མཚར་གཏམ་འགའ།

        2011-07-14

འབེན་ལ་རྒྱག་པ།
ཆུང་མས་འབེན་ལ་དམིགས་དུས། མིག་ཡ་གཅིག་བཙམ་དགོས་དོན་ཅི། སྐྱེས་པས་མིག་གཉིས་ཀ་བཙུམ་ན།ཅི་ཡང་མི་མཐོང་བ་མིན་ནམ།
 
གླང་ཆེན་དང་བྱེའུ་ཡི་ཁྱད་པར།
སྐྱེ་དངོས་སློབ་ཁྲིད་སྐབས་སུ། སློབ་གྲོགས་ཚང་མར་གླང་ཆེན་དང་བྱེའུ་ཡི་ཁྱད་པར་ལ་གྲོས་བསྡུར་བྱེད་དུ་བཅུག
སློབ་གྲོགས་ཀ་པས་གླང་ཆེན་ལ་སྣ་ཞགས་རིང་པོ་ཞིག་ཡོད་པ་དང་། བྱེའུ་ལ་མེད།
སློབ་གྲོགས་ཁ་པས་བྱེའུ་ལ་གཤོག་པ་ཡོད་ལ། གླང་ཆེན་ལ་མེད།
སློབ་གྲོགས་ག་པས་སྐད་མགོ་མཐོན་པོས་ཁྱད་པར་ཆེས་ཆེ་བ་ནི། བྱེའུ་དེ་གླང་ཆེན་གྱི་རྒྱབ་ཏུ་བབས་ཆོག་ལ། བྱེའུ་ཡི་རྒྱབ་ཏུ་གླང་ཆེན་ཞོན་མི་ཐུབ་པ་དེ་ཡིན་ཟེར།
      
 ལངས་སྔ་བ།
དགེ་རྒན་གྱིས། དབྱར་གནང་གི་སྐབས་སུ་ཁྱོད་ནངས་སྔ་མོ་ཆུ་ཚོད་དུའི་སྟེང་མལ་ལས་ལྡིང་བ་ཡིན།
སློབ་མས། ཉི་རྩེ་རང་གི་སྒེའུ་ཁུང་དུ་འཕྲོས་མ་ཐག་མལ་ལས་ལྡིང་བ་ཡིན།
དགེ་རྒན་གྱིས། དེས་ན་ཁྱོད་རང་ནངས་མོ་ལངས་སྔ་བ་མ་ཡིན་ནམ།
སློབ་མ།  ཨོ། ང་རང་གི་མལ་ཁང་དེ་ཁ་ནུབ་ལྟ་ཡིན།
    
དོན་དངོས་གཙིགས་འཛིན་བྱེད་པ།
དགེ་རྒན།   དགུན་ཁར་ཆུ་དེ་ཅི་ཞིག་ལ་འཁྱག་དར་དུ་གྱུར།
སློབ་མས།  མི་རྣམས་ལ་དར་ཤུད་རྩེ་བའི་ཆེད་དུ་ཡིན།
 
   ཆེ་བ་དེ་ད་དུང་གཉིད་མེད།
དགུང་མོར།  ལོ་བཞི་ལ་སོན་པའི་བྱིས་པ་དེ་གཉིད་མ་ཡོང་བར།  ཨ་མ་ལ་ཨ་མ་ལགས། ངས་སིལ་ཏོག་ཀུ་ཤི་ཞིག་ཟོས་ན་འདོད་ཟེར།
 གཅེས་ཕྲུག   འཕྱི་སོང་། སིལ་ཏོག་ཀུ་ཤི་གཉིད་སོང་།
མིན། ཀུ་ཤི་ཆུང་བ་དེ་གཉིད་ཡོད་ནའང་། ཆེ་བ་དེ་ད་དུང་གཉིད་མེད་པ་ཁོ་ཐག་རེད།
   
        མ་དང་བུ།
ཧུན་ལེས་ཨ་མ་ལ། མི་ཞིག་གིས་རང་གི་བྱ་བ་མ་སྒྲུབ་ན་གཞན་གྱིས་ཆད་པ་གཅོད་སྲིད་དམ།
ཆད་པ་གཅོད་མི་སྲིད།
འོ་ན།  གཤེ་གཤེ་གཏོང་སྲིད་དམ།
གཅེས་ཕྲུག   སེམས་བདེ་མོ་བྱོས་དང་། གཤེ་གཤེ་གཏོང་མི་སྲིད།
གནམ་རྒན་མ། ད་འགྲིག་སོང་།  ངས་དེ་རིང་གི་ལས་བྱ་མ་སྒྲུབ།
  • ལེ་ཚན་སྔོན་མ།: ཉེན་རྟོག་པ་དང་རྐུན་མ།
  • ལེ་ཚན་རྗེས་མ།:གནམ་རྒན་མ།