དཀར་མཛེས་ཁུལ་གྱི་འབུམ་རམས་པ་རྣམ་པ་བཞི།

        2013-03-04

བཅིངས་འགྲོལ་ཐོབ་རྗེས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་འབུམ་རམས་པ་རྣམ་པ་བཞིན་བུད་ཡོད་པ་སྟེ།
   དགེ་ལེགས།  ཕ་ཡུལ་གསེར་ཐར། ཀོང་ཀྲུའུ་ཀྲུང་ཧྲན་སློབ་གྲྭ་ཆེན་མོའི་མིའི་རིགས་ཀྱི་རིག་པའི་འབུམ་པ་ཡིན་ཞིང་། ད་ལྟར་ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་སུ་གཙོ་འགན་འཁུར་མཁན་གཞོན་པའི་ལས་འགན་བཞེས་བཞིན་ཡོད།
  དཔལ་ལྡན་ཉི་མ།  ཕ་ཡུལ་རོང་བྲག  ནུབ་བྱང་དགེ་འོས་སློབ་གྲྭ་ཆེན་མོའི་སློབ་གསོ་རིག་པའི་འབུམ་རམས་པ་ཡིན་ཞིང་། སློབ་མཐར་ཕྱིན་རྗེས་དང་ཐོག་སི་ཁྲོན་ཞིང་ཆེན་བོད་ཀྱི་ཤེས་རིག་ཞིབ་འཇུག་ཁང་དུ་ཕྱག་ལས་མཛད་པ་དང་། དེང་སང་སི་ཁྲོན་དགེ་འོས་སློབ་གྲྭ་ཆེན་མོའི་སློབ་གསོ་ཚན་ཁག་གི་ཀྲུའུ་རེན་གཞོན་པའི་ལས་འགན་བཞེས་བཞིན་ཡོད།
   ཨ་ཚོགས། ཕ་ཡུལ་ཉག་ཆུ་རྫོང་། ཐེན་ཅིན་ནན་ཁའེ་སློབ་གྲྭ་ཆེན་མོའི་སྐད་ཡིག་རིག་པའི་འབུམ་རམས་པ་ཡིན།
   ཧུའུ་ཞི་ཞོན།༼ བུད་མེད། ༽སྔར་དར་མདོ་མཐོ་རིམ་སློབ་འབྲིང་གི་གྱ་ལྔ་ལོ་རིམ་ནས་སློབ་མཐར་ཕྱིན་ཞིང་རྗེས་མར་སྐྱེ་དངོས་རིག་པའི་འབུམ་རམས་པར་གྱུར། ད་ལྟར་ཨ་མེ་རི་ཁའི་ཨའེ་ཡུས་ཝ་ཁུལ་གྱི་སློབ་གྲྭ་ཆེན་མོར་སློབ་སྦྱོང་བྱེད་བཞིན་ཡོད།
  • ལེ་ཚན་སྔོན་མ།:རྒན་བློ་བཟང་བཤད་སྒྲུབ་རྒྱ་མཚོ་མཆོག་ངོ་སྤྲོད་མདོར་བསྡུས།
  • ལེ་ཚན་རྗེས་མ།:བྲག་བར་དཔལ་ལྡན།
  • དོ་སྣང་ཆེ་བའི་རྩོམ།