སྐད་ཡིག་གཉིས་ནི་མི་རིགས་བླ་སྲོག་ཡིན། ཡི་གེའི་གཟུགས་ཀྱི་བྲིས་རྒྱུན་ལེགས་པར་སྐྱོངས།

མཁས་གྲུབ་ནོར་བུ།        2018-10-18

སྐད་ཡིག་གཉིས་ནི་མི་རིགས་བླ་སྲོག་ཡིན། ཡི་གེའི་གཟུགས་ཀྱི་བྲིས་རྒྱུན་ལེགས་པར་སྐྱོངས།

   དེ་ཡང་ཉེ་བའི་ལོ་བཞི་བཅུ་ལྷག་གི་ཡར་སྔོན་དུ་རིག་གནས་གསར་བརྗེ་ཆེན་པོའི་ཤུགས་རྐྱེན་འོག་བོད་ཁམས་ཀྱི་དགོན་སྡེ་སོ་སོ་དང་རིག་གནས་བཅས་ལ་གཏོར་བརླག་ཚབས་ཆེན་ཐེབས་པས་བློ་ཁོག་ཡིད་ཀྱི་གཏིང་ནས་ཕངས་སེམས་སྐྱེས། བོད་པའི་སྙིང་ཁྲག་རྒྱུ་བའི་སྐྱེ་བོ་ཞིག་ཡིན་ཕྱིན་རང་གི་རིག་གནས་ཉམས་པར་སླར་གསོ་དང་མ་ཉམས་གོང་དུ་སྤེལ་བ་ལ་ཐུགས་བཞེས་མཛད་དགོས་པའི་གནས་ཤིག་ཡིན། ད་ཆ་རང་རེ་བོད་མི་རིགས་ལ་མཚོན་ན་དེང་རབས་ཀྱི་ཚན་རིག་ལག་རྩལ་སོགས་ཀྱི་ཐད་ནས་རྗེས་ལུས་སུ་གྱུར་ཡོད་སྟབས་དེ་དག་བཟློག་པའི་གཉེན་པོའི་བྱ་བ་གང་ཞིག་ནི་མི་རིགས་རང་གི་སྐད་དང་ཡི་གེ་འཕེལ་རྒྱས་གཏོང་བ་དེ་ཡིན།

སྐད་ཡིག་གཉིས་ནི་མི་རིགས་བླ་སྲོག་ཡིན། ཡི་གེའི་གཟུགས་ཀྱི་བྲིས་རྒྱུན་ལེགས་པར་སྐྱོངས།


གང་ལྟར་མི་རིགས་ཤིག་ཡུན་རིང་གནས་ཐུབ་མིན་དང་འཕེལ་རྒྱས་འབྱུང་མིན་ནི་གཙོ་བོ་སྐད་དང་ཡི་གེར་རག་ལས་པས་སྐད་དང་ཡི་གེ་ནི་མི་རིགས་ཤིག་མི་རིགས་གཞན་དག་ལས་དགར་བའི་ཁྱད་ཆོས་གཙོ་བོ་ནང་གི་གཅིག་ཡིན་ལ། སྐད་ཡིག་གྲ