རླངས་འཁོར་ཨང་རྟགས།

ཉི་མ་རྡོ་རྗེ།        2010-12-20

བཟའ་མི་གཉིས་ཀས་རླངས་འཁོར་ཆུང་ཆུང་བཀོལ་ནས་ཁྲོམ་སྲང་དུ་འཆམ་འཆམ་ལ་སོང་། ཁོ་གཉིས་ཀྱིས་རླངས་འཁོར་ལམ་འགྲམ་ན་བཞག་ཏེ། ཚོང་ཁང་དུ་ཅ་ལག་ཉོ་རུ་ཕྱིན། ཁོ་གཉིས་ཀྱིས་ཅ་དངོས་ཉོས་ནས་ཡུན་རིང་མ་འགོར་བར་ཚོང་ཁང་གི་སྒོ་ཕྱིར་བུད་དུས། རྐུན་མ་ཞིག་གིས་ཁོ་གཉིས་ཀྱི་རླངས་འཁོར་ཆུང་ཆུང་བཀོལ་ཏེ་མདུན་ཕྱོགས་ནས་བྲོས་སོང་བ་མཐོང་། ཁོ་གཉིས་རྗེས་ནས་དེད་ཀྱང་རྐུན་མའི་རྗེས་མ་ཆོད།
   ཁྱོ་བོས། “ད་མ་རེད་ཐལ། རྐུན་མའི་ངོ་གཟུགས་ཅི་འདྲ་ཞིག་ཡིན་པའང་གསལ་པོར་མཐོང་མ་བྱུང་། ”ཟེར། ཆུང་མས“དེ་སྐྱོན་མེད། ངས་རྐུན་མའི་རླངས་འཁོར་ཨང་རྟགས་ཟིན་འགོད་བྱེད་ཡོད”ཅེས་བཤད།
  • ལེ་ཚན་སྔོན་མ།:གནམ་རྒན་མ།
  • ལེ་ཚན་རྗེས་མ།:མེ་ལོང་།