རྩོམ་སྒྲིག་པ་བསྟན་གོས་ཕ་སྐད་ལ་བཅངས་པའི་ལྷག་བསམ་འོ་མའི་རང་མདངས

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2011-11-09

རྩོམ་སྒྲིག་པ་བསྟན་གོས་ཕ་སྐད་ལ་བཅངས་པའི་ལྷག་བསམ་འོ་མའི་རང་མདངས

བསྟན་གོ ཞུས་ཆེན་གཞོན་པ། 1959ལོར་གཅན་ཚ་རྫོང་སྟེང་སོ་ཡུལ་ཚོའི་ཤིང་མཁར་ཞེས་པའི་གྲོང་སྡེར་སྐྱེས། 1978ལོར་རྨ་ལྷོ་མི་རིགས་དགེ་འོས་སློབ་གྲྭ་ནས་མཐར་ཕྱིན་རྗེས་གཅན་རྫོང་དུ་སློབ་ཆུང་དང་སློབ་འབྲིང་གི་དགེ་རྒན་གྱི་ལས་ཀ་གཉེར། 1979གོར་རྨ་ལྷོ་ཁུལ་གྱི་སློབ་ཆུང་དགེ་རྒན་ཡོངས་ལ་རྒྱུགས་ལེན་སྐབས་བྱ་དགའ་ཨང་དང་པོ་བླངས་པ་དང་སློབ་ཁྲིད་བྱས་པའི་སྤུས་ཚད་རབ་འབྲིང་ཐ་གསུམ་གྱི་དབྱེ་བ་ལས་རབ་ལ་ཐོན་ཞིང་ཕུལ་བྱུང་དགེ་རྒན་གྱི་མཚན་སྙན་ཀྱང་ཐོབ།
1982---1983ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོར་འགྲིམ་ནས་སློབ་དཔོན་ཆེན་མོ་རྗེ་ཤར་གདོང་ཚང་གི་དྲུང་ནས«དབྱངས་ཅན་དགྱེས་གླུ»དང་«ཡང་གསལ་སྣང་མཛོད།» «རྗེ་བཙུན་ཤེས་རབ་རྒྱ་མཚོའི་གསུང་རྩོམ།»སོགས་གསན་སྦྱང་གནང་ཞིང་། དགེ་རྒན་ཆེན་མོ་བདེ་མཆོག་ལགས་ཀྱི་དྲུང་ནས་«བློ་གསལ་རིགས་སྒོ»དང་«སེམས་དང་སེམས་བྱུང་།»སོགས་ཀྱི་འཆད་ཁྲིད་ལ་ཉན།

 

རྩོམ་སྒྲིག་པ་བསྟན་གོས་ཕ་སྐད་ལ་བཅངས་པའི་ལྷག་བསམ་འོ་མའི་རང་མདངས

དགེ་སློབ་ཡོངས་ནས་སྐད་གསེང་མཐོན་པོས་དབྱངས་གསལ་སོ་བཞི་དབྱངས་ལ་གྱེར་བཞིན་པ།

   1986ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི«སྦྲང་ཆར»རྩོམ་སྒྲིག་ཁང་དུ་ལས་གནས་སྤར། དུས་དེབ་རྩོམ་སྒྲིག་གི་ཞོར་དུ་ཁོང་གིས་«གངས་ལྗོངས་མཁས་དབང་རིམ་བྱོན་གྱི་རྩོམ་ཡིག་གསེར་གྱི་སྦྲམ་བུ།»དང་«དེང་རབས་བོད་ཀྱི་རྩོམ་རིག་དཔེ་ཚོགས» སོགས་དཔེ་དེབ་ཆེ་གྲས་མང་པོའི་རྩོམ་སྒྲིག་པའི་པར་ཞུའི་ལས་འགན་འཁུར། ལོ་ངོ་ཉེར་གསུམ་རིང་གི་རྩོམ་སྒྲིག་པའི་ལས་ཀའི་བརྒྱུད་རིམ་ཁྲོད་དུ་ཁོང་ལ་ཕུལ་བྱུང་རྩོམ་སྒྲིག་པའི་བྱ་དགའ་དང་། ན་གཞོན་རྩོམ་རིག་རྩོམ་སྒྲིག་པའི་བྱ་དགའ། སྦྲང་ཆར་རྩོམ་སྒྲིག་གི་བྱ་དགའ། རྩོམ་སྒྲིག་པར་ཞུའི་སྤུས་ཀའི་བྱ་དགའ་སོགས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་བྱ་དགའ་མང་པོ་ ཐོབ།
ཁོང་གིས་ཟི་ལིང་དུ་སྡོད་པའི་བོད་རིགས་བྱིས་པ་རྣམས་ལ་བོད་ཡིག་སྦྱོང་ས་མེད་པའི་གནས་ཚུལ་ལ་དམིགས་ཏེ1993ལོ་ནས་ད་ལྟའི་བར་གྱི་ལོ་ངོ་བཅོ་བརྒྱད་ཀྱི་རིང་ལ་གཟའ་ཉི་མའི་ངལ་གསོའི་དུས་ཚོད་ནང་དུ་རང་གི་བྱ་བ་ཡོད་ཚད་བློས་བཏང་ནས་བོད་ཡིག་འཛིན་གྲྭ་བཙུགས་ནས་བོད་ཡིག་སློབ་ཁྲིད་བྱས་ཏེ་བོད་ཀྱི་སྐད་ཡིག་དེ་རང་ནུས་ཅི་ལྕོགས་ཀྱིས་འབད་པ་བྱས་དང་བྱེད་མུས་སུ་མཆིས།
    དེ་མིན«གངས་རྒྱན་ན་ཆུང་ཚགས་པར»སོགས་ཚགས་པར་དང་«སྦྲང་ཆར»སོགས་དུས་དེབ་དང་དཔེ་དེབ་སོགས་ལ་ཁ་བྱང་ཆིག་སྟོང་ལྷག་ཕྱག་བྲིས་གནང་མྱོང་།

  • ལེ་ཚན་སྔོན་མ།:《སྒྲོལ་མ》ཞེས་པའི་གླུ་དབྱངས་ཀྱི་གདངས་བརྩམ་མཁན་ཆོས་རྒྱ་མཚོའི་སྐོར་བཀོད་པ།
  • ལེ་ཚན་རྗེས་མ།:བོད་རིག་པ་བ་སྡེ་རོང་ཚེ་རིང་དོན་གྲུབ།
  • དོ་སྣང་ཆེ་བའི་རྩོམ།