ལིས་ཁི་ཆང་དང་ཕིན་ཐ་རྣམ་གཉིས་ཀྱིས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།

    མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།    2013-11-28

ལིས་ཁི་ཆང་དང་ཕིན་ཐ་རྣམ་གཉིས་ཀྱིས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།
ཟླ11པའི་ཚེས25ཉིན་གྱི་ཕྱི་དྲོར།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་རོ་མ་ནི་ཡའི་ཙུང་ལི་ཕིན་ཐ་རྣམ་གཉིས་ཀྱིས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།
མཇལ་འཕྲད་གནང་སྐབས་ལིས་ཁི་ཆང་གིས་གསུངས་རྒྱུར།མ་འོངས་བར་ཀྲུང་གོ་དང་རོ་མ་ནི་ཡའི་འབྲེལ་བ་དེ་ཕྱོགས་གསུམ་གྱི་ཐད་ནས་འཕེལ་རྒྱས་སུ་གཏོང་དགོས།གཅིག་ནི་ཕན་ཚུན་ལ་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་ཚུལ་བཟུང་སྟེ་སྲོལ་རྒྱུན་མཛའ་བཤེས་དེ་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་སྒུལ་ཤུགས་གསར་བར་བསྒྱུར་དགོས།གཉིས་ནི་གཉིས་ཕན་མཉམ་རྒྱལ་དང་མཉམ་དུ་འཕེལ་རྒྱས་སུ་གཏོང་དགོས།གསུམ་ནི་ཀྲུང་གོ་དང་རོ་མ་ནི་ཡའི་མཉམ་ལས་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས།ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་བར་དང་ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་པ་བཅས་རེད།
ཕིན་ཐ་ཡིས་བཤད་རྒྱུར།རོ་མ་ནི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་གཉིས་ཕན་མཉམ་ལས་རྒྱ་བསྐྱེད་པ་དང་ཧུར་ཐག་སྒོས་ཀྲུང་གོས་མྱུར་བགྲོད་ལྕགས་ལམ་འཛུགས་སྐྲུན་བྱས་པའི་ལག་རྩལ་བཀོལ་བར་བསམ་གཞིགས་གཏོང་འདོད་ཡོད་ཟེར།
 

  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱི་དད་ལྡན་མང་ཚོགས་ཀྱིས་ལྷ་འབབ་དུས་ཆེན་ལ་བསུ་བ་བྱས།
  • ལེ་ཚན་རྗེས་མ།:བོད་ལྗོངས་སློབ་ཆེན་གྱི་གཟུགས་འདུས་ཤུལ་བཞག་རིག་གནས་ཞིབ་འཇུག་བྱ་གཞི་ལ་ཐོག་དང་པོར་རྒྱལ་ཁབ་སྤྱི་ཚོགས་ཚན་
  • དོ་སྣང་ཆེ་བའི་རྩོམ།