ཞི་ཅིན་ཕེན་གྱིས་སིང་ཀ་ཕོར་རྒྱལ་ཁབ་ཀྱི་ཙུང་ལི་ལིས་ཞན་ལུང་ལ་མཇལ་འཕྲད་གནང་བ།

    མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།    2013-08-28

ཞི་ཅིན་ཕེན་གྱིས་སིང་ཀ་ཕོར་རྒྱལ་ཁབ་ཀྱི་ཙུང་ལི་ལིས་ཞན་ལུང་ལ་མཇལ་འཕྲད་གནང་བ།

སྤྱི་ཟླ8པའི་ཚེས26ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་སིང་ཀ་ཕོར་རྒྱལ་ཁབ་ཀྱི་ཙུང་ལི་ལིས་ཞན་ལུང་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་སྤྱི་ཟླ8པའི་ཚེས26ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་སིང་ཀ་ཕོར་རྒྱལ་ཁབ་ཀྱི་ཙུང་ལི་ལིས་ཞན་ལུང་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་ཀྲུང་གོ་དང་སིང་ཀ་ཕོར་རྒྱལ་ཁབ་གཉིས་ཀས་མཉམ་ལས་ཐད་ནས་བླངས་པའི་གྲུབ་འབྲས་ལ་གདེང་འཇོག་བཟང་བོ་གནང་བ་དང་། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་སིང་ཀ་ཕོར་བར་གྱི་མཉམ་ལས་འབྲེལ་བར་གཙིགས་འཛིན་བྱེད་ཀྱིན་ཡོད་པ་དང་། ཕྱོགས་གཉིས་ཀས་སེམས་ཤུགས་གཅིག་སྒྲིལ་དང་། སྔར་སོང་རྒྱུན་འཛིན། མ་འོངས་གསར་གཏོད་བྱས་ཏེ། ཕན་ཚུན་གྱི་ཆབ་སྲིད་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ་དང་། རྒྱལ་ཁབ་གཉིས་རང་སྟེང་གི་འཕེལ་རྒྱས་འཐབ་ཇུས་དང་ཟུང་འབྲེལ་དམ་པོ་བྱེད་པ། དཔལ་འབྱོར་ཉོ་ཚོང་དང་། དངུལ་རྩ། མི་གཞུང་། སྤྱི་ཚོགས་དོ་དམ་སོགས་ཁྱབ་ཁོངས་ནས་མཉམ་ལས་ཟབ་མོ་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་དེ་ལོ་རྒྱུས་ཀྱི་དུས་སྐབས་གསར་བའི་ནང་དུ་སྔར་ལས་བརྟན་ཞིང་སྐྱོན་བྲལ་ངང་གོང་དུ་སྤེལ་བར་ཡར་སྐུལ་གཏོང་དགོས་ཞེས་ནན་གྱིས་བསྟན། ཞི་ཅིན་ཕེན་གྱིས་ད་ལོ་ནི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་བར་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ཏེ་ལོ་བཅུ་འཁོར་བའི་ལོ་ཡིན་པས། ང་ཚོས་ནུས་པ་གཙོ་བོ་དེ་མཉམ་ལས་ཟབ་མོ་དང་། ཐུན་མོང་གི་འཕེལ་རྒྱས་སྟེང་བཏོན་ནས། ཞི་བདེ་བརྟན་འཇགས་དང་འདྲ་མཉམ་ཡིན་པ། ཕན་ཚུན་ལ་ཡིད་ཆེས་པ། མཉམ་ལས་མཉམ་རྒྱལ་བཅས་ཀྱི་ས་ཁུལ་ཁོར་ཡུག་ཅིག་བསྐྲུན་པར་འབད་བརྩོན་བྱེད་དགོས་ཞེས་བསྟན།།

  • ལེ་ཚན་སྔོན་མ།:ལིས་ཁི་ཆང་གིས་སིང་ཀ་ཕོར་རྒྱལ་ཁབ་ཀྱི་ཙུང་ལི་ལིས་ཞན་ལུང་དང་གྲོས་མོལ་མཛད་པ།
  • ལེ་ཚན་རྗེས་མ།:མཚོ་སྔོན་ཞིང་ཆེན་བོད་ཀྱི་ལ་གཞས་འགྲན་བསྡུར་སྐབས་དགུ་བ་གསེར་ཆེན་རྫོང་དུ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།