དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པ་དར་མདོ(2)

        2011-01-10


ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་ཆབ་སྲིད་དང་དཔལ་འབྱོར།སྤྱི་ཚོགས།སྐྱེ་ཁམས་དཔལ་ཡོན་བཅས་ཀྱི་འཛུགས་སྐྲུན་ལ་གྲུབ་འབྲས་གལ་ཆེན་ཐོབ་ཡོད།ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལོ་གཉིས་སྔ་སྣུར་དང་ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་གི་སྔོན་རྩིས་ཡོང་འབབ་ལོ་གསུམ་སྔ་སྣུར། གྲོང་ཁྱེར་དང་གྲོང་རྡལ་གྱི་ཆ་སྙོམས་གྲོང་མི་རེས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལོ་བཞི་སྔ་སྣུར་བཅས་བྱས་ཏེ་ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་འཆར་འགོད་གྲུབ་ཡོད།2010ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྔོན་དཔག་བྱས་ན་སྒོར་དུང་ཕྱུར116.60ཐོག་སླེབས་ཐུབ་པས།ལོ་ལྔའི་འཆར་གཞི་བཅུ་པའི་མཇུག་ལས་བརྒྱ་ཆ80.15འཕར་ནས་ཆ་སྙོམས་ལོ་རེར་བརྒྱ་ཆ12.60འཕར་ཡོད།གཏན་འཇགས་རྒྱུ་ནོར་ལ་གཏོང་འཇོག་བྱེད་ཚད་སྒོར་དུང་ཕྱུར209ཐོག་སླེབས་པས།ལོ་ལྔའི་འཆར་གཞི་བཅུ་པའི་མཇུག་ལས་བརྒྱ་ཆ262.53འཕར་ནས་ཆ་སྙོམས་ལོ་རེར་བརྒྱ་ཆ29.40འཕར་ཡོད།ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་གི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར15.37ཐོག་སླེབས་ཐུབ་པས།ལོ་ལྔའི་འཆར་གཞི་བཅུ་པའི་མཇུག་ལས་བརྒྱ་ཆ477.82འཕར་ནས་ཆ་སྙོམས་ལོ་རེར་བརྒྱ་ཆ42.02འཕར་ཡོད།གྲོང་ཁྱེར་དང་གྲོང་རྡལ་གྱི་ཆ་སྙོམས་གྲོང་མི་རེས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར14787ཐོག་སླེབས་ཐུབ་པས།ལོ་ལྔའི་འཆར་གཞི་བཅུ་པའི་མཇུག་ལས་བརྒྱ་ཆ111.24འཕར་ནས་ཆ་སྙོམས་ལོ་རེར་བརྒྱ་ཆ16.13འཕར་ཡོད། ཞིང་འབྲོག་མི་དམངས་མི་རེའི་ཆ་སྙོམས་ཡོང་འབབ་ཁེར་གཙང་སྒོར2630ཐོག་སླེབས་པས།ལོ་ལྔའི་འཆར་གཞི་བཅུ་པའི་མཇུག་ལས་བརྒྱ་ཆ100.76འཕར་ནས་ཆ་སྙོམས་ལོ་རེར་བརྒྱ་ཆ14.96འཕར་ཡོད།གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆ་སྙོམས་གྲོང་མི་རེས་སྒོར6395བསགས་ཡོད་པས།ལོ་ལྔའི་འཆར་གཞི་བཅུ་པའི་མཇུག་ལས་བརྒྱ་ཆ97.99འཕར་ནས་ཆ་སྙོམས་ལོ་རེར་བརྒྱ་ཆ14.64འཕར་ཡོད།དངུལ་ལོར་ལས་ཁུངས་ཀྱི་དངུལ་བུན་རྣམ་གྲངས་ཁག་གི་ལྷག་དངུལ་སྒོར་དུང་ཕྱུར110.82ཡོད་པས།ལོ་ལྔའི་འཆར་གཞི་བཅུ་པའི་མཇུག་ལས་བརྒྱ་ཆ304.45འཕར་ནས་ཆ་སྙོམས་ལོ་རེར་བརྒྱ་ཆ32.24འཕར་ཡོད།མི་གྲངས་རང་བྱུང་འཕར་ཚད་དང་།རྨོ་ཞིང་དང་རྩ་བའི་ས་ཞིང་འགན་སྲུང་བྱེད་ཚད།ཉེན་མེད་ཐོན་སྐྱེད།ནུས་ཁུངས་གྲོན་ཆུང་།བཙོག་འབུད་ཉུང་གཏོང་བཅས་དེ་ཞིང་ཆེན་གྱིས་འོག་ལ་སྤྲད་པའི་དམིགས་ཚད་ཀྱི་གཞི་ཁྱོན་ནང་ཚོད་འཛིན་བྱས་ཡོད།
སྙན་སེང་ནང་ལོ་ལྔའི་འཆར་གཞི་བཅུ་གཅིག་པར་ཕྱིར་བལྟས་རྗེས་བསྟན་དོན།དམངས་འཚོ་ལེགས་བཅོས་ཀྱི་ལས་ཀ་བྱེད་པ་དང་།འཚོ་བའི་ཆུ་ཚད་མཐོ་རུ་གཏོང་དགོས།འབྲོག་པའི་གཞིས་ཆགས་ས་ཚུགས་འཛུགས་སྐྲུན་དང་ཞིང་སྡེ་གསར་པའི་དཔེ་སྟོན་ས་གནས་འཛུགས་སྐྲུན།ཞིང་འབྲོག་ས་ཁུལ་གྱི་ཉེན་ཁ་ཡོད་པའི་སྡོད་ཁང་བསྒྱུར་བཀོད་དང་ས་གཤིས་གནོད་སྐྱོན་འགོག་པའི་གནས་སྤོའི་ལས་ཀ་བཅས་བྱས་ནས་རིམ་བཞིན་ཞིང་འབྲོག་པར་རྒྱ་ཁྱོན་འོས་འཚམས་ལྡན་པའི་གཅིག་གྱུར་གྱི་གཞིས་ཆགས་པར་ཁྲིད་སྟོན་བྱེད་དགོས།དབུལ་སྐྱོར་གསར་སྦོལ་ཤུགས་ཆེན་བྱས་ནས་ཞིང་འབྲོག་ས་ཁུལ་གྱི་རྣམ་པ་འཕོ་འགྱུར་གཏོང་བ་དང་ཞིང་འབྲོག་པའི་ཡོང་འབབ་འཕར་སྣོན་ཡོང་ཐབས་བྱེད་དགོས།རྒྱུན་མི་ཆད་པར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལས་ཞུབས་ལ་སྐུལ་འདེད་གཏོང་བ་དང་།གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་དེ་བརྒྱ་ཆ་4.50ཡི་ནང་ཚོད་འཛིན་བྱེད་དགོས།
ལི་ཁྲང་ཕིང་གིས་གསུངས་རྒྱུར།2011ལོའི་ལས་ཀ་བཀོད་སྒྲིག་ཞིང་སྡེའི་ཤང་བགྲོད་སྣུམ་སྙིགས་གཞུང་ལམ་སྤྱི་ལེ་200དང་སྡེ་ཚོར་ཤར་གཏོང་ཐུབ་པའི་གཞུང་ལམ་སྤྱི་ལེ་1500འཛུགས་སྐྲུན་བྱེད་པ།གློག་ཤུགས་ལམ་ཆེན་འཛུགས་སྐྲུན་ལས་ཀ་མགྱོ གས་སུ་བྱེད་པ།སྔར་ལས་ལྷག་པར་གློག་ནུས་བཀོད་སྒྲིག་དང་གློག་དྲ་འཆར་འགོད་ཀྱི་ལས་ཀ་འཐུས་ཚང་དུ་གཏོང་བ་དང་།གློག་སྐྱེལ་གློག་སྒྱུར་གྱི་སྒྲིག་ཆས་གནད་ཆེན་འཛུགས་སྐྲུན་ཇེ་མགྱོ
གས་སུ་གཏོང་བ།གད་འགོ་སྟེང་གི་སྟོང་ཝ500ཡི་གློག་སྒོ་བསད་སྤར་ས་ཚུགས་དང་ཝ་གླིང་གི་སྟོང་ཝ་220ཡི་གློག་སྐྱེལ་གློག་སྒྱུར་གྱི་ལས་གྲྭ་འཛུགས་སྐྲུན་བྱེད་དགོས།རོང་བྲག་དང་ཕག་ཕྲེང་གི་སྟོང་ཝ་500དང་ཧྲུན་ཏའི་སྟོང་ཝ་220ཡི་གློག་སྐྱེལ་གློག་སྒྱུར་གྱི་ལས་གྲྭ་ལས་འགོ་ཚུགས་དགོས། ཞི་ཀའུ་དང་ར་རྔ་ཁའི་སྟོང་ཝ་500དང་། ཛེའུ་དང་ཉག་ཆུ། དཀར་མཛེས་བཅས་ཀྱི་སྟོང་ཝ་220ཡི་གློག་སྐྱེལ་གློག་སྒྱུར་ལས་གྲྭའི་དུས་སྐབས་སྔ་མའི་ལས་ཀ་མགྱོ གས་སུ་བསྒྲུབ་དགོས།མཐོ་གནོན་ཆེ་ཤོས་ཀྱི་གློག་དྲ་བསྐྲུན་རྒྱུའི་འཆར་འགོད་ལས་འགོ་ཚུགས་དགོས།གྲོང་རྡལ་དང་གྲོང་གསེབ་འཛུགས་སྐྲུན་བྱ་རྒྱུ་གཅིག་གྱུར་བཅས་བྱེད་དགོས།གྲོང་ཁྱེར་དང་གྲོང་རྡལ་བཀོད་སྒྲིག་བྱེད་ཚུལ་དང་ཐོན་ལས་འཕེལ་རྒྱས་ཡོང་བར་ཟུང་འབྲེལ་དམ་ཚགས་བྱེད་པ་དང་།འཆར་འགོད་ལྟར་འབྲོག་པའི་གཞིས་ཆགས་བྱ་ཡུལ་འཛུགས་སྐྲུན་ཇེ་མགྱོ གས་སུ་གཏོང་བ།ཚན་རིག་དང་མཐུན་པའི་སྒོས་གྲོང་ཁྱེར་དང་གྲོང་རྡལ།གྲོང་ཚོ་གསར་པ་འཛུགས་སྐྲུན་བྱ་རྒྱུའི་འཆར་གཞི་བཟོ་འགོད་དང་ལག་བསྟར་བཅས་བྱེད་དགོས།གྲོང་ཁྱེར་དང་གྲོང་རྡལ་གྱི་རྣམ་པ་ལེགས་བཅོས་ཇེ་མགྱོ གས་སུ་གཏོང་བ་དང་ཁྱད་ཆོས་ལྡན་ཞིང་སྤུས་དག་གི་གྲོང་རྡལ་བསྐྲུན་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ཞབས་ཞུའི་ནུས་པ་མཐོར་འདེགས་གཏོང་དགོས།ལྐོག་ཏུ་འདྲི་རྟོག་དང་ཁྲོམ་བསྒྲགས།འགན་འཁྲི་འདྲི་རྩད་བྱ་རྒྱུ་རྒྱུན་ལྡན་ཅན་དང་།ལམ་ལུགས་ཅན་དུ་འགྱུར་བ་བྱས་ནས་མུ་མཐུད་དེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བདག་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ།ཞིང་ཁའི་ཆུ་བེད་འཛུགས་སྐྲུན་ཤུགས་ཆེན་བྱེད་པ། ཞིང་འབྲོག་ས་ཁུལ་དུ་ཆུ་བེད་ཨར་ལས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱ་རྒྱུ་དང་།རྨོ་ཞིང་དང་རྩྭ་ཐང་གི་ཐོན་སྐྱེད་བྱེད་ནུས་འཛུགས་སྐྲུན་བྱ་རྒྱུར་མཐོང་ཆེན་བཅས་བྱེད་དགོས།དམར་ཆུའི་ཆུ་རྐའི་ཆ་ཚང་སྒྲིག་པའི་ལས་གྲྭ་འཐུས་ཚང་དུ་གཏོང་བ་དང་།སྤུན་གསུམ་དང་ཛེའུ།གློང་ཐང་།རྟ་ཁོག་ལུང་པ་སོགས་རྐང་འཛིན་གྱི་ཆུ་བེད་ཨར་ལས་འཛུགས་སྐྲུན་ཇེ་མགྱོ གས་སུ་གཏོང་བ་དང་།ལྕགས་ཟམ་ཁའི་ཆུ་འགྲམ་རྒྱུད་ཀྱི་ཆུ་རགས་དང་། དར་མདོའི་ལེ་ཆུ་སོགས་ཆུ་བེད་ཨར་ལས་དུས་སྐབས་སྔ་མའི་ལས་ཀ་ཡག་པོ་བསྒྲུབ་དགོས།ཆ་འཕྲིན་ཅན་དུ་འགྱུར་ཚད་ཇེ་མགྱོ གས་སུ་གཏོང་བ་དང་།ཆ་འཕྲིན་ཅན་གྱིས་ཁུལ་སྟོབས་ལྡན་འཛུགས་རྒྱུ་དེས་དམིགས་ཡུལ་བྱས་ནས་ཆ་འཕྲིན་གྱི་ཐོན་ཁུངས་ལེགས་སུ་སྤེལ་བ།“དྲ་བ་གསུམ་མཉམ་འབྲེལ་ཡོང་རྒྱུར”སྐུལ་འདེད་གཏོང་བ། གཞིས་ཆགས་ས256དང་ཞིང་འབྲོག་དམངས་དུད་ཚང་ཁྲི2ཀྱི་གཞིས་ཆགས་སྡོད་ཁང་འཛུགས་སྐྲུན་བྱེད་དགོས།སེར་ཤུལ་རྫོང་གི་གནོད་སྐྱོན་ཐེབས་རྗེས་ཀྱི་སྐྱར་འཛུགས་ཀྱི་ལས་ཀ་ཟབ་ཏུ་སྤེལ་དགོས།
 
 
 
 
 
 

 



 

  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་ཁུལ་བཙུགས་ནས་ལོ༦༠ཡི་རིང་གི་འོད་སྟོང་འབར་བའི་ལོ་རྒྱུས་འཕེལ་རིམ་གྱི་པར་རིས་འགྲེམས་སྟོན་བྱས
  • ལེ་ཚན་རྗེས་མ།: སྲིད་གྲོས་སྐབས་བཅུ་གཅིག་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཚོགས་ཐེངས་བཞི་པ་དར་མདོ་རུ་གཟབ
  • དོ་སྣང་ཆེ་བའི་རྩོམ།