ད་ལོར་བོད་ཁུལ་དམངས་འཚོ་ལས་གྲྭ་ཆེན་པོ་དྲུག་ལ་མ་དངུལ་སྒོར་དུང་ཕྱུར67རྒྱག་པ།

ལྷ་འཛོམས་ཀྱིས་བསྒྱུར།        2014-04-17

 རང་རེའི་ཞིང་ཆེན་གྱིས་ཉེ་ཆར《2014ལོའི་བོད་ཁུལ་གྱི་དམངས་འཚོ་ལས་གྲྭ་ཆེན་པོ་དྲུག་གི་འཆར་གཞིའི་སྤྱི་ཁྱོན་ལས་ཀའི་ཇུས་འགོད》དང་བོད་ཁུལ་གྱི་སྡོད་གནས་གསར་པའི་འཛུགས་སྐྲུན།སློབ་གསོ་འཕེལ་རྒྱས་དང་དར་སྤེལ་གཏོང་བ།སྨན་བཅོས་འཕྲོད་བསྟེན་མཐོར་འདེགས་གཏོང་བ།སྤྱི་ཚོགས་འགན་སྲུང་ལ་སྐུལ་འདེད་གཏོང་བ།རིག་གནས་འཕེལ་རྒྱས་དར་སྤེལ་གཏོང་བ།དབུལ་སྐྱོར་དཀའ་སེལ་བྱ་སྤྱོད་སོགས་ལག་བསྟར་ཇུས་གཞི་དྲུག་པར་འགྲེམས་བྱས་པ།(གཤམ་ལ་གཅིག་ཐོག་དྲུག་སྣོན་གྱི་ལས་ཀའི་ཇུས་གཞིར་བསྡུས)ད་ལོར་སྔོན་རྩིས་བྱས་ན་དམངས་འཚོ་ཁག་ལ་མ་དངུལ་སྒོར་དུང་ཕྱུར67.36འཇོག་རྒྱུ་(དེའི་ནང་མང་ཚོགས་ཀྱི་གེ་དང་མི་ལག་རྒྱག་པ་འདུས་ཡོད།)ཡིན་པས།ན་ནིང་ལོར་དངོས་གནས་འཇོག་པ་ལས་བརྒྱ་ཆ20ཡན་ཆད་འཕར་ཡོད།
    བོད་ཁུལ་གྱི་སྡོད་གནས་གསར་པའི་འཛུགས་སྐྲུན་འཆར་གཞི་ལག་བསྟར་ཇུས་གཞི་ནང་བཏོན་དོན།ཞིང་སྡེའི་ཉེན་ཁ་ཆེ་བའི་སྡོད་ཁང་བསྒྱུར་བཀོད་ལས་ཀ་དང་ཟུང་འབྲེལ་བྱས་ནས་དཀའ་ངལ་ཆེ་བའི་ཞིང་པ་དུད་ཚང་ཁྲི2ཀྱི་སྡོད་ཁང་གསར་པའི་འཛུགས་སྐྲུན་བྱེད་འགོ་ཚུགས་པ།དུས་མཉམ་དུ་ཞིང་སྡེ372ཀྱི་སྤྱི་པའི་ཞབས་ཕྱི་དང་རྨང་གཞིའི་སྒྲིག་བཀོད་ཆ་ཚང་འཛུགས་སྐྲུན་བྱས་ནས་བོད་ཁུལ་གྱི་སྡོད་ཁང་གསར་པའི་དཔེ་སྟོན་གྲོང་སྡེ་སྐྲུན་རྒྱུ་རེད།
    སློབ་གསོ་འཕེལ་རྒྱས་ཀྱི་དར་སྤེལ་འཆར་གཞིའི་ལག་བསྟར་ཇུས་གཞི་ནང་བཏོན་དོན།ནང་ལོག་ས་ཁུལ་གྱི་ལོ་དགུ་ཐོག་གསུམ་སྣོན་གྱི་སློབ་གྲྭས་ད་ལོར་ལོ་དགུ་ཐོག་གསུམ་སྣོན་གྱི་ལས་རིགས་སློབ་གསོའི་སློབ་མ་སྟོང4བསྡུ་རྒྱུ་།མུ་མཐུད་ནས་བོད་ཁུལ་གྱི་བྱིས་པ་ཁང་ལ་རོགས་སྐྱོར་ཆག་ཡང་དང་རྩ་ཆག་གཏོང་བའི་སྲིད་ཇུས་དང་བོད་ཁུལ་གྱི་རིན་ཡོན་མི་དགོས་པའི་དགེ་འོས་སློབ་མ་དམིགས་འཛུགས་གསོ་སྐྱོང་བྱ་རྒྱུ་ལག་བསྟར་བྱེད་པ།རིན་ཡོན་མི་དགོས་པའི་དགེ་འོས་སློབ་གྲྭའི་སློབ་མ་དམིགས་འཛུགས་གསོ་སྐྱོང་བྱ་རྒྱུ་དེ་བོད་ཁུལ་ལ་ཁ་ཕྱོགས་པར་མ་ཚད།ད་དུང་རྒྱ་བོད་སྐད་རིགས་གཉིས་ཀྱི་དགེ་རྒན་གསོ་སྐྱོང་བྱ་རྒྱུ་དེ་གཙོ་བོའི་ལས་ཀ་ཞིག་ཏུ་བརྩིས་ནས་འཆར་གཞིའི་ནང་འཇོག་རྒྱུ་རེད།
    སྨན་བཅོས་འཕྲོད་བསྟེན་མཐོར་འདེགས་འཆར་གཞི་ལག་བསྟར་ཇུས་གཞི་ནང་གཙོ་གནད་དུ་ཁུལ་དང་རྫོང་།ཤང་།སྡེ་བཅས་རིམ་པ་བཞིའི་སྨན་བཅོས་འཕྲོད་བསྟེན་མ་ལག་མགྱོ གས་སུ་འཐུས་ཚང་དུ་བཏང་ནས་སྤྱི་པའི་འཕྲོད་བསྟེན་ལས་ཁུངས་ཀྱི་ནུས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ།གཞི་རིམ་གྱི་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བཟོའི་འཁོར་སྤྱོད་སྡོད་ཁང་འཛུགས་སྐྲུན་ཆེད་དམིགས་རྣམ་གྲངས་བཙུགས་ནས་བོད་ཁུལ་གྱི་གཞི་རིམ་སྨན་བཅོས་ལས་སྒྲུབ་མི་སྣར་དགོས་ངེས་ཀྱི་འཁོར་སྤྱོད་སྡོད་ཁང་འདོན་སྤྲོད་བྱ་རྒྱུ།གཞན་ཡང་དཀར་མཛེས་ཁུལ་གྱི་ཐུམ་འབུའི་ནད་ཕྱོགས་བསྡུས་སྨན་བཅོས་ཚོད་ལྟ་བྱས་ནས་མི་ཁྲི30ལ་ཐུམ་འབུའི་ནད་ཞིབ་དཔྱད་བྱ་རྒྱུ་བཅས་བཏོན་ཡོད།
    སྤྱི་ཚོགས་འགན་སྲུང་སྐུལ་སྤེལ་འཆར་གཞིའི་ལག་བསྟར་འཆར་འགོད་ཐོག་ཧུར་ཐག་གིས་བོད་ཁུལ་གྲོང་རྡལ་གྱི་གསར་སྣོན་ལས་ཞུགས་མི་སྣ13700ཐོག་སླེབས་པ་དང་གྲོང་རྡལ་གྱི་ཐོ་འགོད་ལས་ཤོར་བྱུང་ཚད་བརྒྱ་ཆ4.2ནང་ཚུན་ཚོད་འཛིན་ཐུབ་པ་དང་བོད་ཁུལ་གྱི་དབུལ་ཕོངས་དུད་ཚང་ཁྲི1.75ཡི་ངལ་རྩོལ་ནུས་པ་མེད་པའི་མི་རྒན་དང་ལོ80ཡན་ཆད་ཀྱི་བགྲེས་སོང་ལ་རང་ཁྱིམ་དུ་རྒན་གསོ་ཞབས་ཕྱི་ཞུ་ཐུབ་པ་བྱ་རྒྱུ་བཏོན་ཡོད།
    རིག་གནས་འཕེལ་རྒྱས་འཆར་འགོད་ལག་བསྟར་ཇུས་འགོད་ནང་གཙོ་གནད་དུ་ཁུལ་དང་རྫོང་གི་རིག་གནས་ཁང་དང་དཔེ་མཛོད་ཁང57གྱི་འཛུགས་སྐྲུན་མགྱོ གས་སུ་གཏོང་བ་དང་བོད་ཁུལ་གྱི་རིག་གནས་དམངས་ཕན་འཁྲབ་སྟོན་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ལོ་ཡོངས་སུ་འཁྲབ་ཐེངས400ཙམ་བྱ་རྒྱུ་བཏོན་ཡོད།
    དབུལ་སྐྱོར་དཀའ་སེལ་བྱ་སྤྱོད་འཆར་གཞི་ལག་བསྟར་ཇུས་གཞིའི་ནང་བཏོན་དོན།བོད་ཁུལ་དུ་དབུལ་ཕོངས་གྲོང་སྡེ་ཧྲིལ་པོར་སྐུལ་འདེད་གཏོང་བའི་རྣམ་གྲངས100ལག་བསྟར་བྱས་ནས་གྲོང་སྡེ་རེར་སྒོར་སྒོར་ཁྲི100ཁ་གསབ་བྱ་རྒྱུ།དབུལ་སྐྱོར་གནས་སྤོའི་ཨར་ལས་ནང་གཙོ་བོར་བོད་ཁུལ་གྱི་གྲོང་གསར་དང་ཝུན་ཁྲོན་རྫོང་གི་ཚའོ་ཕོ་ཤང་གི་ས་གཤིས་གནོད་འཚེ་རྐྱེན་གྱིས་གནས་སྤོ་སོགས་རྣམ་གྲངས་གལ་ཆེན་གྱི་འཛུགས་སྐྲུན་བྱས་ནས་དབུལ་ཕོངས་ཞིང་འབྲོག་པ12950བཀོད་སྒྲིག་བྱ་རྒྱུའི་འཆར་གཞི་ཡོད།
  • ལེ་ཚན་སྔོན་མ།:རང་ཁུལ་འཕྲུལ་སྒུལ་འཁོར་རིགས་གཏོང་བའི་གསོ་སྦྱོང་ཐད་གཏན་འབེབས་གསར་པ་ཡོད།
  • ལེ་ཚན་རྗེས་མ།:སློབ་གསོ་བྱེད་སྒོ་ཡིས་མང་ཚོགས་ལ་ཁེ་ཕན་བསྐྲུན།
  • དོ་སྣང་ཆེ་བའི་རྩོམ།