ལས་བཟོ་བ་ཞིག་ཉིན་གཉིས་རིང་ལ་ལས་ཁུངས་སུ་མི་ཡོང་བར་ཞུགས་ཆད་པ་རེད། ཉིན་གསུམ་པར་ལས་ཁུངས་སུ་ཡོང་སྐབས། ཀྲུའུ་རེན་གྱིས་འཁང་བའི་ཚུལ་གྱིས“འདི་ཉིན་གཉིས་རིང་ཁྱོད་ཅི་བྱེད་དུ་སོང་བ་ཡིན”ཞེས་དྲིས།
ལས་བཟོ་བས“ངས་གཟབ་ཟོན་མ་བྱས་པས་ཁང་རྩེག་གསུམ་པའི་སྐར་ཁུང་ནས་ཕྱིར་ལྷུང་སོང་བས་རེད།”ཅེས་ཟེར་བ་ལ། ཀྲུའུ་རིན་གྱིས“ཡཱ། ཁང་རྩེག་གསུམ་པ་པ་ནས་མར་ལྷུང་བ་ལ་ཉིན་གཉིས་འགོར་གྱི་རེད་དམ”ཞེས་སླར་ཡང་ཡིད་མ་རངས་བའི་ཚུལ་གྱིས་དེ་ལྟར་དྲིས།