མེ་ལ་སྙིང་རྗེ་མེད་ཀྱང་མི་ལ་བརྩེ་བ་ལྡན།། ཉེ་གནས་ཕན་ཚུན་གཅིག་ཕན་གཅིག་རོགས་བྱས།

ཐུབ་བསྟན་གྱིས་བསྒྱུར།        2014-01-16

 

མེ་ལ་སྙིང་རྗེ་མེད་ཀྱང་མི་ལ་བརྩེ་བ་ལྡན།། ཉེ་གནས་ཕན་ཚུན་གཅིག་ཕན་གཅིག་རོགས་བྱས།

ཟླ་བ1པའི་ཚེས11ཉིན་གྱི་ཞོགས་པར་ཡུན་ནན་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གི་རྡོ་མཁར་རྫོང་གནའ་གྲོང་ལ་མེ་སྐྱོན་ཤོར་བས་ས་གནས་དེར་གྱོ ང་གུད་ཚབས་ཆེན་ཐེབས་པ་རེད། བདེ་ཆེན་ཁུལ་དང་རང་ཁུལ་བར་རི་ཆུ་གཅིག་ཏུ་འབྲེལ་ཞིང་མཆུ་སོ་བརྟེན་རེས་ལྟ་བུའི་འབྲེལ་བ་ཡོད་པས་མེ་སྐྱོན་ཐེབས་པའི་གནས་ཚུལ་ནི་དུས་ནམ་ཡང་དཀར་མཛེས་ཁུལ་མི་དམངས་ཚོའི་སེམས་ཁྲལ་བྱ་ཡུལ་དུ་གྱུར། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སྒོར་ཁྲི50ཞལ་འདེབས་ཕུལ་ནས་གནོད་ཐེབས་མང་ཚོགས་ཀྱིས་ཁྱིམ་གཞིས་བསྐྱར་འཛུགས་བྱེད་པར་རོགས་རམ་བྱས་པ་རེད། དུས་མཚུངས་སུ་ཁུལ་ཨུའི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་དང་། ཁུལ་དཔོན་ཡེ་ཤེས་ཟླ་བས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་བྱས་ནས་བདེ་ཆེན་ཁུལ་ཨུ་དང་ཁུལ་སྲིད་གཞུང་ལ་འཚམས་འདྲིའི་ཡི་གེ་བཏང་ནས་གནོད་ཐེབས་ཡུལ་མི་ཡོངས་ལ་དཀར་མཛེས་མི་དམངས་ཀྱི་བརྩེ་སེམས་མཚོན་པ་རེད།
  • ལེ་ཚན་སྔོན་མ།:ལུའུ་ཀྲུའོ་སྨན་བཅོས་ཆེད་རམས་པས་འདབ་པ་དང་ཕྱག་ཕྲེང་ལ་ཕྱིན་ཏེ་འོས་འགན་སྨན་བཅོས་བྱས།
  • ལེ་ཚན་རྗེས་མ།:ཧུའུ་ཁྲང་ཧྲེང་གིས་གསེར་ཐར་རྫོང་ལྔ་རིག་ནང་བསྟན་སློབ་གླིང་གི་མེ་སྐྱོན་ཤོར་ཡུལ་དངོས་ཀྱི་ཚོགས་འདུ་ཐོག་ནན
  • དོ་སྣང་ཆེ་བའི་རྩོམ།