བོད་ཀྱི་བྲིས་གཟུགས་སྒྱུ་རྩལ་པ་དགེ་རྒན་དཔག་བསམ་དོན་འགྲུབ་ལགས་ཀྱི་ངོ་སྤྲོད་རགས་བསྡུས།

ཨོ་རྒྱན།        2015-04-24

བོད་ཀྱི་བྲིས་གཟུགས་སྒྱུ་རྩལ་པ་དགེ་རྒན་དཔག་བསམ་དོན་འགྲུབ་ལགས་ཀྱི་ངོ་སྤྲོད་རགས་བསྡུས།

བོད་ཀྱི་བྲིས་གཟུགས་སྒྱུ་རྩལ་པ་དགེ་རྒན་དཔག་བསམ་དོན་འགྲུབ་ལགས་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་དུ་མི་རབས་དུ་མར་ཡིག་གཟུགས་མཁས་པའི་ཟམ་མ་ཆད་པར་བྱུང་མྱོང་བའི་ཁྱིམ་རྒྱུད་ཅིག་ནས་ཚེ་སྲོག་གི་མྱུ་གུ་གསར་དུ་འབུས།ཆུང་དུས་ནས་རང་གི་སྐད་ཡིག་ལ་བག་ཆགས་ཟབ་མོ་ཐེབས་པས་བོད་ཀྱི་རིག་གནས་དང་སྒྱུ་རྩལ་ལ་དམིགས་བསལ་གྱི་དགའ་ཞེན་ཅན་ཞིག་ཏུ་གྱུར། ཁྱད་པར་དུ་ཁོང་གི་ཞང་པོ་དང་མེས་མོ་སོགས་ཀྱི་བཀའ་དྲིན་ལ་བརྟེན་ནས་རང་ལོ་དྲུག་ལ་སླེབ་སྐབས་ནས་སམ་ཊ་སྟེང་དུ་སྨྱུག་བྲིས་ལ་སྦྱངས་ཤིང་།རང་ལོ་བཅུ་གསུམ་གྱི་སྟེང་དུ་དཀར་མཛེས་དགེ་འོས་སློབ་གྲྭར་རྒྱུགས་འཕྲོད།སློབ་གྲྭ་དེ་ག་ནས་བོད་ཀྱི་རིག་གནས་སྤྱི་དང་ཁྱད་པར་དུ་ཡིག་གཟུགས་འདྲ་མིན་ལ་ངེས་པར་དོན་གྱི་མཁས་པ་གླང་སྣ་དགོན་པའི་དགེ་བའི་བཤེས་གཉེན་བཀྲ་ཤིས་དོན་འགྲུབ་དང་།ཤེས་བྱ་ཀུན་ལ་མཁྱེན་སྤྱན་ཡངས་པའི་ཀྲུང་གོའི་མཐོ་རིམ་ནང་བསྟན་སློབ་གླིང་གི་དགེ་བའི་བཤེས་གཉེན་བསོད་ནམས་རྒྱ་མཚོ་སོགས་ཀྱི་དྲུང་ནས་འབད་པ་ཆེན་པོས་ཡིག་གཟུགས་ལེགས་པོར་སྦྱངས་པ་དང་།  དེ་རྗེས་དར་མདོ་མི་རིགས་ལས་བྱེད་སློབ་གྲྭའི་སྨྱུག་ཐོགས་པ་སྐལ་བཟང་ཆོས་འཕེལ་དང་སི་ཁྲོན་མི་རིགས་སློབ་གླིང་གི་དགེ་རྒན་ཆེན་མོ་ཚེ་རིང་དབང་རྒྱལ་སོགས་ཀྱིས་ངག་ཐོག་དང་ལག་ལེན་གང་ཐད་ནས་རིན་ཐང་བྲལ་བའི་མཛུབ་སྟོན་ལེགས་པོར་གནང་བས་བྲིས་གཟུགས་འདྲ་མིན་ཐད་ལ་རིག་གནས་དང་སྒྱུ་རྩལ་གྱི་རྩ་བ་བརྟན་པོར་ཚུགས།

བོད་ཀྱི་བྲིས་གཟུགས་སྒྱུ་རྩལ་པ་དགེ་རྒན་དཔག་བསམ་དོན་འགྲུབ་ལགས་ཀྱི་ངོ་སྤྲོད་རགས་བསྡུས།

ཁོང་གིས་ལོ་ངོ་སུམ་ཅུ་ལ་ཉེ་བའི་རིང་།རྒྱལ་ཁབ་དང་ཞིང་ཆེན།ཁུལ།དེ་བཞིན་རྫོང་རིམ་པའི་འགྲན་བསྡུར་གྱི་ཁྲོད་དུ་བོད་ཡིག་གི་བྲིས་གཟུགས་དང་།དཔྱད་རྩོམ་མང་པོ་སྤེལ་བ་དང་། དེ་དག་ལ་བྱ་དགའ་ཐོབ་ཅིང་དུས་དེབ་ཁག་གི་ནང་བཀོད་ཡོད་པ་དང་། ཁོང་གི་ཡིག་གཟུགས་རྣམས་སྔ་ཕྱི་རུ་དར་མདོ་དང་།ར་རྔ་ཁ།བརྒྱད་ཟིལ་རྫོང་དང་།ཙི་དབྱང་དང་ཁྲེན་ཏུའུ་གྲོང་ཁྱེར་སོགས་སུ་བཤམས་སྟོན་བྱས་པས་བྲིས་གཟུགས་ལ་དགའ་བའི་དཔྱོད་ལྡན་པ་མང་པོས་གདེང་འཇོག་ལེགས་པོར་བྱས།

བོད་ཀྱི་བྲིས་གཟུགས་སྒྱུ་རྩལ་པ་དགེ་རྒན་དཔག་བསམ་དོན་འགྲུབ་ལགས་ཀྱི་ངོ་སྤྲོད་རགས་བསྡུས།

སྔ་ཕྱིར༼ལྕགས་སྨྱུག་གིས་བོད་ཡིག་དབུ་ཅན་འབྲི་ཐབས་ཀྱི་དཔེ་གཞི༽དང་།༼ཆུང་འབྲིང་སློབ་མའི་བོད་ཡིག་བསྐྱར་སྦྱོང་གནད་བསྡུས༽ཞེས་པའི་གསུང་རྩོམ་དེབ་གཉིས་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་དང་།སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་སོ་སོས་དཔར་བསྐྲུན་བྱས་པས་རྒྱ་ཆེ་དགེ་སློབ་མང་པོ་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད།དེ་བཞིན་དུ་བོད་ཀྱི་ཐང་གའི་སྒྱུ་རྩལ་གྱིས་མཐའ་རྒྱན་སྤྲས་པའི་བྲིས་གཟུགས་རྣམས་ལ་རྒྱ་ཆེའི་ཤེས་ཡོན་པས་ལེགས་བསྟོད་ཀྱི་གདེང་འཇོག་ཚད་མཐོན་པོར་བྱས་ཤིང་།བོད་ཀྱི་ཕུལ་བྱུང་རིག་གནས་ཉམས་པ་སོར་ཆུད་དང་།མི་ཉམས་གོང་འཕེལ་ཡོང་བ་ལ་སྲི་ཞུ་གང་སྒྲུབ་བཞིན་ཡོད་པ་རེད། ཁོང་གིས་བགྲང་བྱ་སུམ་ཅུ་ལ་ཉེ་བའི་རིང་དུ་བོད་ཀྱི་བྲིས་གཟུགས་ཀྱི་སྒྱུ་རྩལ་ལ་སློབ་སྦྱོང་དང་ཉམས་ཞིབ་བྱས་ཤིང་།ཁྱད་པར་དུ་བོད་ཀྱི་སྨྱུག་ཐོགས་པ་གྲགས་ཅན་ས་སྐྱ་གླང་སྣ་དགོན་པའི་དགེ་བའི་བཤེས་གཉེན་ཆེན་པོ་བཀྲ་ཤིས་དོན་འགྲུབ་ཀྱི་ཡིག་ཚུགས་སྒྱུ་རྩལ་གྱི་མན་ངག་བུམ་པ་གང་བྱོའི་ཚུལ་དུ་ལེགས་པོར་ཐོབ་པ་མ་ཟད།ཁོང་གིས་ཁམས་རིས་མཛེས་རྩལ་ཅན་གསར་གཏོད་བྱས་པ་རེད། 

བོད་ཀྱི་བྲིས་གཟུགས་སྒྱུ་རྩལ་པ་དགེ་རྒན་དཔག་བསམ་དོན་འགྲུབ་ལགས་ཀྱི་ངོ་སྤྲོད་རགས་བསྡུས།

  ད་ལྟར་དཀར་མཛེས་ཁུལ་བགྲེས་པོ་སྨྱུག་ཐོགས་པ་མཐུན་ཚོགས་ཀྱི་ཚོགས་མི་དང་།དཀར་མཛེས་ཁུལ་སྨྱུག་ཐོགས་པའི་མཐུན་ཚོགས་ཀྱི་ཚོགས་མི།དཀར་མཛེས་ཁུལ་བོད་ཡིག་གི་སྨྱུག་ཐོགས་པའི་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ཤིང་དཀར་མཛེས་རྫོང་མི་རིགས་སློབ་འབྲིང་དུ་བོད་ཀྱི་སྐད་ཡིག་སློབ་ཁྲིད་ཀྱི་ཕྱག་ལས་གནང་ཞིང་སྐལ་ལྡན་སློབ་མ་མང་པོར་ཤེས་བྱའི་བགོ་སྐལ་ཕངས་མེད་དུ་སྩོལ་བཞིན་བཞུགས་ཡོད་པ་ལགས་སོ། ། 

བོད་ཀྱི་བྲིས་གཟུགས་སྒྱུ་རྩལ་པ་དགེ་རྒན་དཔག་བསམ་དོན་འགྲུབ་ལགས་ཀྱི་ངོ་སྤྲོད་རགས་བསྡུས།

བོད་ཀྱི་བྲིས་གཟུགས་སྒྱུ་རྩལ་པ་དགེ་རྒན་དཔག་བསམ་དོན་འགྲུབ་ལགས་ཀྱི་ངོ་སྤྲོད་རགས་བསྡུས།

བོད་ཀྱི་བྲིས་གཟུགས་སྒྱུ་རྩལ་པ་དགེ་རྒན་དཔག་བསམ་དོན་འགྲུབ་ལགས་ཀྱི་ངོ་སྤྲོད་རགས་བསྡུས།

  • ལེ་ཚན་སྔོན་མ།:བོད་ཀྱི་ཡིག་གཟུགས་པ་ཆེན་མོ་སྤེན་ནོར།
  • ལེ་ཚན་རྗེས་མ།:སྐལ་བཟང་བཀྲ་ཤིས་ཀྱི་ཡིག་གཟུགས་བདམས་བཀོད།
  • དོ་སྣང་ཆེ་བའི་རྩོམ།