རྒན་པོ་དང་མ་ཎི་འཁོར་ལོ།
བློ་བཟང་བསྟན་འཛིན།(མཚོ་ལྷོ) 2012-03-30
ཉིན་ཞིག་ཧོར་གཙང་དགེ་བཤེས་ཚང་བླ་བྲང་དགོན་པའི་མཐར་ཕྱག་སྐོར་དུ་ཕེབས་སྐབས།རྒན་པོ་ཞིག་གིས་དངུལ་འཁོར་བཟང་བོ་ཞིག་ལག་ཏུ་བཟུང་ནས་བྲེལ་སྟབས་སུ་དགེ་བཤེས་ཚང་གི་དྲུང་དུ་འོངས་ཏེ་ངེད་ཀྱི་མ་ཎི་འཁོར་ལོ་སྐོར་བ་འདི་དགེ་བ་མཆོག་ཏུ་གྱུར་པ་ཞིག་ཡིན་ནམ་ཞེས་དྲིས་པར།ཁོང་གིས་ཕན་ཡོད་ཆེ་ཚུལ་ཞིབ་ཏུ་གསུངས། ཉིན་གཉིས་པ་དང་གསུམ་པར་ཡང་རྒན་པོ་དེ་འོངས་ནས་སྔར་ལྟར་དྲིས་པར།དགེ་བཤེས་ཚང་གིས་ཁྱེད་ཀྱིས་དགོན་པའི་ནང་མར་ལྟོས་དང་།སྐལ་ལྡན་གྱི་སྐྱེས་བུ་རབ་ཅིག་གིས་ཆོས་གྲྭར་ཆོས་ཀྱི་བགྲོ་གླེང་བྱེད་པ་ཀན་དམ་པའི་ཆོས་དགེ་བ་མཆོག་ཏུ་གྱུར་པ་ཡིན་ཞེས་ཆོས་རྩོད་བྱེད་པ་དེ་བསྟན།འབྲིང་ཞིག་གིས་རྩོད་མི་ནུས་ཀྱང་འདོན་པ་བྱང་བ་ཞིག་གསུངས་པ་ཀན་ཡིན།ཐ་མ་བླུན་པོ་ཅི་ཡང་མི་ཤེས་པ་ཞིག་གིས་ད་གཟོད་ཤིང་ཐུར་ཞིག་གི་སྣེར་བཏགས་ཏེ་གཡུགས་པ་འདི་ཡིན་ཞེས་གསུངས་སོ།།