ཨ་རག་ཤེལ་དམ་དོ།

        2010-12-20

མི་གསུམ་དུ་ཚོང་ཁང་དུ་ཅ་ལག་ཉོ་རུ་སོང་། ཚོང་བདག་གིས་མི་ཞིག་ལ“ཁྱོད་རང་ཅི་ཞིག་ཉོ་གིན་ཡོན”།ཞེས་དྲིས་པར་མི་དེས“ཨ་རག་ཤེལ་དམ་གང”ཞེས་ཟེར་། ཚོང་བདག་གིས་མྱུར་མར་ཐེམ་སྐས་བླངས་ཏེ་ཟོག་སྟེགས་སྟེང་དུ་ཡར་འཛེགས་ནས་ཨ་རག་ཤེལ་དམ་གང་བླངས་རྗེས་མི་དེ་ལ་སྤྲད།
ཡང་ཚོང་བདག་གིས་གཞན་པ་ཞིག་ལ“ཁྱོད་རང་གིས་ཅི་ཞིག་ཉོ་གིན་ཡིན།”ཞེས་དྲིས་པར་མི་དེས་ཀྱང་“ཨ་རག་ཤེལ་དམ་གང”ཟེར་བས་ཚོང་བདག་ཅུང་མི་དགའ་བའི་རྣམ་འགྱུར་དང་བཅས་“ཁྱོད་སྔ་ཙམ་ནས་མི་ཟེར་བ་ཅི་ཡིན”ཞེས་ཟེར་ཞོར་དུ་ཡང་ཐེམ་སྐས་བླངས་ཏེ་ཟོག་སྟེགས་སྟེང་དུ་འཛེགས། ཁོས་ཨ་རག་ལེན་ཞོར་མི་གསུམ་པ་དེ་ལ་བལྟས་ཏེ“ཁྱོད་ཀྱང་ཨ་རག་ཤེལ་དམ་གང་དགོས་པ་མིན་ནམ”ཞེས་དྲིས་པར།མི་དེས“མིན”ཞེས་ཟེར། ཚོང་བདག་གིས་ཨ་རག་ཤེལ་དམ་གང་མི་གཞན་པ་དེར་སྤྲད་རྗེས། ཐེམ་སྐས་མར་བླངས་ཏེ་ལོགས་ཞིག་ཏུ་བཞག
   ཁོ་ཚུར་ཡོང་སྟེ་མི་གསུམ་པ་དེ་ལ“འོ་ན་ཁྱོད་ལ་ཅི་ཞིག་ཉོ་རྒྱུ་ཡིན་ཞེས”དྲིས་པར། མི་དེས“ང་ལ་ཨ་རག་ཤེལ་དམ་དོ་དགོས”ཞེས་ཟེར་རོ། །
  • ལེ་ཚན་སྔོན་མ།:མེ་ལོང་།
  • ལེ་ཚན་རྗེས་མ།:རྨི་ལམ་དང་དོན་དངོས།