རང་ཡུལ་དུ་གླིང་སེང་ཆེན་གྱི་ངག་སྒྲོས་ཡོད་མེད་སྐོར་ཅུང་ཙམ་བཤད་པ།

        2010-08-25

 གླིང་སེང་ཆེན་ནོར་བུ་དགྲ་འདུལ་འཛམ་གླིང་གེ་སར་རྒྱལ་པོ་ཞེས་གྲགས་པ་དེ་ནི་མདོ་ཁམས་སུ་སྐུ་འཁྲུངས་ཏེ། དཔའ་རྩལ་རབ་ཏུ་རྒྱས་ཏེ་ཕྱོགས་བཞིའི་དགྲ་འདུལ་མཁན་གྱི་དཔའ་བོ་ཞིག་ཡིན་པས་སྙན་པའི་གྲགས་པ་ཡོངས་ཡོངས་ལ་ཁྱབ་ཡོད།
      དེ་ཡང་མི་རྣམས་ཀྱིས་ངག་རྒྱུན་བཟུང་བའི་གླིང་གེ་སར་རྒྱལ་པོ་ནི་ལྷའི་སྲས་པོ་ཞིག་ཡིན་ལ། དུས་དེར་འཇིག་རྟེན་མི་ཡུལ་དུ་བདུད་མ་རུངས་པས་དབང་དུ་བསྒྱུར་ནས།  བྱ་སྤྱོད་ངན་པས་སེམས་ཅན་ལ་གནོད་འཚེ་ཅི་དགར་བྱེད་དུས་དེ་ལ་མི་རྣམས་སྡུག་བསྔལ་ལས་སྐྱབས་པའི་ཕྱིར། སྟེང་ཕྱོགས་ལྷས་གེ་སར་རྒྱལ་པོ་འཇིག་རྟེན་མགོ་ནག་མི་ཡི་སྤྱི་དཔོན་དུ་མངགས་པ་ཅེས་ལྷ་སྒྲུང་ཡིན་པ་དང་། དེབ་ཐེར་དུ་བོད་ཀྱི་གེ་སར་ཟེར་བ་དེ་མི་རིགས་གཞན་པ་ཞིག་རེད་ཟེར་བ་དང་། གླིང་གེ་སར་འདི་ཁྲི་སྲོང་ལྡེ་བཙན་རེད་ཟེར་བ་སོགས་འདོད་ཚུལ་མང་དུ་མཆིས་ཀྱང་། བོད་མི་རེའི་ཁ་ནས་སྒྲུང་རེ་ཟེར་བ་ལྟར་རྒྱ་ཆེའི་བོད་ཀྱི་ངལ་རྩོལ་མི་དམངས་ཀྱིས་རང་གི་བློ་གྲོས་ལ་བརྟེན་ཏེ་ངག་ཐོག་ཏུ་བཙན་འཛུལ་མཁན་དང་ངན་རེངས་སུ་གྱུར་པའི་རྒྱལ་པོ་དང་རྒྱལ་ཕྲན་རྣམས་ཆམ་ལ་ཕབ་སྟེ། ཞི་བདེ་རང་དབང་ལ་ཕྱོགས་པའི་བརྗོད་བྱ་གཞིར་བཟུང་ནས་མི་དམངས་ཀྱི་དཔའ་བོར་བསྟོད་པའི་གེ་སར་རྒྱལ་པོའི་ངག་སྒྲུང་མང་དུ་མཆིས་པ་མ་ཟད། རང་ཡུལ་གྱི་གནས་མཆོག་སྟོང་སྐོར་སོགས་སུ་གེ་སར་རྒྱལ་པོའི་ཆིབ་རྟའི་ཞབས་རྗེས་དང་རྟ་འདོགས་སའི་ཤིང་སྡོང་དང་གེ་སར་རྒྱལ་པོས་བདུད་འདུལ་ནས་བདུད་ཀྱི་ཀླད་ཁྲག་རེད་ཟེར་བ་མཐོང་རྒྱུ་ཡོད་པ་མ་ཟད། ད་རུང་ལམ་བྲག་རི་ཁྲོད་འདབས་སུ་མཎྡལ་འདྲ་བའི་རྡོ་མཆོད་ཡོད། དེའི་མདུན་དུ་གེ་སར་ཞབས་རྗེས་རེད་ཟེར་བ་དེང་སང་མཇལ་རྒྱུ་ཡོད་ཀྱང་། དོན་དངོས་སུ་ཡིན་མིན་ངག་རྒྱུན་མ་གཏོགས་རྒྱུ་མཚན་མི་གསལ་བས། འདིར་མང་དུ་བཤད་མ་    གླིང་སེང་ཆེན་ནོར་བུ་དགྲ་འདུལ་འཛམ་གླིང་གེ་སར་རྒྱལ་པོ་ཞེས་གྲགས་པ་དེ་ནི་མདོ་ཁམས་སུ་སྐུ་འཁྲུངས་ཏེ། དཔའ་རྩལ་རབ་ཏུ་རྒྱས་ཏེ་ཕྱོགས་བཞིའི་དགྲ་འདུལ་མཁན་གྱི་དཔའ་བོ་ཞིག་ཡིན་པས་སྙན་པའི་གྲགས་པ་ཡོངས་ཡོངས་ལ་ཁྱབ་ཡོད།
      དེ་ཡང་མི་རྣམས་ཀྱིས་ངག་རྒྱུན་བཟུང་བའི་གླིང་གེ་སར་རྒྱལ་པོ་ནི་ལྷའི་སྲས་པོ་ཞིག་ཡིན་ལ། དུས་དེར་འཇིག་རྟེན་མི་ཡུལ་དུ་བདུད་མ་རུངས་པས་དབང་དུ་བསྒྱུར་ནས།  བྱ་སྤྱོད་ངན་པས་སེམས་ཅན་ལ་གནོད་འཚེ་ཅི་དགར་བྱེད་དུས་དེ་ལ་མི་རྣམས་སྡུག་བསྔལ་ལས་སྐྱབས་པའི་ཕྱིར། སྟེང་ཕྱོགས་ལྷས་གེ་སར་རྒྱལ་པོ་འཇིག་རྟེན་མགོ་ནག་མི་ཡི་སྤྱི་དཔོན་དུ་མངགས་པ་ཅེས་ལྷ་སྒྲུང་ཡིན་པ་དང་། དེབ་ཐེར་དུ་བོད་ཀྱི་གེ་སར་ཟེར་བ་དེ་མི་རིགས་གཞན་པ་ཞིག་རེད་ཟེར་བ་དང་། གླིང་གེ་སར་འདི་ཁྲི་སྲོང་ལྡེ་བཙན་རེད་ཟེར་བ་སོགས་འདོད་ཚུལ་མང་དུ་མཆིས་ཀྱང་། བོད་མི་རེའི་ཁ་ནས་སྒྲུང་རེ་ཟེར་བ་ལྟར་རྒྱ་ཆེའི་བོད་ཀྱི་ངལ་རྩོལ་མི་དམངས་ཀྱིས་རང་གི་བློ་གྲོས་ལ་བརྟེན་ཏེ་ངག་ཐོག་ཏུ་བཙན་འཛུལ་མཁན་དང་ངན་རེངས་སུ་གྱུར་པའི་རྒྱལ་པོ་དང་རྒྱལ་ཕྲན་རྣམས་ཆམ་ལ་ཕབ་སྟེ། ཞི་བདེ་རང་དབང་ལ་ཕྱོགས་པའི་བརྗོད་བྱ་གཞིར་བཟུང་ནས་མི་དམངས་ཀྱི་དཔའ་བོར་བསྟོད་པའི་གེ་སར་རྒྱལ་པོའི་ངག་སྒྲུང་མང་དུ་མཆིས་པ་མ་ཟད། རང་ཡུལ་གྱི་གནས་མཆོག་སྟོང་སྐོར་སོགས་སུ་གེ་སར་རྒྱལ་པོའི་ཆིབ་རྟའི་ཞབས་རྗེས་དང་རྟ་འདོགས་སའི་ཤིང་སྡོང་དང་གེ་སར་རྒྱལ་པོས་བདུད་འདུལ་ནས་བདུད་ཀྱི་ཀླད་ཁྲག་རེད་ཟེར་བ་མཐོང་རྒྱུ་ཡོད་པ་མ་ཟད། ད་རུང་ལམ་བྲག་རི་ཁྲོད་འདབས་སུ་མཎྡལ་འདྲ་བའི་རྡོ་མཆོད་ཡོད། དེའི་མདུན་དུ་གེ་སར་ཞབས་རྗེས་རེད་ཟེར་བ་དེང་སང་མཇལ་རྒྱུ་ཡོད་ཀྱང་། དོན་དངོས་སུ་ཡིན་མིན་ངག་རྒྱུན་མ་གཏོགས་རྒྱུ་མཚན་མི་གསལ་བས། འདིར་མང་དུ་བཤད་མ་སྤོབས།
  • ལེ་ཚན་སྔོན་མ།:གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ཡིག་ལས་གཏམ་དཔེའི་སྐོར་མདོར་ཙམ་གླེང་བ།
  • ལེ་ཚན་རྗེས་མ།:གེ་སར་སྒྲུང་ལས“བླ”དང་བླ་འཛིན་གྱི་འདུ་ཤེས་ལ་རགས་ཙམ་དཔྱད་པ།
  • དོ་སྣང་ཆེ་བའི་རྩོམ།