བོད་རིགས་དཔའ་བོའི་རྟོགས་བརྗོད་སྙན་ངག་གི་གསོན་ཤུགས་གཏན་དུ་གནས།

ཡེ་མགོན་གྱིས་བྲིས།        2021-03-26

བོད་རིགས་དཔའ་བོའི་རྟོགས་བརྗོད་སྙན་ངག་གི་གསོན་ཤུགས་གཏན་དུ་གནས།

ཀ རྟ་རྒྱུག་རྒྱལ་འཇོག་བྱས་ནས་དཔའ་ངར་ལྡན་ཞིང་དམག་འཐབ་ལ་མཁས།

ཁོང་ནི་བོད་རིགས་ཀྱི་མི་སེར་ཚོའི་སེམས་ནང་འགྲན་ཟླ་བྲལ་བའི་དཔའ་བོ་རེད། གེ་སར་རྒྱལ་པོ་ཁོང་ནི་གཏམ་རྒྱུད་ངོ་མཚར་སྟོང་ལྡན་གྱི་མི་སྣ་ཞིག་ཡིན་ཞིང་། རྒྱལ་ཁབ་ཕྱི་ནང་གི་ཞིབ་འཇུག་པ་ཚོས་ཐུན་མོང་དུ་རྙེད་པའི་མཇུག་འབྲས་ནི་ལྷ་ཀླུ་གཉན་གསུམ་དང་འབྲེལ་འདྲིས་དམ་པོ་མཆིས་པའི་མི་སྣ་ཞིག་ཡིན་པ་རེད། ཐང་རྒྱལ་རབས་ཀྱི་སྐབས་སུ་བྱོན་པའི་ཐང་གི་སློབ་དཔོན་སྡེ་སྣོད་གསུམ་པ་འཕགས་ཡུལ་དུ་ཕེབས་པའི་ལོ་རྒྱུས《ནུབ་བསྐྱོད་ཟིན་ཐོ》དང་འདྲ་བ་དངོས་ཡོད་འཚོ་བའི་བརྗོད་བྱ་བྱས་པ་ཡིན་ནའང་རང་འདོད་བློ་བཟོ་བྱེད་ཚད་དང་ལྷ་སྒྲུང་རིགས་ལྷད་བྱེད་ཚད། ཡང་ན་ང་ཚོའི་ཀློག་པ་པོས་ཁོང་ཉིད་ལ་བཅངས་པའི་རེ་འདུན་ནི་དངོས་གནས་ཀྱི་ལོ་རྒྱུས་མི་སྣ་ལ་བཅངས་པའི་རེ་འདུན་ལས་མཐོ་བས་རེད།

ཞིབ་འཇུག་པ་ཚོས་གླིང་གེ་སར་རྒྱལ་པོ་ནི་ཡབ་རྒྱུད་རི་ནས་ཆད་པའི་སེང་བློན་རྒྱལ་པོ་དང་། ཡུམ་རྒྱུད་མཚོ་ལས་ཆད་པའི་འགོག་བཟའ་ལྷ་མོ་གཉིས་ཀྱི་སྲས་སུ་སྤྱི་ལོ1038ལོར་སྐུ་འཁྲུངས། ད་བར་ལོ་ཆིག་སྟོང་ཙམ་འདས་ཡོད་པ་རེད།

《རྟ་རྒྱུག་རྒྱལ་འཇོག》ནང་དུ་གེ་སར་སྐུ་ན་ཆུང་དུས་དབུལ་པོའི་དཀའ་སྡུག་དང་བརྙས་བཅོས་སྣ་ཚོགས་ཀྱི་ཁྲོད་ནས་ནར་སོན་ཏེ་ལོ་བཅུ་གཉིས་ལ་བསླེབས་དུས། སྟག་རོང་དཔོན་པོ་ཁྲོ་ཐུང་གིས་གླིང་གི་རྒྱལ་པོའི་གོ་ས་བསྐོ་བཞག་བྱ་ཆེད་གླིང་ཡུལ་དུ་རྟ་རྒྱུག་འགྲན་ཚོགས་བསྡུ་བར་བརྩམས་པས་ན། རོང་ཚ་ཁྲ་རྒན་གྱིས་འབྲུག་མོ་མངགས་ནས་གླིང་ཡུལ་ནས་བསྐྲད་པའི་ཇོ་རུ་འཚོལ་དུ་བཅུགས་ཤིང་། འགོག་བཟའ་དང་འབྲུག་མོ་གཉིས་ཀྱིས་རྟ་མཆོག་རྐྱང་རྒོད་གཡེར་བ་རི་ལས་བཟུང་ནས་ཇོ་རུར་ཕུལ་བས། ཇོ་རུ་རྟ་རྒྱུག་ལ་ཞུགས་ཤིང་རྟ་རྒྱུག་ཨང་དང་པོའི་མགྱོགས་དར་ཐོབ་པས། གླིང་གི་རྒྱལ་པོར་མི་བསྐོ་ཀ་མེད་དུ་གྱུར། དུས་དེ་ནས་བཟུང་སྟེ། གླིང་སེང་ཆེན་རྒྱལ་པོ་ཞེས་པའི་མཚན་གསོལ་ཅིང་། སྐྱ་ལོའི་སེང་ལྕམ་འབྲུག་མོ་ཁབ་ཏུ་བཞེས་ཚུལ་བརྗོད་ཡོད་པ་རེད། རྒྱལ་པོའི་གསེར་ཁྲི་ལ་མངའ་གསོལ་རྗེས་གེ་སར་རྒྱལ་པོས་ཁོའི་མི་སྣེ་ཁྲིད་བྱས་ནས་གནོད་འཚེ་སྣ་ཚོགས་ལས་རྣམ་པ་རྒྱལ་བ་དཔེར་ན་ལོ་བརྒྱ་ལ་བྱུང་མ་མྱོང་བའི་ཆུ་ལོག་དང་ཁ་བ་བུ་ཡུག ཐན་པ་ལ་སོགས་པའི་རང་བྱུང་གནོད་འཚེ་ལས་རྒྱལ་བ་དང་ཆབས་ཅིག དེའི་སྐབས་སུ་གེ་སར་རྒྱལ་པོས་ད་དུང་སྨན་གླིང་གཡུལ་འགྱེད། ཧོར་གླིང་གཡུལ་འགྱེད། འཇང་གླིང་གཡུལ་འགྱེད་བཅས་འགག་རྩ་ཐུག་སའི་གཡུལ་འགྱེད་ལས་རྣམ་པ་རྒྱལ་ཏེ་མངའ་ཁོངས་རྒྱ་སྐྱེད་བཏང་བ་རེད།

གེ་སར་རྒྱལ་པོ་དཔའ་ངར་ལྡན་ཞིང་དམག་འཐབ་ལ་མཁས་པས་མི་སེར་ཚོར་བདེ་ཞིང་འཇགས་པའི་འཚོ་བ་བསྐྱངས་པར་བརྟེན། དུས་ཚོད་ཀྱི་ཆུ་རྒྱུན་བཞུར་པའི་ཁྲོད་དུ་གངས་ལྗོངས་མཐོ་སྒང་སྟེང་འཚོ་གནས་བྱས་པའི་མི་སེར་ཚོས་ལྷ་སྒྲུང་གི་རྣམ་པ་བཀོལ་སྤྱོད་བྱས་ནས་གེ་སར་རྒྱལ་པོས་སྐུ་ཚེ་ཧྲིལ་པོར་དམག་འཐབ་བྱས་ནས་དགེ་སྤེལ་ཉེས་སེལ། རིག་གནས་བརྒྱུད་སྤེལ་བཅས་ཀྱི་མཛད་རྗེས་ལ་བསྔགས་བརྗོད་བྱས་མཐར། མི་སེར་ཚོའི་སེམས་ནང་འགྲན་ཟླ་བྲལ་བའི་དཔའ་བོའི་གཟི་བརྗིད་དུ་བརྩིས་དང་རྩིས་བཞིན་ཡོད་པ་རེད། 2020ལོའི་སྤྱི་ཟླ6པར་སི་ཁྲོན་གྱི་ལོ་རྒྱུས་མི་སྣའི་རིག་གནས་རྒྱུན་འཛིན་གསར་གཏོད་ལས་གྲྭ་ལག་ལེན་བྱེད་མཁན་མགོ་ཁྲིད་ཚོགས་ཆུང་གིས་གེ་སར་ཉིད་ཚན་པ་གཉིས་པའི་སི་ཁྲོན་གྱི་ལོ་རྒྱུས་མི་སྣ་ལ་དཔྱད་འདེམས་བྱས་པ་རེད། །

བོད་རིགས་དཔའ་བོའི་རྟོགས་བརྗོད་སྙན་ངག་གི་གསོན་ཤུགས་གཏན་དུ་གནས།

ཁ ཡུལ་དངོས་སུ་འདྲི་འཚོལ་བྱས་མཐར་དེའི་ཞབས་རྗེས་དངོས་སུ་རྙེད།

རྩོམ་པ་པོ་གྲགས་ཅན་ཨ་ལེགས་ཀྱིས་ལྷ་སྒྲུང་ཟེར་ནའང་དངོས་གནས་བཤད་ན་མི་སྣ་དེའི་དངོས་གནས་ལོ་རྒྱུས་ལྷུག་བརྗོད་བྱས་པ་ཞིག་རེད། ལྷ་སྒྲུང་ནི་དངོས་གནས་ལོ་རྒྱུས་མི་སྣ་དེ་མཐོ་སྤར་དང་གཟུགས་མེད་གྲིབ་བཟོ། སྒྲོ་འདོགས་པའི་ཚིག་སྦྱོར་སྤྲས་པ་ཞིག་རེད་ཅེས་གསུངས། ཨ་ལེགས་ཀྱིས་དུས་ཚོད་ལོ་གསུམ་སྤྱད་ནས་ང་ས་གནས་ཤིག་ཏུ་སླེབས་མྱོང་། ས་གནས་དེ་གའི་མི་ཚོས་ང་ལ་བཤད་རྒྱུ་

ལ་དེར་གེ་སར་རྒྱལ་པོ་སྐབས་ཀྱི་བཙན་རྫོང་གནས་ཤུལ་ཡོད་ལེ་རེད་ཟེར། ང་དོགས་ཚོམ་ཞིག་ཡོད་པ་ནི་གལ་སྲིད་སུང་རྒྱལ་རབས་བྱང་མའི་སྐབས་སུ་ཡིན་པའི་ཆ་བཞག་ནས་བཤད་ན། ལོ་སྟོང་ལ་ཉེ་བ་ཞིག་འདས་ཡོད་པས་རྡོ་ལས་བརྩིགས་པའི་གྱང་འདི་མི་འཇིག་པའི་རྒྱུ་རྐྱེན་ཅི་ཡིན་ནམ་སྙམ། དེར་བརྟེན་ཁོས་རི་ཐོག་ལ་འཛེགས་ནས་གནས་ཤུལ་འདི་ལོ་སྟོང་གི་ཨར་ལས་དངོས་པོ་ཡིན་མིན་བདེན་དཔང་ཁུངས་ལུང་བྱེད་དུ་ཕྱིན་པ་ཡིན། ངས་རྙེད་པའི་མཇུག་འབྲས་ནི་རྩིག་པའི་རྒྱུ་ཆས་ཚང་མ་ནི་ལྕགས་རིགས་གཏེར་རྡོ་ཤ་སྟག་ཡིན་ཞིང་། དེའི་སྐབས་སུ་མཁར་རྫོང་འདི་རྡོ་དེ་རིགས་ཀྱི་བརྩིགས་ནས་གྲུབ་རྗེས་ཕྱི་ནང་གཉིས་ལ་མེ་ཡིས་བསྲེགས་ཏེ་འབྱར་བཅུག་པ་ཞིག་རེད་ཅེས་གསར་འགོད་པར་ངོ་སྤྲོད་དེ་ལྟར་བྱས་པ་རེད།

དེ་ནས་མུ་མཐུད་དེ་ཨ་ལེགས་ཀྱིས་སྨྱུག་འཛིན་པར་བཤད་དོན། མཁར་རྫོང་དེའི་ཉེ་སྐོར་དུ་གཟུགས་མེད་རིག་གནས་ཤུལ་བཞག་ཅིག་རྙེད་པ་ཡིན། དཔལ་ཡུལ་རྫོང་རག་ཆབ་ཡུལ་ཤོག་ཨ་རིང་ལུང་པའི་ཁྲོད་དུ་དེང་སང་ཡང་སྔོན་གྱི་དུས་སུ་ལྕགས་བཞུ་བྱེད་སའི་རྗེས་ཤུལ་མཐོང་རྒྱུ་འདུག ས་གནས་དེ་གར་གླིང་གེ་སར་རྒྱལ་པོའི་གཏམ་རྒྱུད་དང་གླིང་གེ་སར་རྒྱལ་པོས་དམག་གི་མཚོན་ཆ་བཟོ་ཡུལ་དུ་རྟོག་ཞིབ་མཛད་པའི་གཏམ་རྒྱུད་གྲངས་ལས་འདས་པ་ཞིག་དར་ཁྱབ་བྱུང་དང་འབྱུང་བཞིན་མཆིས།ཧོར་པོ་ཞེས་པའི་ས་མིང་ཡང་རྒྱུ་རྐྱེན་འདིར་བརྟེན་ནས་བྱུང་བ་ཞིག་རེད་འདུག དེ་ལྟར་ཆོས་ལུགས་རིག་གནས་སྤེལ་རེས་བྱས་པའི་ཐོག་ནས་དཔལ་ཡུལ་ཧོར་པོའི་མི་རིགས་བཟོ་རྩལ་ཉིད་རིམ་བཞིན་གྱིས་མཚོན་ཆ་ཁོ་ན་མགར་བ་ནས་ཆོས་ལུགས་དང་།དམངས་ཁྲོད་ཀྱི་འཚོ་བའི་ཡོ་བྱད་མགར་བའི་ཕྱོགས་སུ་བསྒྱུར་ཡོད་པས་ན།ད་ལྟའི་བར་དུ་དཔལ་ཡུལ་ཧོར་པོའི་མགར་བའི་བཟོ་རྩལ་ཉིད་མ་ཉམས་འཕེལ་རྒྱས་བྱུང་བར་དོར་ཐབས་མེད་པའི་ནུས་པ་ཐོན་དང་ཐོན་བཞིན་ཡོད་པ་རེད།

བོད་རིགས་དཔའ་བོའི་རྟོགས་བརྗོད་སྙན་ངག་གི་གསོན་ཤུགས་གཏན་དུ་གནས།

ག གསོན་ཉམས་དོད་པའི་འཇིམ་སྐུའི་བཟོ་རྩལ་གྱིས་གེ་སར་རྒྱལ་པོའི་རྟོགས་བརྗོད་མཚོན།

གླིང་རྗེ་གེ་སར་རྒྱལ་པོའི་འཁྲུངས་ཡུལ་ཨ་ཕྱུག་རྩྭ་ཐང་ནི་དཀར་མཛེས་ཁུལ་སྡེ་དགེ་རྫོང་གི་བྱང་རྒྱུད་ཀྱི་མཚོ་འཕགས་སྨི༤༠༠༠ཡས་མས་ཀྱི་སར་གནས་ཤིང་།དེའི་རྒྱ་ཁྱོན་སྤྱི་ཆིང༨༥༡༧༠ཡོད་པ་རེད།སྨྱུག་འཛིན་པའི་ཡིད་གཞུང་དུ་མྱོང་ཚོར་ཟབ་མོ་ཞིག་ཆགས་པ་ནི་ཕྱོགས་བཞིར་རི་ཕྲེང་གིས་བསྐོར་བའི་ཨ་ཕྱུག་རྩྭ་ཐང་ལ་ནམ་མཁའི་ཀློང་དང་མཉམ་པའི་བློ་ཁོག་ལྡན་ལ།བློ་ཁོག་ཐུགས་རྒྱུད་སྙོམས་པའི་གཤིས་ཀའང་མཚོན།ལྷུང་སྒྲ་སྙན་པའི་ཉག་ཆུ་ཡིས་རྩྭ་ཐང་འདིར་གསོན་ཤུགས་སྟེར།གླིང་གེ་སར་རྒྱལ་པོས་གོམ་ཁ་དང་པོ་དེ་རྩྭ་ཐང་འདིའི་ཐོག་སྤོས་མགོ་ཚུགས་པ་ནས་བཟུང་འཇིག་རྟེན་མིའི་ཡུལ་དུ་སྙན་པའི་གྲགས་པ་ཁྱབ་པའི་ལོ་རྒྱུས་མཚོན་པའི་རྟོགས་བརྗོད་སྙན་ངག་འདི་རྩོམ་མགོ་བཙུགས།རང་བྱུང་ཁམས་ཀྱིས་རྐང་བཙུགས་ནས་འཇིག་རྟེན་མི་ལ་རང་བྱུང་གི་མཛེས་ལྗོངས་བཟོས་པ་ནི་

ལོས་ཡིན།རྩྭ་ཐང་འདི་ནི་སྨན་རྩྭ་སྣ་ཚོགས་ཀྱི་ཐོན་ཁུངས་ཡིན་ལ།རྩ་ཆེ་བའི་རི་དྭགས་སྣ་ཚོགས་དང་འདབ་ཆགས་བྱ་ཡི་འཚོ་གནས་བྱ་ཡུལ་ཡང་ཡིན་པ་རེད།ད་དུང་དྭངས་གཙང་ལྷད་མེད་ཀྱི་མཚེའུ་ནི་འབྱམས་ཀླས་ཀྱི་རྩྭ་ཐང་སྟེང་དུ་མུ་ཏིག་གིས་ཕྲ་བཏབ་པ་དང་ཀུན་ནས་མཚུངས།དེར་བརྗིད་དུ་ཆགས་པའི་གེ་སར་རྒྱལ་པོའི་དྲན་རྟེན་ཁང་དུ་བཞེངས་པའི་གླིང་གི་དཔལ་ཐུལ་རེ་རེའི་བྱད་གཟུགས་ཐོག་ནས་ཕྱི་ཕྱོགས་ནས་འོངས་པའི་ཡུལ་སྐོར་བ་ཚོར་གླིང་གེ་སར་རྒྱལ་པོའི་རྟོགས་བརྗོད་རང་ཤུགས་སུ་བཤད་མཁན་དང་གཉིས་སུ་མ་མཆིས།

འབྲེལ་ཡོད་དཔྱད་གཞིའི་ཡིག་རིགས་ནང་ངོ་སྤྲོད་བྱས་པར་གཞིགས་ན།གླིང་གེ་སར་རྒྱལ་པོ་ནི་སྤྱི་ལོ༡༠༣༨ལོར་ཁམས་སྡེ་དགེའི་ཨ་ཕྱུག་རྩྭ་ཐང་དུ་སྐུ་འཁྲུངས།དགུང་ལོ༨༡འཚོ་བཞུགས་ནས་སྤྱི་ལོ༡༡༡༩ལོར་དགོངས་པ་ཆོས་དབྱིངས་སུ་ཕེབས།གེ་སར་རྒྱལ་པོ་སྐུ་ན་ཆུང་བའི་དུས་སུ་ཁྱིམ་དབུལ་ཞིང་ཕོངས་པའི་རྐྱེན་གྱིས་ཨ་ཕྱུག་དང་དེ་སང་གི་སྟག་དགོན་ཡུལ་གྲུ་ལ་ཕྱུགས་རྫི་བྱས་ཏེ་འཚོ་བ་བསྐྱལ་དགོས་ཐུག་པའི་སྐབས་སུ་རང་གི་མ་ཡུམ་དང་མཉམ་དུ་སྐྱིད་སྡུག་མཉམ་མྱོང་བྱས།དགུང་ལོ༡༦ལ་སོན་པའི་སྐབས་སུ་རྟ་རྒྱུག་རྒྱལ་འཇོག་བྱས་མཐར་རྒྱལ་པོའི་གསེར་ཁྲི་ལ་བཞུགས་པས་མ་ཚད།གླིང་གི་རྒྱལ་ས་སེང་འབྲུག་སྟག་རྩེ་རྫོང་དུ་བྱས་པ་དང་ཆབས་ཅིག བཙུན་མོའི་ཚུལ་དུ་སེང་ལྕམ་འབྲུག་མོ་ཁབ་ཏུ་བཞེས།གེ་སར་རྒྱལ་པོའི་སྐུ་ཚེ་ཧྲིལ་པོར་བཟང་པོར་གསོ་སྐྱོང་དང་ངན་པ་སྡུག་རྩུབ་ཅན་ལ་མནན་བཅོམ་བྱེད་པའི་བདུད་འདུལ་བའི་འཕྲིན་ལས་རྒྱ་ཆེར་སྤེལ་ནས་རྫོང་ཆེན༡༥༠ལྷག་ཙམ་དབང་དུ་བསྡུས།

ཤེས་རྟོགས་བྱུང་བར་གཞིགས་ན།གླིང་གེ་སར་རྒྱལ་པོ་དགོངས་པ་ཆོས་དབྱིངས་སུ་གཤེགས་རྗེས་གླིང་གི་ཁྱིམ་རྒྱུད་ཀྱི་མི་ཚོས་སེང་འབྲུག་སྟག་རྩེ་རྫོང་ཉིད་དགོན་པར་བསྒྱུར་ཡོད་ཅིང་།དེའི་དམིགས་ཡུལ་ནི་གེ་སར་རྒྱལ་པོའི་མཛད་རྗེས་ལ་རྗེས་རབས་པ་དག་གིས་དུས་རྟག་པར་རྗེས་དྲན་བྱ་ཆེད་ཡིན་པ་རེད།སྤྱི་ལོ༡༧༩༠ལོར་གླིང་ཚང་རྒྱལ་པོ་དབང་ཆེན་ཆོས་རྒྱལ་གྱིས་སྐྱིད་སོས་གཡག་གི་ཁ་མདོར་གེ་སར་ལྷ་ཁང་བཞེངས།༡༩༧༨ལོར་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་རྗེས།གེ་སར་ལྷ་ཁང་གི་ཤུལ་དུ་གེ་སར་རྒྱལ་པོའི་དྲན་གསོ་ཁང་བཞེངས་ཡོད་པ་རེད།དྲན་གསོ་ཁང་གི་གཞི་ཁྱོན་ལ་ཀ་བ་དྲུག་ཅུ་རེ་བཞི་ཡོད་ཅིང་།དྲན་གསོ་ཁང་གི་དཀྱིལ་གཞུང་དུ་གེ་སར་རྒྱལ་པོས་ཆིབས་རྟ་ཞོན་པའི་སྐུ་བརྙན་བཞེངས།དེའི་རྒྱབ་ཏུ་དགྲ་ལྷ་ཝེར་མ་བཅུ་གསུམ་བཞུགས།གླིང་གེ་སར་རྒྱལ་པོའི་སྐུ་བརྙན་གྱི་གཡས་གཡོན་གཉིས་སུ་གླིང་གི་ལྷ་ཆེན་བཅུ་གཉིས་བཞུགས།གླིང་གི་དཔའ་ཐུལ་རྣམས་དྲན་གསོ་ཁང་གི་ཕྱོགས་གཉིས་སུ་གྲལ་དུ་བསྟར་ནས་བཞུགས་ཡོད་སྟབས་གེ་སར་རྟོགས་བརྗོད་ཧྲིལ་པོ་གསོན་ཉམས་ལྡན་པའི་ངང་ནས་མཚོན་པ་ཞིག་རེད། 


  • ལེ་ཚན་སྔོན་མ།:གླིང་གི་རྗེས་ཤུལ་བཙལ་བ་ལས། ༨ གདོང་ཚང་གསུང་རབ་རྟེན་མཛོད་ཁང་།
  • ལེ་ཚན་རྗེས་མ།:གེ་སར་སྒྲུང་ཞྭའི་འགྲེལ་ཀློག་ཟིན་ཐོ།
  • དོ་སྣང་ཆེ་བའི་རྩོམ།