ཐབས་བརྒྱ་ཇུས་སྟོང་གིས་མཆོང་རྒལ་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཀྱི་ཐབས་ལམ་འཚོལ་དགོས།

        2011-01-17

ཟླ་བ་དང་པོའི་ཚེས12ཉིན་གྱི་ཕྱི་དྲོར། ཁུལ་དམངས་ཆེན་འཐུས་མི་རྣམས་ཀྱིས་སྲིད་གཞུང་ལས་ཀའི་སྙན་ཞུ་ལ་དམིགས་ནས་སྤྲོ་སེམས་འཁོལ་བའི་ངང་ནས་གྲོས་བསྡུར་བྱས་པ་རེད། གྲོས་བསྡུར་ནང་འཐུས་མི་རྣམས་ཀྱིས་ཁ་ཞེ་གཉིས་མེད་ཀྱི་སྒོ་ནས2010ལོའི་གཡུར་ཟ་བའི་འབྲས་བུ་ལ་གདེང་འཇོག་བྱས་ཡོད་ལ་ད་ལོའི་འཆར་གཞི་བཀོད་སྒྲིག་ཀྱང་ཡང་དག་ཅིང་ཕུན་སུམ་ཚོགས་པའི་ངང་ནས་འགྲུབ་པར་ཡིད་ཆེས་དང་གདེང་ཚོད་ཆེན་པོ་བཅངས་པ་རེད།
འཐུས་མི་རྣམས་ཀྱིས་བཤད་རྒྱུར།  ཁུལ་མི་དམངས་སྲིད་གཞུང་གིས་འདས་པའི་ལོ་ཟླར་ཕྱིར་བལྟས་བྱས་ཤིང་ད་ལྟར་བསམ་འཆར་འདོན་པ། མ་འོངས་པར་འཆར་གཞི་བཀོད་སྒྲིག་བྱས་པའི་སྙན་ཞུར་ཉན་པ་དང་གྲོས་ཞིབ་བྱས་ནས་ཁུལ་ཨུའི་རེ་འདུན་ལྟར་མཆོང་བརྒལ་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཀྱི་བརྗོད་བྱ་གཙོ་བོར་བཟུང་ནས་འཕེལ་རྒྱས་མགྱོ གས་པོ་ཡོང་བ་དང་འཕེལ་རྒྱས་ཀྱི་སྤུས་ཀ་ཇེ་བཟང་དུ་གཏོང་རྒྱུ་གཙོ་ཕྱོགས་བྱས་ལ་བཅོས་བསྒྱུར་སྒོ་ཕྱེ་ཟབ་སྤེལ་གཏོང་རྒྱུ་སྒུལ་ཤུགས་བྱས་པ། ཚན་རིག་དང་མཐུན་པའི་འཆར་གཞི་བཟོ་འགོད་བཅས་བྱས་ཏེ“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”འཆར་འགོད་བྱེད་པར་སྐུལ་སྤེལ་ཧུར་ཐག་གཏོང་དགོས་ཞེས་བླང་བྱ་བཏོན་པ་མ་ཚད་ནན་ཏན་གྱིས་ལྟ་སྐུལ་སྐོར་གྱི་བཅའ་ཁྲིམས་ལག་བསྟར་མཐར་ཕྱིན་པ་བྱེད་ཅིང་།མཆོང་བརྒལ་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཡོང་བའི་ལས་ཀ་གཙོ་བོར་དམིགས་ནས་ལྟ་སྐུལ་གྱི་གཙོ་གནད་དེ་ལོ་ལྔའི་འཆར་གཞི་བཅུ་གཉིས་པ་ལག་བསྟར་བྱ་རྒྱུ་དང་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོ གས་ཤིང་འཕེལ་རྒྱས་ལེགས་པོ་ཡོང་བར་སྐུལ་སྤེལ་གཏོང་རྒྱུའི་ཐོག་འཇོག་དགོས་པ་དང་།མི་དམངས་མང་ཚོགས་ཀྱི་ཆེས་དོ་ཁུར་དང་ཆེས་ཐད་ཀ།ཆེས་དངོས་ཡོད་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐོག་ཏུ་འཇོག་དགོས་པ།བཅའ་ཁྲིམས་ལྟར་སྲིད་འཛིན་དང་དྲང་ལྡན་གྱིས་ཁྲིམས་འཛིན།སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་འཚོ་སྲུང་བྱ་རྒྱུ་བཅས་ཀྱི་ཐོག་འཇོག་དགོས་ཞེས་གསུངས་ཡོད་པ་ནི་མི་དམངས་ཀྱི་དངོས་ཡོད་གནས་ཚུལ་དང་མཐུན་ཞིང་དམངས་འཚོ་ལ་ཕན་པ་རྣག་ཐོག་གཙག་འཁེལ་ལྟ་བུའི་ནུས་པ་ཐོན་ཡོད།  སྙན་ཞུ་འདི་ལ་བལྟས་ན་དབུ་ཁྲིད་རྣམ་པའི་ཐབས་བརྒྱ་ཇུས་སྟོང་གིས་ཡོད་ཚད་ནས་ཡོད་ཚད་མི་དམངས་ཀྱི་དོན་དུ་མཆོང་བརྒལ་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཡོང་བར་འབད་པ་ལྷོད་མེད་བྱས་པས་མི་དམངས་རྣམས་ཀྱང་བདེ་སྐྱིད་ཀྱི་དཔལ་ལ་རོལ་ཐུབ་རྒྱུ་ནི་གདོན་མི་ཟའོ།
  • ལེ་ཚན་སྔོན་མ།:སེར་ཤུལ་རྫོང་གི་འཐུས་མི་ཚོགས་པས་སྲིད་གཞུང་གི་ལས་ཀའི་སྙན་ཞུ་སྐོར་ལ་གྲོས་བསྡུས་བྱས་པའི་ཟུར་བྲིས།
  • ལེ་ཚན་རྗེས་མ།:བསམ་པ་གཅིག་མཐུན་གྱིས་དཀའ་སྤྱད་འབད་བརྩོན་བྱས་ན་དོན་དག་ངང་ནས་འགྲུབ་ཡོང་གསུངས།
  • དོ་སྣང་ཆེ་བའི་རྩོམ།