ལུའུ་ཀྲུའོ་སྨན་བཅོས་ཆེད་རམས་པས་འདབ་པ་དང་ཕྱག་ཕྲེང་ལ་ཕྱིན་ཏེ་འོས་འགན་སྨན་བཅོས་བྱས།

དབྱངས་ཅན་གྱིས་བསྒྱུར།        2014-01-15

  ཉེ་ཆར། ལུའུ་ཀྲུའོ་གྲོང་ཁྱེར་འཕྲོད་བསྟེན་ཅུས་ཀྱི་ཏང་ཙུའུ་ཧྲུའུ་ཅི་ཐང་ཝུན་གྱིས་སྨན་བཅོས་ཆེད་རམས་པའི་ཚོ་ཆུང་གི་གྲུབ་མི11འཁྲིད་ནས་རང་ཁུལ་གྱི་འདབ་པ་དང་ཕྱག་ཕྲེང་རྫོང་གཉིས་ལ་ཁ་གཏད་རོགས་སྐྱོར་གྱི་སྐོར་སྐྱོད་འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་བ་རེད།
    ཆེད་རམས་ཚོས་ཚོ་ཆུང་ཁག་ལྔ་བགོས་ནས་རྫོང་མི་དམངས་སྨན་ཁང་གི་ནང་ནད་དང་།ཕྱི་ནད།བུད་མེད་ཚན་ཁག་གི་ནད་རིགས། ཕྲུ་གུའི་ཚན་ཁག་དང་ནད་གཡོག་པུའུ་སོགས་ལ་ཕྱིན་ནས་ན་ལུགས་ན་རྐྱེན་ཞིབ་བཤེར་སློབ་ཁྲིད་བྱས་པ་དང་། ནད་ན་ཚུལ་དང་སྨན་བཅོས་ཀྱི་འཆར་གཞི་འདྲི་རྟོགས་ཞིབ་ཕྲ་བྱས། ནད་ཀྱི་བྱུང་དཔེ་དངོས་དང་ཟུང་འབྲེལ་བྱས་ནས་སྨན་ཁང་གི་ནད་གཡོག་མི་སྣ་ལ་འགྲེལ་བཤད་དང་ཁྲིད་སྟོན་བྱས། འོས་འགན་སྨན་བཅོས་བློ་འདྲི་དང་བདེ་ཐང་སློབ་གསོའི་ཁྲིད་སྟོན་ལས་ཀ་སྒྲིག་འཛུགས་ཞིབ་ཕྲ་བྱས་ནས་ཁྱོན་བསྡོམས་མིའི་ཐེངས་གྲངས3500ལྷག་ལ་འོས་འགན་སྨན་བཅོས་དང་། མིའི་ཐེངས་གྲངས60ལ་ནད་ཐོག་སྨན་བཅོས། མིའི་ཐེངས་གྲངས5ལ་གཤགས་བཅོས། མིའི་ཐེངས་གྲངས་20ལྷག་ལ་ཕོ་ཤེལ་གྱི་ཞིབ་བཤེར་བཅས་བྱས་པ་དང་། རྫོང་མི་དམངས་སྨན་ཁང་དང་། རྫོང་རིམས་ནད་ཚོད་འཛིན་ལྟེ་གནས། རྫོང་མ་བུ་བདེ་སྲུང་ཁང་། འཕྲོད་བསྟེན་ཁྲིམས་འཛིན་རུ་ཆེན་བཅས་དང་འཆར་ལྡན་བུ་བཙའི་ཞབས་ཕྱི་ས་ཚུགས་ཀྱི་ཆེད་ལས་ལག་རྩལ་མི་སྣ་ཁྱོན་བསྡོམས90ལྷག་ལ་བདེ་ཐང་སློབ་གསོའི་ཆེད་དོན་འཆད་ཁྲིད་བྱས། ཡུལ་དེ་གའི་འཕྲོད་བསྟེན་མི་འབོར་གྱི་འཆར་ལྡན་བུ་བཙའ་ཅུས་དང་། སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་འགན་ཁུར་མི་སྣ་དང་ཆེད་རམས་པ་ཚོ་ཆུང་བཅས་དང་ཆེད་དོན་འཆད་ཁྲིད་བྱས་ནས། ཡུལ་དེ་གའི་འཕྲོད་བསྟེན་ལས་དོན་གྱི་ད་ཡོད་གནས་ཚུལ་དང་ཉེ་དུས་ཀྱི་ལས་ཀའི་འཆར་འགོད་དང་ཁ་གཏད་རོགས་སྐྱོར་གྱི་དགོས་མཁོ་ཤེས་རྟོགས་བྱས་པ་དང་། རྫོང་གཉིས་ཀྱི་སྨན་བཅོས་འཕྲོད་བསྟེན་ལས་དོན་འཕེལ་རྒྱས་ཡོང་བར་ཆོག་འཐུས་རང་བཞིན་གྱི་བསམ་འཆར་དང་གྲོས་གཞི་འདོན་པ་རེད། ཐང་ཝུན་གྱིས་ཕྱིན་ཆད་ཀྱི་ཁ་གཏད་རོགས་སྐྱོར་ལས་ཀའི་ཁྲོད་དུ་རྫོང་གཉིས་ཀྱི་དོན་དངོས་ཀྱི་གནས་ཚུལ་ལ་བསམ་བློ་གང་ལེགས་བཏང་ནས། དམིགས་སའི་རང་བཞིན་གྱིས་མཁོ་དགོས་ཆེ་བའི་ཆེད་ལས་ཤེས་ལྡན་མི་སྣ་མངག་པ་དང་། ཡུལ་དེ་གའི་སྨན་བཅོས་འཕྲོད་བསྟེན་མི་སྣ་གསོ་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། འདབ་པ་དང་ཕྱག་ཕྲེང་རྫོང་གཉིས་ཀྱི་སྨན་བཅོས་འཕྲོད་བསྟེན་འཕེལ་རྒྱས་ཡོང་བར་བྱས་རྗེས་དེ་བས་མང་པོ་བཞག་རྒྱུ་ཡིན་ཞེས་བཤད་པ་རེད།
  • ལེ་ཚན་སྔོན་མ།:རང་ཁུལ་དམངས་ཁྲོད་ཀྱིས་མ་དངུལ་འཇོག་ཚད་སྒོར་དུང་ཕྱུར57.68ལ་སླེབས་པ།
  • ལེ་ཚན་རྗེས་མ།:མེ་ལ་སྙིང་རྗེ་མེད་ཀྱང་མི་ལ་བརྩེ་བ་ལྡན།། ཉེ་གནས་ཕན་ཚུན་གཅིག་ཕན་གཅིག་རོགས་བྱས།
  • དོ་སྣང་ཆེ་བའི་རྩོམ།