ཚེ་རིང་དོན་གྲུབ།

    ནགས་ཀླུང་ཁུ་བྱུག་འདུ་གནས་ལས་དྲངས།    2010-09-15

ཚེ་རིང་དོན་གྲུབ་ལགས་ནི་༡༩༦༡ལོའི་ཟླ་བཅུ་བར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་སོག་རྫོང་དུ་འཁྲུངས། ༡༩༧༤ལོ་ནས་༡༩༨༢ལོའི་བར་དུ་སློབ་ཆུང་དང་དམའ་འབྲིང་མཐོ་འབྲིང་བཏོན། བྱ་བར་ཞུགས་རྗེས་སློབ་འབྲིང་དགེ་རྒན་དང་ཁྲིམས་འཛིན་དྲུང་ཡིག  དེབ་ཐེར་སྒྲིག་འབྲི་སོགས་ཀྱི་ལས་ཀའི་ཞོར་དུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་སྒྲུང་གཏམ་ཡིག་འབྲུ་ཁྲི་ཚོ་བརྒྱ་ལྷག་ཡོད་པ་སྤེལ། བརྩམས་ཆོས་སྐོར་ཞིག་ལ་ཞིང་ཆེན་ཕྱི་ནང་དང་རྒྱལ་ཡོངས་ཀྱི་རྩོམ་རིག་བྱ་དགའ་ཐོབ་པ་དང་། སོག་པོ་དང་དབྱིན་ཇི། སེའུ་ཏེན། རྒྱ་ནག་སོགས་ཀྱི་ཡི་གེར་བསྒྱུར་ཡོད་པ་མ་ཟད་སློབ་གྲྭ་ཆེན་མོ་ཁག་ཅིག་གི་རྩོམ་རིག་བསླབ་དེབ་དང་རྩོོམ་བཏུས་སྣ་ཚོགས་ནང་གདམས་ཡོད། བརྩམས་ཆོས་གཙོ་བོ《ཚེ་རིང་དོན་གྲུབ་ཀྱི་སྒྲུང་ཐུང་གདམས་བསྒྲིགས》དང་《ཚེ་རིང་དོན་གྲུབ་ཀྱི་སྒྲུང་འབྲིང་ཕྱོགས་བསྒྲིགས》སྒྲུང་རིང྇྇《མེས་པོ》དང་《སྨུག་པ》《རླུང་དམར་འུར་འུར》སོགས་ཡོད། ད་ལྟ་ཁོང་གིས་རྨ་ལྷོ་རྫོང་ཡིག་ཚགས་ཁང་དུ་ཕྱག་ལས་གནང་།   
  • ལེ་ཚན་སྔོན་མ།: དཔལ་དོན་གྲུབ་རྒྱལ།
  • ལེ་ཚན་རྗེས་མ།: བཀྲ་ཤིས་དཔལ་ལྡན།