དབྱི་ཧྥན་དཔལ་འབྱོར་དང་བཟོ་ཚོང་ཚོ་ཆུང་གི་གྲོས་བསྡུར་ནང་ཞུགས་སྐབས་གསུངས་དོན།།

དབྱངས་ཅན།        2014-02-27

དབྱི་ཧྥན་དཔལ་འབྱོར་དང་བཟོ་ཚོང་ཚོ་ཆུང་གི་གྲོས་བསྡུར་ནང་ཞུགས་སྐབས་གསུངས་དོན།།

 ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་དབྱི་ཧྥན་གྲོས་བསྡུར་ནང་ཞུགས་ཤིང་གསུངས་དོན། སྲིད་གྲོས་ཨུ་ཡོན་ནི་ཏང་དང་སྲིད་གཞུང་གིས་མང་ཚོགས་དང་འབྲེལ་བ་བྱེད་པའི་ཟམ་པ་ཡིན། ཨུ་ཡོན་ཚོས་མང་ཚོགས་དང་འབྲེལ་འདྲིས་ཟབ་མོ་བྱེད་པའི་ལས་ཀ་ཡག་པོ་བསྒྲུབས་ཐུབ་ན་མང་ཚོགས་ཀྱི་སེམས་ཁྲལ་ཆེ་བའི་གནད་དོན་མང་པོ་ཐག་གཅོད་བྱེད་ཐུབ་པ་དང་། ས་ཁུལ་ཞིག་གི་འཆམ་མཐུན་བརྟན་བརླིང་དང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་ཐུབ། ཁོང་གིས་གསུངས་རྒྱུར། སྲིད་གྲོས་ཨུ་ཡོན་གྱིས་ལས་རིགས་སོ་སོའི་འཐུས་མིའི་ཐོབ་ཐང་དང་འགན་འཁྲི་བློ་ལ་བརྟན་པོ་ངེས་ནས། རང་རྟོགས་ཀྱིས་མང་ཚོགས་དང་དགོན་ཁག་གི་གྲྭ་བཙུན་དང་འབྲེལ་འདྲིས་དང་ཞབས་ཞུ་བྱེད་པ་དང་། དེ་བས་རང་རྟོགས་དང་ཧུར་ཐག་གི་སྒོ་ནས་མང་ཚོགས་ལས་ཀ་ཡོངས་སུ་ཁྱབ་པའི་ནང་ཞུགས་ནས། མང་ཚོགས་ཀྱི་བསམ་ཚུལ་དང་དྲན་ཚུལ།རེ་སྒུག་བཅས་གང་ཡིན་ཤེས་ཐུབ་པ་དང་། མང་ཚོགས་ཀྱི་སེམས་ཁུར་བྱེད་པའི་དཀའ་ངལ་ཆེ་བའི་གནད་དོན་དང་སྣང་ཆུང་བྱེད་སླ་བའི་གནད་དོན་ལ་དམིགས་ཏེ་བསམ་འཆར་དང་གྲོས་གཞི་བཏོན་ནས་མང་ཚོགས་ཀྱི་འབྲེལ་ཟམ་དང་སྙིང་ཉེའི་གྲོགས་པོ་བྱེད་དགོས།
    ཁོང་གིས་བསྟན་དོན། ཨུ་ཡོན་རྣམ་པས་མང་ཚོགས་ཀྱི་བདེ་སྡུག་ཚོར་ཐུབ་པ་དང་། མང་ཚོགས་ཀྱི་བློར་བབ་པ་དང་། དམངས་ཀྱི་སེམས་ཁྲལ་སེལ་བ། དམངས་ཀྱི་འཚོ་བར་ཕན་པ་ཆེ་བའི་བྱ་བ་བཅས་མང་ཙམ་སྒྲུབ་པ་དང་། མ་དངུལ་གྲབས་གསོག་དང་། རྣམ་གྲངས་ནང་འདྲེན། ཐོན་ལས་འཕེལ་རྒྱས་གཏོང་རྒྱུའི་ཐད་ནུས་པ་འདོན་པ། གཞི་རིམ་མང་ཚོགས་ཀྱི་དོན་དུ་དོན་དངོས་སྒྲུབ་པ་དང་དོན་བཟང་སྒྲུབ་པའི་ཐད་བྱས་རྗེས་མང་ཙམ་འཇོག་པ། དབུལ་སྐྱོར་གུད་སྐྱོབ་དང་། དབུལ་སྐྱོར་ནུས་ཞན་ལ་རོགས་སྐྱོར་བྱེད་པའི་ཐད་བྱས་རྗེས་མང་ཙམ་འཇོག་དགོས། ཁོང་གིས་ནན་གསུང་གནང་དོན། ཁུལ་ཡོངས་ཀྱི་རིམ་པ་ཁག་གི་སྲིད་གྲོས་ཨུ་ཡོན་གྱིས་དམངས་ཀྱི་དོན་དུ་འགན་འཁྲི་ལག་བསྟར་བྱེད་པའི་འདུ་ཤེས་བརྟན་པོ་བཟུང་ནས། དམངས་ཀྱི་དོན་དུ་འགན་འཁྲི་ལག་བསྟར་བྱེད་པའི་ལས་འགན་སྒྲུབ་ཐུབ་པ་དང་། ཏན་ཏིག་གིས་ལས་ཀའི་སྤྱོད་ཚུལ་ལེགས་བཅོས་བྱེད་པ་དང་མང་ཚོགས་དང་འབྲེལ་འདྲིས་ཟབ་མོ་བྱེད་དགོས་པའི་བླང་བྱ་ལྟར་མང་ཚོགས་དང་འབྲེལ་འདྲེས་བྱེད་མཁན་དཔེ་བཟང་ཞིག་ཏུ་གྱུར་རྒྱུར་བརྩོན་ལེན་བྱེད་དགོས། 
  • ལེ་ཚན་སྔོན་མ།:ཁུལ་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཡ
  • ལེ་ཚན་རྗེས་མ།:ལི་ཁང་གིས་སྲིད་གཞུང་ལས་དོན་གྱི་སྙན་ཞུ་སྐོར་གྲོས་བསྡུར་བྱེད་སྐབས་གསུངས་དོན།
  • དོ་སྣང་ཆེ་བའི་རྩོམ།