རྒྱ་བོད་དབྱིན་གསུམ་ གསར་བྱུང་རྒྱུན་བཀོལ་མིང་མཛོད།(2)

ཚུལ་ ཁྲིམས་བློ་གྲོས།        2010-09-01


安全玻璃སྐྱོབ་ཐགsafety glass སྤྱིར་བཏང་གི་འཕར་བ་དང་རྡེག་པ་སོགས་ཀྱིས་ཆག་དཀའ་ཞིང་གལ་ཏེ་ཆག་པར་གྱུར་ན་ཡང་གཞན་གྱི་ལུས་ལ་རྨས་སྐྱོན་མི་བཟོ་བའི་ངར་ཤེལ་དང་སྦྱར་ཤེལ་ལྟ་བུའི་ཤེལ་གྱི་རིགས་ཏེ།སྣུམ་འཁོར་དང་གནམ་གྲུ་སོགས་ཀྱི་སྒོ་དཀར་དུ་བཀོལ་བ་མང་ངོ་།།
安全带སྐྱོབ་ཐགsafety bellt;seat belt༡མཐོ་ཞིང་ཉེན་ཁ་ཆེ་བའི་གནས་སོགས་སུ་བྱ་བ་སྒྲུབ་པའི་ཚེ་དེ་ལས་མི་ལྷུང་བར་འཛིན་པའམ་ཉེན་ཁ་ལས་སྐྱོབ་བྱེད་ཀྱི་ཐག་པ་དང་།༢གནམ་གྲུ་དང་རླངས་འཁོར་སོགས་ཀྱི་འདུག་སྟེགས་ལས་མི་འབྲལ་བར་སྲུང་བྱེད་ཀྱི་ཐག་པའོ།།
安全灯བདེ་འཇགས་གློག་སྒྲོན།safty lamp;safelight ༡གཏེར་ཁྲོན་ནང་དུ་བཀོལ་བར་བྱ་བའི་འདྲེས་རླུང་འབར་འགད་སྔོན་འགོག་དང་སོལ་རླངས་ཀྱི་ཚད་སྔོན་དཔོག་བྱེད་ཐུབ་པའི་གློག་སྒྲོན་དང་།༢གློག་ཤེད་ཝོལ།༣༦ལས་དམའ་བའམ་བདེ་འཇགས་ཀྱི་བསྒྲིག་ཆས་ཡོད་པའི་གློག་སྒྲོན་ནོ།།
安全阀བདེ་འཇགས་གཅོད་སྒོ།safetyvalveགཤེར་དང་རླངས་པ་སོགས་ཀྱི་ཉེན་ཁ་ལས་འགོག་བྱེད་ཀྱི་རང་བྱེད་གཅོད་སྒོ་ཞིག་གོ།
安全门བདེ་འཇགས་སྒོemergency exitཞི་བདེའི་སྒོ་ཞེས་པ་དང་འདྲའོ།
安全模式བདེ་འཇགས་རྣམ་པ།safetymode;securityschemesརྩིས་འཕྲུལ་གྱི་གཞི་རྩའི་བསྒྲིགས་རིམ་ཉུང་ཤས་ཤིག་ལ་བརྟེན་ནས་ནད་དུག་སོགས་ཀྱི་ཉེན་ཁ་དང་དབྲལ་ཏེ་བདེ་འཇགས་སུ་བྱ་བ་བྱེད་ཚུལ་གྱི་རྣམ་པ་ཞིག་གོ།
安全网བདེ་འཇགས་དྲ་བ།safetynettingམཁར་ལས་སོགས་ཀྱི་སྐབས་སུ་བདེ་འཇགས་སྲུང་སྐྱོབ་ཀྱི་ཆེད་དུ་བྱས་པའི་དྲ་བའོ།
安置འཇོག་པ།བཀོད་འཇོགmake arrangements forམི་དང་བྱ་སོགས་ལ་བརྟེན་ཁུངས་དང་འགན་ལེན་ཡོད་པར་བྱས་པའོ།།
安装སྒྲིག་འཇོགinstall(software)རྩིས་འཕྲུལ་གྱི་སྙི་ཆས་དག་ལས་སུ་རུང་བའི་མ་ལག་དཀྱུས་གཅིག་ཏུ་སྒྲིག་པའོ།།
氨基酸ཨེམ་གཞི་སྐྱུར།amino acidཆ་རྡུལ་གྱི་ནང་དུ་འདྲེས་པའི་ཨེམ་གཞི་སོགས་ཀྱི་སྐྱེ་བཅས་འདྲེས་རྫས་ཤིག་སྟེ།སྤྲི་དཀར་གྱི་རྩ་བའི་རྩོམ་གཞིའོ།།
鹌鹑སྲེག་ཆུང་།partridge;quailལུས་སྲེག་པ་ལས་ཅུང་ཆུང་ཞིང་སྒྲོ་མདོག་ཁམ་ནག་དང་མགོ་བོ་ཆུང་ལ་མཇུག་སྒྲོ་ཐུང་བ་དང་འཕུར་རྩལ་ཅུང་ཞན་པའི་འདབ་ཆགས་ཀྱི་རིགས་ཤིག་གོ།
按揭གཏའ་བུན།mortgageཉོ་བྱའི་ཁང་པ་དེ་ཉིད་དམ་དངོས་པོ་གཞན་གཏའ་མར་བཞག་ནས་དངུལ་བུན་བླངས་ཏེ་སླད་མར་དུས་བཅད་ལྟར་རིམ་པར་འཇལ་བའི་དངུལ་བུན་གཏོང་ཐབས་ཤིག་གོ།
按摩འཕུར་མཉེད།massageཁྲག་གི་འཁོར་རྒྱུག་བདེ་བ་དང་དབང་རྩའི་ནུས་པ་ལེགས་སྒྲིག་བྱེད་པ་སོགས་ཀྱི་ཕྱིར་དུ་ལུས་ལ་འཕུར་ཞིང་མཉེད་པའི་ལུས་ཁམས་བདེ་སྲུང་དང་ནད་བཅོས་བྱེད་ཐབས་ཤིག་གོ།
按钮འཐེབ་ནོན།push buttonམཛུབ་མོས་གནན་བྱའི་གཏོང་འཛིན་ནོ།།
按语དཔྱད་ཚིགonte or comment by an author or editor on a piece of writing སྔར་ཡོད་ཀྱི་གཞུང་ངམ་ཚིག་གང་རུང་ཞིག་ལ་རྩོམ་པ་པོའམ་རྩོམ་སྒྲིག་པས་གསལ་བཤད་དང་དྲན་སློང་དང་དཔྱད་བརྗོད་དང་བདེན་དཔང་སོགས་ཀྱི་ཆེད་དུ་བཀོད་པའི་ཚིག་གོ།
案板གཙབ་གདན།བརྡལ་པང་།choppingboardགྲོ་ཕྱེ་སྲབ་མོར་བྱེད་པ་དང་སྔོ་ཚལ་གཏུབ་སའི་གདན་པང་ལེབ་སོགས་སོ།།
  • ལེ་ཚན་སྔོན་མ།:གནས་སྐབས་མེད།
  • ལེ་ཚན་རྗེས་མ།:གངས་ལྗོངས་ཚིག་མཛོད་ཆེན་མོ།༼ ཨ ༽