ཕྱག་ཕྲེང་རྫོང་གིས་ལས་བྱེད་པ་དང་མང་ཚོགས་བར་སེམས་མཐུན་གྱི་ཟམ་པ་བཙུགས།

ཨན་རུང་མེ།        2014-05-20

  ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་བསྟར་བྱེད་སྒོ་སྤེལ་བའི་ཁྲོད་ཕྱག་ཕྲེང་རྫོང་གི་ལས་བྱེད་པ་དང་ལས་བཟོ་རྣམས་ཀྱིས“གཉེན་ཉེ་སྒྲིག་པ”བཅས་ཀྱི་བྱེད་སྒོར་དམིགགས་ཏེ་“གཞི་རིམ་དུ་སྐྱོད”པ་དེ་རྒྱུན་ལྡན་ཅན་གྱི་ལས་ཀ་མངོན་འགྱུར་ཡོང་བ་དང་།རང་རྟོགས་ཀྱི་བྱ་སྤྱོད་ཀྱིས་“གཞི་རིམ་དུ་སྐྱོད”པའི་ལས་འགན་ཁག་དོན་འཁྱོལ་བྱས་ཏེ།ཁྱོན་ཡོངས་ནས་མང་ཚོགས་ལས་ཀ་སྤེལ་ཏེ་གཞི་རིམ་དུ་སྐྱོད་པའི་བྱེད་སྒོ་དེ་ལས་བྱེད་པ་འཚར་ལོངས་བྱུང་བའི་སྣུམ་སྣོན་ས་ཚུགས་ལྟ་བུ་དང་།ཏང་དང་མང་ཚོགས་བར་དང་ལས་བྱེད་པ་དང་མང་ཚོགས་བར་གྱི་སེམས་མཐུན་གྱི་ཟམ་པ་ལྟ་བུ།གྲོང་མི་འཕེལ་རྒྱས་ཡོང་བའི་སྐུལ་འདེད་ཡོ་བྱད།སྤྱི་ཚོགས་བརྟན་འཇགས་ཡོང་བའི་འཆམ་མཐུན་གྱི་གླུ་དབྱངས་ལྟ་བུ་བཅས་སུ་གྱུར་པ་རེད།
    ལས་བྱེད་པ་འཚར་ལོངས་བྱུང་བའི་སྣུམ་སྣོན་ས་ཚུགས།རྫོང་ཡོངས་ཀྱི་ལས་བྱེད་པ་དང་ལས་བཟོ་ཚོས་གཞི་རིམ་དུ་སྐྱོད་པའི་བྱེད་སྒོ་དེ་སློབ་སྦྱོང་དང་སྦྱོང་བརྡར་དང་།འཇོན་ནུས་ཇེ་མཐོར་གཏོང་བ་ས་ཞིག་ལ་བརྩིས་ནས་སེམས་གཅིག་བློ་གཅིག་གིས་བྱེད་སྒོར་ཞུགས་པ་དང་།གཅིག་བསྡུས་ཀྱིས་སློབ་སྦྱོང་དང་རང་སྦྱོང་གི་བྱེད་ཐབས་བརྒྱུད་དེ་བྱེད་སྒོའི་ཤེས་བྱ་དང་བྱེད་ཕྱོགས་སྲིད་ཇུས་སློབ་སྦྱོང་ཤུགས་ཆེན་བྱས་ནས་མི་དམངས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཇེ་མཐོར་བཏང་བས་མ་ཚད།སློབ་སྦྱོང་གི་སྦྱངས་འབྲས་དེ་མང་ཚོགས་ཀྱི་དཀའ་ངལ་ཐག་གཅོད་བྱེད་པའི་དངོས་ཡོད་ཀྱི་གནས་ཚུལ་དུ་བསྒྱུར་བ་རེད།མིག་སྔའི་བར་དུ་སླེབས་དུས་རྫོང་ཡོངས་ཀྱི་ལས་ཁུངས་སོ་སོས་ལས་བྱེད་པ་དང་ལས་བཟོ་གཅིག་བསྡུས་ཀྱིས་སློབ་སྦྱོང་ཐེངས93བྱས་པ་དང་རང་སྦྱོང་བྱས་པའི་དུས་ཡུན་ཆུ་ཚོད30ཙམ་ལ་སླེབས་པས་མ་ཚད་སློབ་སྦྱོང་གི་ཟིན་བྲིས་དང་བསམ་ཚུལ་མྱོང་ཚོར་ཡང་བྲིས་ཡོད་པ་རེད།
    ཏང་དང་མང་ཚོགས་བར་དང་ལས་བྱེད་པ་དང་མང་ཚོགས་བར་གྱི་སེམས་མཐུན་ཟམ་པ།རྫོང་ཡོངས་ཀྱི་ལས་བྱེད་པ་དང་ལས་བཟོ་མི་སྣ2169ཡིས་ཞིང་པའི་དུད་ཚང་དང་གཉེན་ཉེ་སྒྲིག་པ་དང་།གཞི་རིམ་དུ་སྐྱོད་པ་དང་གསུམ་སྐྱོད་པ་སོགས་ཀྱི་བྱེད་སྒོ་སྤེལ་བར་གཞིགས་ཏེ་དུད་ཚང་གཅིག་ཀྱང་མ་ལུས་པར་འཚམས་འདྲི་བྱས་ཏེ་མང་ཚོགས་ལ་དོན་དངོས་སྒྲུབ་པ་དང་།མང་ཚོགས་དང་མཉམ་ལས་མཉམ་སྡོད་བྱས་ནས་མང་ཚོགས་དང་བརྩེ་དུང་དམ་ཟབ་བཙུགས་པ་དང་།ཏང་ཡོན་ལས་བྱེད་པའི་རྣམ་འགྱུར་བཟང་པོ་བཏོན་ཡོད་པ་རེད།དམིགས་སྔའི་བར་དུ་སླེབས་དུས་མང་ཚོགས་མིའི་ཐེངས་གྲངས་ཁྱོན་བསྡོམས20493ཙམ་ལ་འཚམས་འདྲི་བྱས་པ་དང་ཞིང་འབྲོག་མང་ཚོགས་ཀྱིས་དཀའ་གནད་ཐག་གཅོད་བྱེད་རོགས་ཞུ་པའི་གནད་དོན6འཚོལ་བསྡུས་དང་གནད་དོན6ཐག་གཅོད་བྱས་པས་མ་ཚད།ལག་དངུལ་དང་དངུལ་ཐོག་ཕབས་ན་དངུལ་སྒོར21ཙམ་རི་བའི་རོགས་སྐྱོར་དངོས་རྫས་མཁོ་སྤྲོད་བྱས་ཡོད་པ་རེད།
    གྲོང་མི་འཕེལ་རྒྱས་ཡོང་བའི་སྐུལ་འདེད་ཡོ་བྱད།ལས་བྱེད་པ་སོ་སོ་གཞི་རིམ་དུ་བརྟག་དཔྱད་ཞིབ་འཇུག་ཟམ་མོ་དང་རྩ་བའི་གནས་ཚུལ་ཡོངས་སུ་ཁོང་དུ་ཆུད་ནས་ཕྱིན་ཆད་དམངས་འཚོའི་ལས་གྲྭ་ཆེན་པོ་བཅུ་དང་ཞིང་སྡེ་གསར་པ་འཛུགས་སྐྲུན།བཞི་ཆུང་ལས་གྲྭ་སོགས་ཀྱི་ལས་དོན་ལག་ལེན་བསྟར་རྒྱུའི་རྩ་བའི་གཞི་གྲངས་བྱས་ཏེ་ཕྱི་སྐྱོད་དང་འཐུང་ཆུ།ཐོན་ལས།ཡོང་འབབ་འཕར་སྣོན།ཕྱུག་འགྱུར་བཅས་ཐད་ནས་ཐབས་འདོན་ཇུས་འགོད་དང་ཐབས་བརྒྱ་འཇུ་སྟོང་གིས་གྲོང་མི་འཕེལ་རྒྱས་ཡོང་བར་ཞབས་འདེགས་ཞུས།མིག་སྔའི་བར་དུ་སླེབས་དུས་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་གྱི་རྣམ་གྲངས103སྤེལ་བ་དང་མ་དངུལ་སྒོར་ཁྲི2247བཏང་ཡོད།དཔྱིད་རྨོད་དང་དཔྱིད་རྨོད་གྲ་སྒྲིག་ལས་ཀར་ལག་རྩལ་ཞབས་ཞུ་ཐེངས5བྱས་ཡོད་པ་དང་།ལྗོངས་རྒྱུ་འཕེལ་རྒྱས་དང་རྒུན་འབྲུ་ཆང་སྙོལ་བཅས་ཐོན་ལས་ཀྱི་གསོ་སྐྱོང་སྦྱོང་བརྡར་ལས་ཀ་ཐེངས8བྱས་ཏེ་མང་ཚོགས1150ལྷག་ལ་སྦྱོང་བརྡར་བྱས་ཡོད།
    སྤྱི་ཚོགས་བརྟན་བརླིང་ཡོང་བའི་འཆམ་མཐུན་ལས་ཀ་བསྒྲུབས།གཞི་རིམ་དུ་སྐྱོད་པའི་མང་ཚོགས་ལས་ཀའི་བྱེད་སྒོ་ཁྲོད་དུ་ལས་བྱེད་པ་སྟོང་ལྷག་གིས་སྲིད་ཇུས་དྲིལ་བསྒྲགས་དང་འགལ་ཟླ་འདུམ་འགྲིག་སོགས་གྱི་བྱེད་སྒོ་སྤེལ་ཏེ་སྤྱི་ཚོགས་འཆམ་མཐུན་དང་བརྟན་བརླིང་ཡོང་བར་སྐུལ་འདེད་བཏང་བ་རེད།མིག་སྔའི་བར་དུ་ལས་བྱེད་པ་ཁྱོན་བསྡོམས་992ལྷག་གཞི་རིམ་དུ་འདྲི་རྟོགས་བྱེད་སར་སོང་ནས་འགལ་བ་དང་རྩོད་གཞི120ཐག་གཅོད་བྱས་ཡོད་པ་རེད།
  • ལེ་ཚན་སྔོན་མ།:བོད་ཁུལ་གྱི་རྫོང་རིམ་པའི་ལས་བྱེད་པ60ཀྲེ་ཅང་ཞིང་ཆེན་ལ་ཕྱིན་ནས་ཞིབ་འཇུག་ཟབ་སྦྱོང་བྱས།
  • ལེ་ཚན་རྗེས་མ།:འདབ་པ་རྫོང་གིས་ཏང་གི་མང་ཚོགས་ལམ་ཕྱོགས་དང་སློབ་གསོ་ལག་ལེན་བྱེད་སྒོ་ཏན་ཏིག་སྤེལ།
  • དོ་སྣང་ཆེ་བའི་རྩོམ།