བརྒྱད་ཟིལ་རྫོང་གིས་གཞུང་བསྡུ་ས་ཆར་སྐྱིན་ཚབ་མ་དངུལ་སྤྲད།

ཀུན་དགས་བསྒྱུར།        2013-09-03

སྡོམས་རྩིས་བྱས་པར་ལྟར་ན། ཟླ་བ7པའི་ཚེས29ཉིན་ནས་ཟླ་བ8པའི་ཚེས14ཉིན་གྱི་བར། བརྒྱད་ཟིལ་རྫོང་དབུལ་སྐྱོར་དང་ཡུལ་མི་གནས་སྤོ་ཅུས་ཀྱིས་གཞུང་བསྡུ་ས་ཆར་སྐྱིན་ཚབ་མ་དངུལ་ཁྱོན་བསྡོམས་སྒོར12732305.5སྤྲད་པ་རེད། དེའི་ནང་ནས་ཞིང་ཆེན་རིམ་པའི་གཞུང་ལམ་གྱི་ལམ་ཐིག215པའི་གནས་སྐབས་བར་བརྒལ་གྱི་གནས་སྤོ་ཁ་གསབ་མ་དངུལ་སྒོར945500དང་།ཆུ་ཁུག་གློག་འདོན་ས་ཚིགས་ཁྲ་ཨ་ཡོན་ས་ཁུལ་གྱི་གཞུང་བསྡུ་ས་ཆའི་ཟུར་གཏོགས་དངོས་པོའི་སྐྱིན་ཚབ་མ་དངུལ་སྒོར142610.2 ཆུ་ཁུག་གློག་འདོན་ས་ཚིགས་མཐའ་འཁོར་གྱི་གཞུང་ལམ་འཛུགས་སྐྲུན་བྱེད་སྐབས་ཁང་པའི་སྐྱིན་ཚབ་མ་དངུལ་སྒོར30000སྤྲད་པ་རེད། ཞིང་ཆེན་རིམ་པའི་གཞུང་ལམ་གྱི་ལམ་ཐིག215པའི་ས་ཐོག་གི་ཟུར་གཏོགས་དངོས་པོའི་སྐྱིན་ཚབ་མ་དངུལ་སྒོར5986627དང་ཆུ་ཁུག་གློག་འདོན་ས་ཚིགས་ཀྲུའུ་ཅཱ་ཕིང་ཙི་བཀོད་སྒྲིག་ས་ཚུགས་ཀྱི་གཞུང་བསྡུས་ས་རྒོད་ཀྱི་སྐྱིན་ཚབ་མ་དངུལ་སྒོར1753083.3 ཆུ་ཁུག་གློག་འདོན་ས་ཚིགས་ཀྱི་མཐའ་འཁོར་དུ་ཡོད་པའི་གཞུང་བསྡུ་རྨོས་ཞིང་གི་ཟུར་གཏོགས་དངོས་པོའི་སྐྱིན་ཚབ་མ་དངུལ་སྒོར3745485 ཆུ་ཁུག་གློག་འདོན་ས་ཚིགས་མཐའ་འཁོར་གྱི་གནས་སྐབས་འགྲིམ་འགྲུལ་བར་བརྒལ་བྱེད་རིན་སྒོར129000བཅས་འགྲེམ་གཏོང་བྱས་པ་རེད།
  • ལེ་ཚན་སྔོན་མ།: ཁུལ་སྲིད་གྲོས་ཀྱིས་ཡུག་གཅིག་ཏུ་འབྲེལ་བའི་དབུལ་སྐྱོར་གསར་སྦོལ་ལས་ཀར་བརྟག་ཞིབ་བྱས།
  • ལེ་ཚན་རྗེས་མ།:སེར་ཤུལ་རྫོང་གིས་མ་དངུལ་སྒོར་ཁྲི་བརྒྱད་སྟོང་ལྷག་བཏང་ནས་གྲོང་ཁུལ་དང་གྲོང་རྡལ་མཛེས་བཟོ་བྱས།
  • དོ་སྣང་ཆེ་བའི་རྩོམ།