ཨོ་ཐོག་ཡུལ་གྱི་གཏམ་དཔེ་གཅེས་བཏུས།

བེ་མདས་འཚོལ་སྡུད་བྱས།        2020-04-30

ཨོ་ཐོག་ཡུལ་གྱི་གཏམ་དཔེ་གཅེས་བཏུས།

༡༽

བཤད་ནས་རྟ་རག་པ་ལས།།

མཐུན་ནས་ར་རག་པས་དགའ།།

 

༢༽

གཡག་མཁར(ཤུལ)བཤའ་སའི་མཆིན་པ།།

འབྲི་མོ་བཞོ་སའི་བཞོ་དྲེག །

 

༣༽

ཤ་རེ་ཡི་རྩར་གྲི་རེ་དང་།།

རྐང་རེ་ཡི་རྩར་རྡོ་རེ།།

 

༤༽

སྔ་ཚིག་མི་འགྱུར་གི་ཨ་ལོང་།།

ཕྱི་ཚིག་མི་འགྱུར་གི་འཕའ་ཁ།།

 

༥༽

 ཤི་ན་རྣམ་ཤེས་བཅོལ་ས།།

མ་ཤི་གསོལ་བ་འདེབས་ས།།

 

༦༽

གཏམ་བཤད་པའི་ཉིན་དེར་ལྷོད་དགོས།།

དགྲ་འཛིང་གི་ཉིན་པར་སྤྱང་དགོས།།

 

༧༽

གཏམ་ལ་གཏམ་ལན་མེད་ན་ལྐུགས་པ།།

ཟས་ལ་ཟས་ལན་མེད་ན་སྤྲང་བོ།།

 

༨༽

ཕ་ཡ་རབས་རྒས་རྒས་ཆོས་ཀྱིས་རྒས།།

བུ་ཡ་རབས་སྐྱེས་སྐྱེད་ཆོས་ལ་སྐྱེས།།

༩༽

ཕ་མ་བཟང་བོ་བུ་རྒྱུད།།

གོས་ཆེན་སེར་བོའི་གྲ་རས།།

 

༡༠༽

ཕ་རྒྱུད་དཀར་བོ་དུང་ཡིན་ནི།།

དུང་དཀར་བོའི་རྒྱུད་ན་ནག་མེད་ནི།།

མ་རྒྱུད་སྔོན་པོ་གཡུ་ཡིན་ནི།།

གཡུ་དྲུག་དཀར་རྒྱུད་ན་ལྷད་མེད་ནི།།

 

༡༡༽

ཤར་དགའ་ལྡན་ལྷ་ཡུལ་གྱི་དད་པ་གཅིག་ས།།

ལྷོ་འཇིག་རྟེན་མི་ཡུལ་གི་སེམས་ཁོག་མཐུན་ས།།

 

༡༢༽

དཀྱིལ་ལ་བཞག་ན་ཁྲ་འདྲ་འདྲ།།

ཟུར་ལ་བཞག་ན་རྒྱན་འདྲ་འདྲ།།

 

༡༣༽

དེ་རིང་སྐྱིད་སྡུག་ཞུ་སའི་དཔོན་ལུ།།

སང་ཉིན་རྒྱགས་ལྟོགས་ཞུ་སའི་མ་ལོ།།

 

༡༤༽

རོགས་ཕར་དགའ།།

ལྕང་ལོ་ཚུར་འགུག།

 

༡༥༽

བླ་སློབ་ཆོས་དང་དམ་ཚིག །

དཔོན་གཡོག་ལུས་དང་གྲིབ་མ།།

 

༡༦༽

མྱིས་མི་ཟ་རྒྱུ་མནའ་དང་།།

ཁྱིས་མི་ཟ་རྒྱུ་ལྕགས་ཡིན།།

༡༧༽

དཔའ་མེད་ན་ཇག་པའི་འགྲོ་སྟངས།།

རྒྱུ་མེད་རུང་བག་མའི་འབབ་སྟངས།།

 

༡༨༽

ཁ་བ་བབས་ན་ཁང་ཐོག།

མགྲོན་པོ་ཡོང་ན་སྒོ་ཁ།།

 

༡༩༽

ལས་བཟང་ངན་གཉིས་ཀ་སྒུག་དགོས།།

ཚེ་སྐྱིད་སྡུག་གཉིས་ཀ་གཤིབ་དགོས།།

 

༢༠༽

མྱི་རྒས་ཁར་ཕ་ཡུལ་ཇེ་དྲན།།

བྱ་རྒས་ཁར་ཤིང་མགོ་ཇེ་དྲན།།

 

༢༡༽

ཨ་མ་དང་འདྲེ་མོ་ནོར།།

ལབ་རྩེ་དང་སོ་བ་ནོར།།

 

༢༢༽

མྱི་ལ་ངོ་ཚ་མེད་ན་ཁྱི་ཡིན།།

ཁྱི་ལ་རྔ་མ་མེད་ན་འདྲེ་ཡིན།།

 

༢༣༽

ཤ་ཚིལ་རྒྱ་མ་བརྒྱད་ཅུ་ཨ་ཆེན་ཧོར་ལ་ཡོད་རུང་།།

རུས་པ་ཆ་བཞི་དཀར་བོ་གླིང་དཀར་སྟོད་ལ་འཁོར་ཡོད།།

 

༡༤༽

སྡེ་ཆེན་པོ་འཁྲུག་དུས་གྱོད་མ་ཤོད།

སྡུག་ཨ་ཐང་ཆད་དུས་ངུ་མ་ཤེས།


  • ལེ་ཚན་སྔོན་མ།:སྐུ་མཁར་མ་རུའི་ལོ་རྒྱུས།
  • ལེ་ཚན་རྗེས་མ།:དྲུག་བྲོ་མ་དང་བྱ་བྲོ་དགུ་བརྡུང་གཉིས་གླེང་བ།