ལི་ཁང་གིས་སྲིད་གཞུང་ལས་དོན་གྱི་སྙན་ཞུ་སྐོར་གྲོས་བསྡུར་བྱེད་སྐབས་གསུངས་དོན།

རུང་མེས།        2014-02-27


 ཟླ་བ2པའི་ཚེས་25ཉིན་གྱི་ཕྱི་དྲོར།ཁུལ་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་ལི་ཁང་གིས་ཁུལ་སྐབས་བཅུ་གཅིག་པའི་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་ལྕགས་ཟམ་རྫོང་གི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་དུས་དུས་བབ་དང་བསྟུན་ནས་མདུན་སྐྱོད་དང་འབད་བརྩོན་ལྷོད་མེད་ཀྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གསར་པ་ཡོང་གང་ཐུབ་བྱེད་དགོས་པའི་ནན་གསུང་གནང་བ།
    ལི་ཁང་གིས་ནན་གསུང་གནང་དོན།སྲིད་གཞུང་ལས་ཀའི་སྙན་ཞུ་ནང་བཀོད་སྒྲིག་བྱས་པའི་2014ལོའི་ལས་ཀའི་དམིགས་ཡུལ་ལས་འགན་དང་ལས་ཀའི་བྱེད་ཐབས་དེ་ལག་ལེན་དུ་འཁྱོལ་ཐུབ་ངེས་ཡིན་པས་མི་སེམས་འགུལ་བ།ཁུལ་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཚོས་སེམས་ཤུགས་གཅིག་འགྲིལ་དང་འབད་བརྩོན་ལྷོད་མེད་བྱས་ན།ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གསར་པ་ཡོང་ཐུབ་ངེས་རེད།སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་མངོན་གསལ་ཆེ་བའི་ལས་ཀ་ཐོག་བཞག་ནས་ཁུལ་ཡོངས་ལྗོངས་རྒྱུ་ལས་དོན་འཕེལ་རྒྱས་གཏོང་གང་ཐུབ་བྱས་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དེ་ཚན་རིག་དང་མཐུན་པ་དང་རྒྱུད་མཐུད་དང་སྐྱོན་བྲལ་གྱིས་འཕེལ་རྒྱས་ཡོང་བར་ཁག་ཐེག་བྱེད་དགོས།མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་བསྟར་བྱེད་སྒོ་དང་ཟུང་འབྲེལ་དམ་ཟབ་བྱས་ནས་ལས་ཀའི་སྤྱོད་ཚུལ་ལེགས་བཅོས་དང་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱས་ཏེ་ལས་ཀ་ཁག་གཏིང་ཟབ་ཏུ་སྤེལ་བར་ཁག་ཐེག་བྱེད་དགོས།ཀྲུང་དབྱང་དང་ཞིང་ཆེན་གྱིས་རང་ཁུལ་ལ་སྲིད་ཇུས་ཐད་ཀྱི་རྒྱབ་སྐྱོར་བྱེད་ཤུགས་བརྩོན་ལེན་གང་ལེགས་བྱས་ནས་རང་ཁུལ་གྱི་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་པའི་གནད་དོན་རྩ་བ་ནས་འཕོ་འགྱུར་གཏོང་ཐུབ་བྱེད་དགོས།ཐོན་ལས་ཀྱིས་ཁུལ་སྟོབས་ལྡན་དུ་འགྱུར་བའི་ལས་དོན་མགྱོ གས་སུ་བྱེད་པ་དང་།ཚོང་ར་མ་ལག་འཛུགས་སྐྲུན་གྱི་ལས་ཀ་ཤུགས་ཆེན་བྱས་ནས་ཚོང་ར་དཔལ་འབྱོར་གྱི་ཁོར་ཡུག་འཁྲུག་པོ་ཡོང་བ།ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་ལས་རྩེར་སོན་པ་ཚོང་ར་ཅན་དུ་འགྱུར་ཚད་མགྱོ གས་སུ་གཏོང་བ་བཅས་བྱེད་དགོས།མུ་མཐུད་དང་ཤུགས་ཆེན་པོས་རྨང་གཞི་སྒྲིག་ཆས་ལེགས་བཅོས་བྱེད་པ་དང་།ནུས་ལྡན་གྱི་བྱེད་ཐབས་བླངས་ནས་ཤུགས་ཆེན་པོས་གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་སོགས་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་གྱི་ལས་ཀར་སྐུལ་འདེད་ཤུགས་ཆེན།ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགག་སྒོ་གཏོར་བ་བཅས་བྱེད་དགོས། 
  • ལེ་ཚན་སྔོན་མ།:དབྱི་ཧྥན་དཔལ་འབྱོར་དང་བཟོ་ཚོང་ཚོ་ཆུང་གི་གྲོས་བསྡུར་ནང་ཞུགས་སྐབས་གསུངས་དོན།།
  • ལེ་ཚན་རྗེས་མ།:ཡེ་ཤེས་ཟླ་བས་ཁུལ་སྲིད་གྲོས་ཀྱི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་བསྡུར་ནང་ཞུགས་སྐབས་གསུ
  • དོ་སྣང་ཆེ་བའི་རྩོམ།