ནག་པོ་སྐལ་བཟང་།

མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་།    ནགས་ཀློང་ཁུ་བྱུག་འདུ་གནས།    2011-01-12

ནག་པོ་སྐལ་བཟང་ནི་༡༩༥༥ལོར་རེབ་གོང་གླང་རྒྱ་ནས་སྐྱེས་ཤིང་།༡༩༨༢ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན་པ་ནས་བཟུང་།མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དུ་རྩོམ་སྒྲིག་པའི་ཕྱག་ལས་མཛད།
ཁོང་རྒྱ་བོད་ཡིག་རིགས་གཉིས་ཀར་བྱང་བ་ཞིག་ཡིན་པས།བོད་ཀྱི་བྱུང་བ་བརྗོད་པ་དང་བོད་ཀྱི་མི་གྲངས་སོགས་རྒྱ་ཡིག་གིས་བྲིས་པའི་དཔྱད་རྩོམ་བཅུ་ལྷག་སྤེལ་བ་ལས་གླིང་གེ་སར་རྒྱལ་པོའི་སྒྲུང་དང་གེ་སར་རྒྱལ་པོ་ཞེས་པའི་དཔྱད་རྩོམ་ལ་༡༩༨༦ལོར་རྒྱལ་ཡོངས་ཀྱི་ཕུལ་བྱུང་བྱ་དགའ་ཐོབ།བོད་ཡིག་གི་རྩོམ་ལ་བྲེད་ཤ་ལངས་པའི་མཚར་གཏམ་སོགས་སྒྲུང་གཏམ་དང་དཔྱད་རྩོམ་ཉི་ཤུ་ལྷག་སྤེལ་ཡོད་པར་མ་ཟད།པར་དུ་བཏབ་ཟིན་པའི་དཔེ་ཆ་ཀླུ་འབུམ་མི་རྒོད་སོགས་པོད་བཅུ་གསུམ་ཡོད་ཅིང་།དེ་དག་ལས་བོད་བརྒྱུད་ནང་བསྟན་ལྷ་རིས་སྒྱུ་རྩལ་ཞེས་པའི་དཔེ་དེབ་ལ་རྒྱལ་ཡོངས་ཀྱི་དགའ་རྟགས་ཨང་དང་པོ་ཐོབ་པ་དང་།བོད་ཀྱི་ལྷ་རིས་ཐིག་རྩ་ཞེས་པ་ལ་རྒྱལ་ཡོངས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།དེ་བཞིན་དུ་ཀླུ་འབུམ་མི་རྒོད་ཅེས་པ་མཚོ་སྔོན་བོད་སྐད་བརྙན་འཕྲིན་དང་རྒྱང་སྒྲོག་ཏུ་ཕབ་ནས་ཐེངས་མང་བཏང་།
 
  • ལེ་ཚན་སྔོན་མ།:ཁྱུང་ཐར་རྒྱལ།
  • ལེ་ཚན་རྗེས་མ།:ཨ་རྡོར།