སེར་ཤུལ་རྫོང་གིས་མ་དངུལ་སྒོར་ཁྲི་བརྒྱད་སྟོང་ལྷག་བཏང་ནས་གྲོང་ཁུལ་དང་གྲོང་རྡལ་མཛེས་བཟོ་བྱས།

ཀུན་དགས་བསྒྱུར།        2013-09-03

ད་ལོར། སེར་ཤུལ་རྫོང་གིས་མ་དངུལ་སྒོར་ཁྲི8697.22བཏང་ནས་གྲོང་ཁུལ་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱས་པར་སྐུལ་འདེད་བྱེད་ཤུགས་ཆེ་རུ་བཏང་བ་རེད།
    རྫོང་དེས་མ་དངུལ་སྒོར་ཁྲི4507.36བཏང་ནས་རྫོང་གི་གྲོང་ཁུལ་གཞུང་ལམ་བསྒྱུར་བཀོད་ལས་གྲྭར་སྐུལ་འདེད་བཏང་བ་རེད། མིག་སྔའི་བར་དུ་སླེབས་སྐབས།རྫོང་གི་གྲོང་ཁུལ་གྱི་ལམ་དུམ་བུ8ཀྱི་ལམ་གཞི་སྨི4724དང་ལམ་ངོས་འཛུགས་སྐྲུན་གྱི་ཨར་ལས་ལེགས་འགྲུབ་བྱུང་ཡོད། གྲོང་དཀྱིལ་གཞུང་ལམ་གྱི་ཟུར་གཏོགས་ལས་གྲྭའི་རྐང་ལམ་དུ་མདོག་ལྡན་སོ་ཕག་བཏིང་བ་དང་ལམ་འགྲམ་གྱི་འགོག་རགས་སྨི5720སྒྲིག་སྦྱོར་བྱས་པས་མ་ཚད་ཚུལ་ལྡན་གྱི་ལམ་རྟགས་བཞི་དང་མཛུབ་སྟོན་བྱང་བུ52སྒྲིག་སྦྱོར་བྱས་ཏེ་ཨར་ལས་འགྲུབ་ཚད་བརྒྱ་ཆ90ལ་ཟིན་པ་རེད། མ་དངུལ་སྒོར་ཁྲི998.7བཏང་ནས་ལོ་ཆུང་གྲོང་བརྡལ་གྱི་གྲོང་དཀྱིལ་གཞུང་ལམ་བསྒྱུར་བཀོད་ལས་གྲྭར་སྐུལ་འདེད་བཏང་བ་དང་ལམ་དུམ་བུ4ཡི་ཁྱོན་བསྡོམས་རིང་ཚད་སྨི1026.11ཡོད་པའི་ལམ་གཞི་བསྐྲུན་པ་དང་ལམ་ངོས་སྨི706བཏིང་ཡོད། ཆུ་རྐ་སྨི2020བསྐྲན་ནས་ཨར་ལས་ལས་ཚད་ཀྱི་བརྒྱ་ཆ80ལེགས་འགྲུབ་བྱུང་བ་རེད། སྔོན་རྩིས་བྱས་ན་མ་དངུལ་སྒོར་ཁྲི3191.16བཏང་ནས་སེར་ཤུལ་གྲོང་རྡལ་གྱི་གྲོང་དཀྱིལ་གཞུང་ལམ་གྱི་བསྒྱུར་བཀོད་ལས་གྲྭར་སྐུལ་འདེད་བཏང་ཡོད། མིག་སྔའི་བར་དུ་སླེབས་སྐབས་སྤོ་དགོས་པའི་དུད་ཚང37ཞིབ་བཤེར་དང་འཚམས་འདྲི། བཤིག་སྤོ་གྲོན་དངུལ་སྤྲོད་རྒྱུའི་ལས་ཀ་སོགས་གྲུབ་ཡོད་པ་རེད།
  • ལེ་ཚན་སྔོན་མ།:བརྒྱད་ཟིལ་རྫོང་གིས་གཞུང་བསྡུ་ས་ཆར་སྐྱིན་ཚབ་མ་དངུལ་སྤྲད།
  • ལེ་ཚན་རྗེས་མ།:དར་མདོ་རྫོང་གི་ཉི་ནུས་ལས་གྲྭ་ཡིས་ཁྱིམ་ཚང་ཁྲི་སྟོང་ལ་བདེ་དྲོད་སྟེར།
  • དོ་སྣང་ཆེ་བའི་རྩོམ།