ད་ཧྲང་།
ཨ་ལྷ་རི་ཁྲོད། འདེབས་དུས་དང་འདེབས་ལོ་མི་གསལ། གྲུབ་མཐའ་བཀའ་བརྒྱུད་པ་ཡིན། ད་ལྟ་བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་རི་བོ་ཆེ་རྫོང་ཁོངས་སུ་ཡོད།
ཨ་ཧྲུག་ཅ་ཧྲུག ལེགས་ཤོས་སམ། བཟང་ཤོས་གང་ཡིན་པ། ཚོང་ཟོག་ཨ་ཧྲུག་ཅ་ཧྲུག
ཨག་རྒྱག ཨ་རག་གིས་རྒྱག་པར་ཨག་རྒྱག་ཟེར་བ།
ཨག་པ། 〔ཡུལ〕 ལྷུང་བའམ། ཟགས་པ། ཤིང་རྩེ་ནས་ཤིང་ཏོག་ཨག་པ། རི་ལྡེབས་ནས་རྦབ་རྡོ་ཨག་པ། བརྟན་བརྟན་བྱས་ན་མ་གཏོགས་ཨག་འགྲོ་འོང་།
ཨག་ཚོམ། ཨོག་ཚོམ་དང་འདྲ།
ཨག་ཟ་བ། ཐེ་ཚོམ་ཟ་བ།
ཨག་ཟེར། 〔ཡུལ〕 གཤེ་གཤེའམ། རྫིག་རྫིག་གཏོང་བའི་བླ་དྭགས་ཏེ་བཀའ་བཀྱོན་གནང་བའི་སྒྲ་ཙམ། བཀའ་བསླབ་ཁ་ལ་མ་ཉན་ན་ཨག་ཟེར་ཡོང་། སྤྱི་རྫས་འཕྲོ་བརླག་ཏུ་བཏང་ན་ཨག་ཟེར་ཡོང་།
ཨག་ལིང་། ཤིང་སྨན་ཞིག དྲི་ཆུ་འབེབས་པ་དང་ལྷོད་འཇགས་པར་ཕན།
ཨག་སྟྱ། 〔ལེགས〕 དྲང་སྲོང་རི་བྱིའམ་སྐར་མ་ཞིག
ཨག་སམ། འདི་ནི་ཨ་ཙ་མ་ཞེས་པའམ་ཀྱེ་མ་ཞེས་སེམས་སྐྱོ་བའི་ཚིག་ཡིན་ནམ་སྙམ་སྟེ་དཔྱད་པར་ཞུ།
ཨང་། ① བསྐུལ་མ་གཏོང་བར་མཚོན་བྱེད་ཚིག་གྲོགས་ཤིགལེགས་པར་ཉོན་ཨང་། སེམས་ལ་ཞོག་ཨང་། ②ཐེ་ཚོམ་ཟ་བར་མཚོན་བྱེད་ཚིག་གྲོགས་ཤིགཁྱོད་ཅི་ལ་མི་འགྲོ་ཨང་། ③ ལན་སྒྲ་མཚོན་པའི་སྒྲ། མ་ཡིས་བོས་ཀྱང་ཨང་མི་ཁུག
ཨང་ཀ ཨང་ཀི་དང་འདྲ།
ཨང་ཀའི་ཡི་གེ གློག་ཀླད་འཕྲུལ་འཁོར་ནང་གི་དངོས་པོ་དང་བྱ་བ་སྟོན་པའི་ཆེད་སྤྱོད་ཐ་སྙད་ཅིག་སྟེ། དབྱིན་སྐད་དུ་numeric word ཟེར།
ཨང་ཀི མང་ཉུང་ངམ་སྔ་ཕྱིའི་མཚོན་བྱེད་རྩིས་གྲངས། མི་གྲངས་ཀྱི་ཨང་ཀི་མང་། ཁང་མིག་གི་ཨང་ཀི་ཉུང་། འབོར་གྲངས་ཨང་ཀི་དང་པོ། སྤུས་ཚད་ཨང་ཀི་འབྲིང་བ། ཨང་ཀི་ཐ་མའི་ཁོངས་གཏོགས། ཨང་ཀི་ལོན་པ། ཨང་ཀི་བཀོད་པ།
ཨང་ཀི་ཚབ་རྟགས། གློག་ཀླད་འཕྲུལ་འཁོར་ནང་གི་དངོས་པོ་དང་བྱ་བ་སྟོན་པའི་ཆེད་སྤྱོད་ཐ་སྙད་ཅིག་སྟེ། དབྱིན་སྐད་དུ་numeric code ཟེར།
ཨངྒ་ཨཥྚ། ལེགས་སྦྱར་གྱི་སྐད་དེ། བོད་ཀྱི་སྐད་དུ་བསྒྱུར་ན་ཡན་ལག་བརྒྱད་ཅེས་འགྱུར་ཏེ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་རྩ་རྒྱུད་ཀྱི་འགྲེལ་པ་བཻ་སྔོན་ལས། ཨངྒ་ཞེས་པ་ཡན་ལག་སྟེ་གྲངས་དུ་ཡོད་ཅེ་ན། ཨཥྚ་སྟེ་བརྒྱད་ཡོད་ཅེས་པའི་དོན་ཡིན་ལ། ཡན་ལག་བརྒྱད་ཅེས་པའི་ཤུགས་བསྟན་ལ་ཡན་ལག་དེ་རྣམས་དང་ལྡན་པའི་རྩ་བ་ཞིག་སྟོན་པ་ཡིན་ཏེ། དེ་ཡང་གང་ཞེ་ན། གཞུང་ལུགས་ཆེན་པོ་འདིས་གསོ་བར་བྱ་བའི་ཡུལ་ཇི་ཙམ་ཞིག་ཡོད་པ་དེ་ཡིན་ལ། དེ་ལ་དབྱེ་ན་ལུས་ལ་སོགས་པའི་ཡན་ལག་བརྒྱད་ཡོད་པས་ན་ཡན་ལག་བརྒྱད་ཞེས་བྱ་སྟེ་བརྗོད་བྱའི་སྒོ་ནས་བཏགས་པའོ། ཞེས་གསུངས་པ་ལྟར་རོ།
ཨང་གི་ར། 〔ལེགས〕 ཆུ་ཕོ་སྤྲེལ་ལོ།
ཨང་གྲངས། ཨང་ཀི་ཐོག་ནས་བཀོད་པའི་གྲངས་འབོར། ཨང་གྲངས་འབོད་པ། ཨ་གྲངས་འགོད་པ། ཨང་གྲངས་སྒྲིག་པ།
ཨང་རག རླུང་སྒོམ་མཁན་སོགས་ཀྱི་དོར་མ་ཡུ་ཕུང་།
ཨང་ཆད། གློག་ཀླད་འཕྲུལ་འཁོར་ནང་གི་དངོས་པོ་དང་བྱ་བ་སྟོན་པའི་ཆེད་སྤྱོད་ཐ་སྙད་ཅིག་སྟེ། དབྱིན་སྐད་དུ་drop-out ཟེར།
ཨང་ཉན། 〔ཡུལ〕 རེ་བ་བྱེད་པའི་བརྡ། ལག་སོན་ཡོང་བསམ་པའི་ཨང་ཉན་མ་བྱེད།
ཨང་རྟ། ཨང་རག་གི་དོར་རྟ།
ཨང་རྟགས། ཨང་གྲངས་མཚོན་བྱེད་ཀྱི་བརྡའམ་ཡི་གེ་སོགས།
ཨང་རྟགས་ཆད་ས། གློག་ཀླད་འཕྲུལ་འཁོར་ནང་གི་དངོས་པོ་དང་བྱ་བ་སྟོན་པའི་ཆེད་སྤྱོད་ཐ་སྙད་ཅིག་སྟེ། དབྱིན་སྐད་དུ་code breakpoint ཟེར།
ཨང་དང་པོ། རྟ་སུ་མགྱོགས་བལྟ་དུས་ཡང་དང་པོས་དཔལ་དར་ཟོས་ཞེས་པ་ལྟ་བུའོ།
ཨང་རྩིས། རྩིས་ཀྱི་བྱེ་བྲག་ཅིག་སྟེ། སྣོན་འཕྲི་སྒྱུར་བགོད་སོགས་ཀྱི་རྩིས་རྒྱག་པ། དབྱིན་སྐད་དུ་arithmetic ཟེར།
ཨང་རག ཨང་འགའ་རག་གི་བསྡུས་ཚིག
ཨང་རས། ཨང་རག་དང་འདྲ།
ཨང་ལན། བརྡ་ལན། ཨང་ལན་ཁུག་པ། ཨང་ལན་གསལ་ལ་མ་གསལ། ཨང་ལན་ཐུང་བ།
ཨང་གསབ་ཡོ་ཆས། གློག་ཀླད་འཕྲུལ་འཁོར་ནང་གི་དངོས་པོ་དང་བྱ་བ་སྟོན་པའི་ཆེད་སྤྱོད་ཐ་སྙད་ཅིག་སྟེ། དབྱིན་སྐད་དུ་complementer ཟེར།
ཨང་གསར། ལས་ཀ་དངོས་གཞི་བྱས་གཞི་བྱས་ཆོག་ཆོག་གི་སྔོན་འགྲོའི་གྲ་སྒྲིགདགའ་བསུའི་ཨང་གསར་བྱེད་པ། འཛིངས་ཆོག་གི་ཨང་གསར་བྱེད་པ།
ཨང་གསར་སྦེ་ལེན། གྲངས་གསར་དང་ལེན་གྱིས་གང་ཡང་བྱས་ཆོག་ཆོགདགྲ་བོས་ཚུར་རྒོལ་ནམ་བྱས་ལ་དེ་ལན་དེ་འཇལ་བྱེད་རྒྱུར་ཨང་གསར་སྦེ་ལེན་ཡིན།
ཨང་བསར། སྔོན་ཚུད་ནས་གྲ་སྒྲིག་བྱེད་པ། ཨང་ཞེས་པ་སྐུལ་བའི་ཚིག་ཏུ་སྦྱར་བ་དཔེར་ན། དེ་ལྟར་གྱིས་ཨང་། རྣ་བ་མ་ཡེང་ཨང་ཞེས་ལྟ་བུ། ཨང་ངམ་ཨང་ཞེས་སྨོན་པའི་དོན་དུ་སྦྱར་བ་དཔེར་ན། ཡག་པ་ལ་ཨང་། དགའ་བ་ལ་ཨང་ཞེས་པ་ལྟ་བུ།
ཨད། སྤུན་དོག་བསླ་བའི་གུག
ཨན། ① ཨན་སྟོང་སྟེ་རྒྱབ་རུས་དང་པོའི་ཚིགས། ②ཨན་གཏད་ཀྱི་བསྡུས་ཚིག
ཨན་རྐྱང་རང་། 〔ཡུལ〕 དེ་འདྲ་རང་ཞེས་པའི་དོན་ཏེ། དཔེར་ན། ཆུ་ཚོད་དྲུག་པར་ཕྱིན་ན་ཨན་རྐྱང་རང་སྔ་དྲགས་སོང་ཞེས་པ་ལྟ་བུ།
ཨན་ཀཱར། ཞེས་པ་ནི་ཧྥ་རན་སིའི་གྲགས་ཅན་གྱི་རི་མོ་མཁས་པ་ཞིག་ཡིན་པ་དང་། སློབ་གླིང་གྲུབ་མཐའི་གནའ་དཔེ་རིང་ལུགས་ཀྱི་གཙོ་བོའི་ཚབ་བྱེད་མི་སྣ་ཞིག་ཡིན། ཁོང་གིས་ལོ་རྒྱུས་དང་ལྷ་སྒྲུང་གིས་བརྗོད་བྱ་བྱས་ཏེ། གསར་རྩོམ་བྱས་པའི་བརྩམ་བྱ་མང་པོ་ཞིག་ཡོད། ཕྱོགས་མཚུངས་ནག་རིས་དང་འདྲ་བརྙན་རི་མོའི་ཤེས་རྒྱ་གཏིང་ཟབ་ལྡན་ཐོག་དངོས་ཡོད་རིང་ལུགས་ཀྱི་ཕྱོགས་ལྷུང་ལྡན་ཡོད། ཁོང་གི་ཚབ་བྱེད་བརྩམ་བྱ་ནི་ཆུ་མིག་དང་ཐུར་ཆིའི་ཕོ་བྲང་ནང་གི་བུ་མོ་ཞེས་པ་སོགས་ཡོད།
ཨན་ཁྲིའུ། 〔རྙིང〕 གླེགས་བམ་གྱི་གཞིའམ་སྟེགས་བུ།