གཡུ་ཁོག་བྱ་བྲལ་བའི་འཁྲུངས་གནས་ཀྱི་གླིང་གེ་སར་རྡོ་བརྐོས་མཛེས་ལྡན།

    གླིང་གེ་སར་རིག་གནས་དྲ་བ།    2012-08-03


གཡུ་ཁོག་བྱ་བྲལ་བའི་འཁྲུངས་གནས་ཀྱི་གླིང་གེ་སར་རྡོ་བརྐོས་མཛེས་ལྡན།
གཡུ་ཁོག་བྱ་བྲལ་བ་འཁྲུངས་གནས་ཀྱི་གླིང་གི་རྡོ་བརྐོས།
ཤར་གྱི་གནས་རྒྱལ་མོ་དམུ་རྡོའི་གནས་ཀྱི་ཉེ་ཕྱོགས་ཆུ་དབར་ཏཱ་རེའི་གནས་སྟེ། སྐུ་ཚེ་གཅིག་ལ་རིག་འཛིན་གྱི་སར་གཤེགས་པར་གྲགས་པའི་སྐྱེས་ཆེན་གཡུ་ཁོག་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ་ཚང་སྐུ་འཁྲུངས་བའི་(རབ་བྱུང་༡༥པའི་ཆུ་སྤྲེལ་ལོ)གནས་སུ། སྒྲུང་གཏེར་ཉི་མ་རང་ཤར་སོགས་ཀྱི་དངོས་འཛིན་མཛད་པ་ཡིན་པར་གྲགས་པའི་ལྷ་རྟ་རྐྱང་རྒོད་འཕེལ་བའི་རྨིག་རྗེས་སོགས་གླིང་གི་རྗེས་ཤུལ་བྱིན་ལྡན་མང་དུ་བཞུགས་ལ། གཞན་ཡང་ཡུལ་ཕྱོགས་ཀྱི་མིའི་ངག་རྒྱུན་དུ་གནས་དེར་ཕྱོགས་སུ་གླིང་དཀར་རྒྱལ་བློན་བྱོན་བཞུགས་ལོ་རྒྱུས་མང་བ་རྒྱུ་མཚན་དུ་བྱས་ཏེ། ཉེ་ལམ་གཡུ་ཁོག་དབལ་ཤུལ་ཆུ་དབལ་སྡེ་བའི་སྡེ་དཔོན་རིག་པོ་སོགས་ཀྱིས་བཞེངས་པའི་རྡོ་བརྐོས། གླིང་རྗེ་གེ་སར་རྒྱལ་བློན་གྱི་འདྲ་སྐུ་མཐོང་ན་ཡིད་འཕྲོགས་པ་དུ་མ་བཞུགས་པ་ནི་ལོ་རྒྱུས་འཚོལ་ཞིབ་པ་དང་། དད་ལྡན་མཇལ་སྐོར་བ་ཚོས་དད་པའི་རྟེན་དང་མིག་གི་གསོས་སུ་ཆེའོ། །
གཡུ་ཁོག་བྱ་བྲལ་བའི་འཁྲུངས་གནས་ཀྱི་གླིང་གེ་སར་རྡོ་བརྐོས་མཛེས་ལྡན།
གཡུ་ཁོག་བྱ་བྲལ་བའི་འཁྲུངས་གནས་ཀྱི་གླིང་གེ་སར་རྡོ་བརྐོས་མཛེས་ལྡན།
 
གཡུ་ཁོག་བྱ་བྲལ་བའི་འཁྲུངས་གནས་ཀྱི་གླིང་གེ་སར་རྡོ་བརྐོས་མཛེས་ལྡན།
ཞོར་དུ་ཞུ་རྒྱུ་ཞིག་ལ་ཁོ་ཚོའི་འབྲོག་སྡེའི་འབྱོར་བ་དང་ཐབས་བཀོད་ཀྱིས་མ་འདང་སྟེ། སྐུ་གཟུགས་དེ་དག་ལ་ལྷ་ཁང་འགྲུབ་མེད་པས་རྡོ་སྐུ་ཚོན་ལྡན་སྤུས་ལེགས་དེ་དག་ལ་ལྷ་ཁང་ཞིག་འགྲུབ་ན་ཅི་མ་རུང་སྙམ་སྟེ།   གླིང་གེ་སར་གྱི་བསྟན་པར་ལྷག་བསམ་དཀར་པའི་འབྱོར་ལྡན་རྣམ་པས་ཆུ་དབར་ཏཱ་རེའི་གནས་འདབས་ཀྱི་གླིང་གེ་སར་སྐུ་གཟུགས་རྡོ་བརྐོས་ཆེན་མོར་ལྷ་ཁང་གསར་བཞེངས་ལ་དཔལ་འབྱོར་གྱི་རོགས་སྐྱོར་རེ་གནང་རྒྱུ་ཐུགས་ལ་འཛིན་པར་ཞུ་ཞེས་སྡེ་དཔོན་རིག་པོ་སོགས་ཀྱི་གསོལ་བ་འདེབས་ཀྱིན་འདུག །
  • ལེ་ཚན་སྔོན་མ།:གསེར་ཐར་ཡུལ་གྱི་གླིང་གེ་སར་རྒྱལ་པོའི་གནའ་ཤུལ་ཟུར་ཙམ་གླེང་བ
  • ལེ་ཚན་རྗེས་མ།:གླིང་དཀར་སྟོད་དུ་གླིང་གི་རྗེས་ཤུལ་ཟབ།
  • དོ་སྣང་ཆེ་བའི་རྩོམ།