བོད་པའི་བུ་མོ་ལོ་བཅུ་དགུ་ཅན་ཞིག་གི་ཡིག་གཟུགས་འགྲེམས་སྟོན།

ནོར་བུ།        2019-05-06

   ཟླ་བ5པའི་ཚེས6ནས་ཚེས10ཡི་བར། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་སློབ་མ་བསོད་ནམས་དབྱངས་ཅན་གྱི་བོད་ཀྱི་ཡིག་གཟུགས་འགྲེམས་སྟོན་དེ་དཀར་མཛེས་ཁུལ་རིག་གནས་ཁང་གི་ཐོག་རྩེག་གཉིས་པར་སྤེལ་རྒྱུ་རེད།


བོད་པའི་བུ་མོ་ལོ་བཅུ་དགུ་ཅན་ཞིག་གི་ཡིག་གཟུགས་འགྲེམས་སྟོན།



    བསོད་ནམས་དབྱངས་ཅན་ནི་སྡེ་དགེ་རྫོང་སྨན་ཤོད་མདའ་མ་ཤང་དུ་སྐྱེས་ཤིང་། ཆུང་དུས་ནས་ཡིག་གཟུགས་དང་རི་མོའི་སྒྱུ་རྩལ་ལ་ཧ་ཅང་དགའ་པོ་ཡོད། 2015ལོར་རྫོང་སློབ་འབྲིང་ནས་སློབ་མཐར་ཕྱིན་ཏེ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་རྒྱུགས་འཕྲོད། སློབ་འབྲིང་གི་སྐབས་སུ་དགེ་རྒན་འོད་ཟེར་ལྷ་མོ་དང་བསོད་ནམས་ཡོན་ཏན། བསོད་ནམས་བཀྲ་ཤིས་བཅས་ཀྱི་མདུན་ནས་བོད་ཀྱི་ཡིག་གཟུགས་བསླབས་ཤིང་དད་མོས་ཇེ་ཆེར་སོང་བ་དང་། ཞིང་ཆེན་བོད་ཡིག་སློབ་གྲྭར་ཞུགས་རྗེས་རིག་པའི་གནས་ལྔ་ལ་མཁྱེན་རྒྱ་ཡངས་ཤིང་། བྲིས་ཀྱི་འབྲི་རྩལ་ལ་གོམས་བྱང་མངའ་བའི་སློབ་དཔོན་དུ་མའི་བྱམས་སྐྱོང་དང་མཛུབ་ཁྲིད་འོག་སྲོལ་རྒྱུན་དང་སྒྱུ་རྩལ་རང་བཞིན་ལྡན་པའི་ཡིག་གཟུགས་འདྲ་མིན་ལ་འབད་པ་ཆེན་པོས་སྦྱངས།



བོད་པའི་བུ་མོ་ལོ་བཅུ་དགུ་ཅན་ཞིག་གི་ཡིག་གཟུགས་འགྲེམས་སྟོན།

བོད་པའི་བུ་མོ་ལོ་བཅུ་དགུ་ཅན་ཞིག་གི་ཡིག་གཟུགས་འགྲེམས་སྟོན།

བོད་པའི་བུ་མོ་ལོ་བཅུ་དགུ་ཅན་ཞིག་གི་ཡིག་གཟུགས་འགྲེམས་སྟོན།

བོད་པའི་བུ་མོ་ལོ་བཅུ་དགུ་ཅན་ཞིག་གི་ཡིག་གཟུགས་འགྲེམས་སྟོན།

བོད་པའི་བུ་མོ་ལོ་བཅུ་དགུ་ཅན་ཞིག་གི་ཡིག་གཟུགས་འགྲེམས་སྟོན།



    དེ་ལྟར་བརྩོན་པ་ཆུ་མོའི་རྒྱུན་དང་འགྲོགས་ནས་སློབ་གྲྭ་རང་གི་མཛེས་རྩལ་སློབ་དཔྱོད་ཚོགས་ཆུང་ལ་ཞུགས་པ་དང་། ཡིག་གཟུགས་འགྲན་བསྡུར་སྣ་ཚོགས་སུ་ཞུགས་པའི་གོ་སྐབས་ཐོབ་ནས་མཚན་སྙན་དང་བྱ་དགའ་མང་པོ་ཐོབ། 2015ལོའི་ཟླ5པར་སྡེ་དགེ་རྫོང་སློབ་འབྲིང་དུ་ཡིག་གཟུགས་འགྲན་བསྡུར་སྐབས་དབུ་མེད་ཡིག་གཟུགས་རིགས་གཉིས་ཀྱི་ཨང་དང་པོ་དང་གཉིས་པའི་བྱ་དགའ་ཐོབ། དེ་བཞིན་དབུ་ཅན་ལ་ཨང་གཉིས་པའི་བྱ་དགའ་ཐོབ། 2016ལོའི་ཟླ11པར། སྡེ་དགེ་རྫོང་སློབ་འབྲིང་དང་སྡེ་དགེ་རྫོང་ཡུལ་སྐོར་ཅུས་ཀྱིས་གཉེར་བའི་ཡིག་གཟུགས་འགྲན་བསྡུར་ཁྲོད་ཨང་གསུམ་པའི་བྱ་དགའ་ཐོབ།2016ལོའི་ཟླ11པར། སྡེ་དགེ་རྫོང་རིག་གནས་ཡུལ་སྐོར་དང་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱིས་གནང་བའི་སྡེ་དགེ་རྫོང་གི་དངོས་མིན་རིག་གནས་ཤུལ་བཞག་སྡེ་དགེའི་ཡིག་གཟུགས་མཚོན་བྱེད་ཀྱི་རྒྱུན་འཛིན་སྒྱུ་རྩལ་པའི་ལག་ཁྱེར་ཐོབ། 2017ལོའི་ཟླ10པར། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭས་གཉེར་བའི་ཡིག་གཟུགས་འགྲན་བསྡུར་ཁྲོད་མཛེས་རྩལ་ཡི་གེར་ཨང་གཉིས་པའི་བྱ་དགའ་ཐོབ། 2018ལོའི་ཟླ3པར། སྐབས་ལྔ་པའི་རྒྱལ་ཡོངས་ཡིག་གཟུགས་དང་མཛེས་རྩལ་འགྲན་བསྡུར་ཆེན་མོའི་ནང་ཕུལ་བྱུང་བརྩམས་ཆོས་ཀྱི་བྱ་དགའ་ཐོབ། 2018ལོའི་ཟླ4པར། དཀར་མཛེས་ཁུལ་གྱི་སྐབས་གཉིས་པའི་བོད་ཡིག་ཡིག་གཟུགས་འགྲན་བསྡུར་ནང་ཕུལ་བྱུང་གི་བྱ་དགའ་ཐོབ། 2018ལོའི་ཟླ5པར། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭས་གཉེར་བའི་ཡིག་གཟུགས་འགྲན་བསྡུར་ཁྲོད་དབུ་ཅན་ལ་ཕུལ་བྱུང་བྱ་དགའ་ཐོབ། 2018ལོའི་ཟླ11པར། སྡེ་དགེ་རྫོང་གི་སྐབས་དང་པོའི་བོད་ཡིག་ཡིག་གཟུགས་འགྲན་བསྡུར་ནང་མཛེས་རྩལ་ཡི་གེར་ཕུལ་བྱུང་བྱ་དགའ་སོགས་ཐོབ་པ་རེད།


བོད་པའི་བུ་མོ་ལོ་བཅུ་དགུ་ཅན་ཞིག་གི་ཡིག་གཟུགས་འགྲེམས་སྟོན།


བོད་པའི་བུ་མོ་ལོ་བཅུ་དགུ་ཅན་ཞིག་གི་ཡིག་གཟུགས་འགྲེམས་སྟོན།

བོད་པའི་བུ་མོ་ལོ་བཅུ་དགུ་ཅན་ཞིག་གི་ཡིག་གཟུགས་འགྲེམས་སྟོན།

བོད་པའི་བུ་མོ་ལོ་བཅུ་དགུ་ཅན་ཞིག་གི་ཡིག་གཟུགས་འགྲེམས་སྟོན།



བོད་པའི་བུ་མོ་ལོ་བཅུ་དགུ་ཅན་ཞིག་གི་ཡིག་གཟུགས་འགྲེམས་སྟོན།


བོད་པའི་བུ་མོ་ལོ་བཅུ་དགུ་ཅན་ཞིག་གི་ཡིག་གཟུགས་འགྲེམས་སྟོན།

    ཐེངས་འདིའི་ཡིག་གཟུགས་འགྲེམས་སྟོན་དུ་དབུ་ཅན་དང་འབྲི་ཚ། སུག་རིང་། སུང་ཐུང་། འཁྱུགས་ཡིག  ལཉྫ། མཛེས་བྲིས་སོགས་གཟུགས་མི་འདྲ་བ་བཞི་བཅུ་ལྷག་དང་། མོ་རང་གིས་བྲིས་པའི་ཡིག་གཟུགས་བྲིས་ཐང103ལས60ལ་ཉེ་བ་བཤམས་སྟོན་བྱས་པ་རེད།

  • ལེ་ཚན་སྔོན་མ།:ཡིག་མཁན་འཇིགས་མེད་ཆོས་དར་དང་ཁོང་གི་ཡིག་གཟུགས་བརྩམས་ཆོས།
  • ལེ་ཚན་རྗེས་མ།:ཡིག་མཁན་དཔག་བསམ་དོན་འགྲུབ་ཀྱི་ཡིག་གཟུགས་འགྲེམ་སྟོན།
  • དོ་སྣང་ཆེ་བའི་རྩོམ།