དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པ་དར་མདོར་འཚོགས།

        2011-01-10

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པ་དར་མདོ

ཚོགས་ཆེན་དེ་འགྱུར་མེད་ཀྱིས་གཙོ་འགན་བཞེས་པ་དང་ལི་ཁྲང་ཕིང་གིས་སྲིད་གཞུང་ལས་ཀའི་སྙན་སེང་ཞུ་བ།
ཟླ་བ་དང་པོའི་ཚེས10ཉིན་གྱི་སྔ་དྲོར་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པ་དེ་དར་མདོའི་ཟློས་གར་ཁང་དུ་འཚོགས་པ་རེད།
འགྱུར་མེད་ཀྱིས་གྲོས་ཚོགས་ཀྱི་གཙོ་འགན་བཞེས་པ་དང་ལི་ཁྲང་ཕིང་གིས་སྲིད་གཞུང་ལས་ཀའི་སྙན་སེང་ཞུ་བ་རེད།
ཐེངས་འདིའི་གྲོས་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞི་ལིའུ་ཏའོ་ཕིང་དང་།འགྱུར་མེད།ཀྲོའུ་ཝུན་མང་།མ་ཧུང་ཧུའོ །རྟ་མགྲིན་ནོར་བུ།ལི་ཆི་ཧྥུ།ཀའོ་ཐེན་ཧྥུ།ཕན་དབྱིང་ཆོན།ཧུའུ་ཏེ་མིང་།དྲུང་ཡིག་ཆེན་མོ་ཧོང་ཅིན་ཡོན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད།
 ཐེངས་འདིའི་ཚོགས་ཆེན་ནང་ཞུགས་དགོས་པའི་འཐུས་མི283  ཡོད་པ་དང་།དངོས་སུ་ཞུགས་པའི་འཐུས་མི238ཡོད་པས་ཁྲིམས་བཀོད་མི་གྲངས་དང་མཐུན་པ་རེད།
ཁུལ་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ཝང་དབྱང་གིས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་འཆར་གཞི་(འཆར་ཟིན)གསལ་བཤད་(ཡིག་ཐོག)
ཁུལ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཧོང་ཧོ་ཡིས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི2010ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱས་ཚུལ་དང2011ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་ཞུ(ཡིག་ཐོག)དང་།
 ཁུལ་ནོར་སྲིད་ཅུས་ཀྱི་ཅུས་ཀྲང་ལིའུ་ཧྭ་ཡིས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི2010ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2011ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་(ཡིག་ཐོག)དང་། ཁུལ་དམངས་ཆེན་གྱི་ཆེད་དོན་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གིདཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བོད་བརྒྱུད་ནང་བསྟན་ལས་དོན་སྲོལ་ཡིག(འཆར་ཟིན)གསལ་བཤད་(ཡིག་ཐོག)
ཁུལ་དམངས་ཆེན་གྱི་ཆེད་དོན་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་《སི་ཁྲོན་ཞིང་ཆེན་ཡུལ་སྐོར་ སྲོལ་ཡིག་》བབ་བསྟུན་བསྒྱུར་བཅོས་ཀྱི་ལག་བསྟར་ཐག་གཅོད་(འཆར་ཟིན)གསལ་བཤད(ཡིག་ཐོག) 
ལི་ཁྲང་ཕིང་གིས་ཚོགས་ཆེན་ལ་ཁུལ་སྲིད་གཞུང་གི་ལས་ཀའི་སྙན་སེང་ཞུས་པ་རེད།སྙན་སེང་ལས་ནན་གསུངས་གནང་རྒྱུར།

  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་ཁུལ་བཙུགས་ནས་ལོ༦༠ཡི་རིང་གི་འོད་སྟོང་འབར་བའི་ལོ་རྒྱུས་འཕེལ་རིམ་གྱི་པར་རིས་འགྲེམས་སྟོན་བྱས
  • ལེ་ཚན་རྗེས་མ།: སྲིད་གྲོས་སྐབས་བཅུ་གཅིག་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཚོགས་ཐེངས་བཞི་པ་དར་མདོ་རུ་གཟབ
  • དོ་སྣང་ཆེ་བའི་རྩོམ།