རང་ཁུལ་འཕྲུལ་སྒུལ་འཁོར་རིགས་གཏོང་བའི་གསོ་སྦྱོང་ཐད་གཏན་འབེབས་གསར་པ་ཡོད།

སྐལ་ཐུབ་ཀྱིས་བསྒྱུར།        2014-04-17

  ཉེ་ཆར། གསར་འགོད་པས་ཁུལ་གཞུང་ལམ་སྐྱེལ་འདྲེན་དོ་དམ་ཁང་ནས་གནས་ཚུལ་ཤེས་རྟོགས་བྱུང་དོན།ད་ལོའི་ཟླ་བ4པའི་ཚེས1ཉིན་ནས་བཟུང་སྟེ་ཁུལ་ཡོངས་ཀྱི་འཕྲུལ་སྒུལ་འཁོར་རིགས་གཏོང་བའི་གསོ་སྦྱོང་ཐད་རྒྱལ་ཁབ་ཀྱི་《འཕྲུལ་སྒུལ་འཁོར་རིགས་གཏོང་བའི་གསོ་སྦྱོང་སློབ་ཁྲིད་དང་ཡིག་ཚད་བླངས་པའི་རྩ་གནད་ཆེན་པོ》གསར་པ་ལྟར་ལག་བསྟར་བྱ་རྒྱུ་ཡིན་ཞིང་། གསོ་སྦྱོང་སློབ་མའི་རིག་གཞུང་གསོ་སྦྱོང་དུས་ཚོད་དེ་ཉིན་རེར་ཆུ་ཚོད4ལས་བརྒལ་མི་ཆོག་པ་དང་། འཁོར་ལོ་དངོས་སུ་གཏོང་བའི་གསོ་སྦྱོང་དུས་ཚོད་དེ་ཉིན་རེར་ཆུ་ཚོད4ལས་བརྒལ་མི་ཆོག་ཅིང་སྦྱོང་ཡུན་ལོ་གསུམ་ནང་ཚུད་དུ་སྤྱོད་ནུས་ཡོད་པ་རེད།
    འཕྲུལ་སྒུལ་འཁོར་རིགས་གཏོང་བའི་གསོ་སྦྱོང་སློབ་ཁྲིད་དང་ཡིག་ཚད་བླངས་པའི་རྩ་གནད་ཆེན་པོ》གསར་པའི་གསོ་སྦྱོང་བླང་བྱ་ལྟར་རང་ཁུལ་འཁོར་རིགས་གཏོང་བའི་གསོ་སྦྱོང་ལ་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་དང་ཁྲིམས་སྲོལ། འབྲེལ་ཡོད་ཤེས་བྱ་དང་། ནང་རར་འཁོར་ལོ་གཏོང་བ། འཁོར་ལོ་གཏོང་བའི་ལག་རྩལ་དང་ཉེན་མེད་ཡ་རབས་ཀྱི་འཁོར་ལོ་གཏོང་བའི་རྒྱུན་ཤེས་བཅས་ལ་སློབ་སྦྱོང་བྱེད་པའི་དུས་རིམ་གསུམ་དབྱེ་ཡོད། དེའི་དམིགས་ཡུལ་ཡང་སློབ་མ་ཚོར་འཕྲུལ་སྒུལ་འཁོར་རིགས་ཀྱི་རྩ་བའི་ཤེས་བྱ་ལ་རྒྱུས་ལོན་དང་འགྲིམ་འགྲུལ་ཉེན་མེད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ། འགྲིམ་འགྲུལ་བརྡ་རྟགས་ཀྱི་གཏན་འབེབས་བཅས་ལ་ཤེས་རྟོགས་བྱ་རྒྱུ་དང་།འཁོར་རིགས་གཏོང་བའི་རྩ་བའི་བཀོལ་སྤྱོད་གཙོ་གནད་ཤེས་པ། འཁོར་རིགས་ལ་ཚོད་འཛིན་བྱེད་པའི་རྩ་བའི་ནུས་པ་ལྡན་པ་དང་། འཁོར་ལོ་གཏོང་ཡུལ་དང་ནང་རའི་འགྲོ་ལམ་ཐོག་གཏོང་བའི་རྩ་བའི་བྱེད་ཐབས་ལ་བྱང་ཆུབ་པ། འཁོར་རིགས་ལུགས་མཐུན་བེད་སྤྱོད་བྱེད་པའི་འཛིན་ཡིག་ཡོད་པ་དང་འཁོར་རིགས་འགུལ་སྤྱོད་བྱེད་པའི་བར་སྟོང་གནས་སར་ཚོད་འཛིན་ཡང་དག་པ་བྱེད་པའི་ནུས་པ་ལྡན་པ། འཁོར་རིགས་གཏོང་ཡུལ་དང་མྱུར་ཚད། ལམ་ཐིག་བཅས་ལ་ཚོད་འཛིན་བྱེད་ཐུབ་པ། ཉེན་མེད་ཡ་རབས་ཀྱི་འཁོར་རིགས་གཏོང་བའི་ཤེས་བྱ་ཁོང་དུ་ཆུད་པ་དང་འཁོར་རིགས་ལ་ཕྱོགས་བསྡུས་ཚོད་འཛིན་བྱེད་པའི་ནུས་པ་ལྡན་པ་སོགས་རེད།
  • ལེ་ཚན་སྔོན་མ།:ཉག་ཆུ་རྫོང་གི་དུས་ཚིགས་དང་པོའི་ནོར་སྲིད་ཡོང་འབབ་ཡག་པོ་ཡིན་པ།
  • ལེ་ཚན་རྗེས་མ།:ད་ལོར་བོད་ཁུལ་དམངས་འཚོ་ལས་གྲྭ་ཆེན་པོ་དྲུག་ལ་མ་དངུལ་སྒོར་དུང་ཕྱུར67རྒྱག་པ།
  • དོ་སྣང་ཆེ་བའི་རྩོམ།