མཚོ་སྔོན་ཞིང་ཆེན་བོད་ཀྱི་ལ་གཞས་འགྲན་བསྡུར་སྐབས་དགུ་བ་གསེར་ཆེན་རྫོང་དུ་སྤེལ།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2013-08-28

མཚོ་སྔོན་ཞིང་ཆེན་བོད་ཀྱི་ལ་གཞས་འགྲན་བསྡུར་སྐབས་དགུ་བ་གསེར་ཆེན་རྫོང་དུ་སྤེལ།
མཚོ་སྔོན་ཞིང་ཆེན་བོད་ཀྱི་ལ་གཞས་འགྲན་བསྡུར་སྐབས་དགུ་བ་གསེར་ཆེན་རྫོང་དུ་སྤེལ།

        ཟླ8པའི་ཚེས25ཉིན། ཀྲུང་གོའི་དམངས་ཁྲོད་རིག་རྩལ་པའི་མཐུན་ཚོགས་དང་། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ཁྱབ་ཁོངས་མཉམ་འབྲེལ་ལྷན་ཚོགས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་དང་། གུང་ཧོ་རྫོང་མི་དམངས་སྲིད་གཞུང་དང་། མཚོ་སྔོན་ཞིང་ཆེན་དམངས་ཁྲོད་རིག་རྩལ་པའི་མཐུན་ཚོགས། མཚོ་སྔོན་ཞིང་ཆེན་ལོངས་ཤོ་ཚད་ཡོད་ཀུང་ཟི། མཚོ་སྔོན“ཆིན་ཐང་ཧྥིན”གྲངས་ཉུང་མི་རིགས་དམངས་ཁྲོད་རིག་གནས་དར་སྤེལ་གསར་སྐྲུན་ལྟེ་གནས་བཅས་ཀྱིས་འགན་སྒྲུབ་གནང་བའི་མཚོ་སྔོན་ཞིང་ཆེན་བོད་ཀྱི་ལ་གཞས་འགྲན་བསྡུར་སྐབས་དགུ་བ་དེ་མཚོ་ལྷོ་ཁུལ་མི་རིགས་ལུས་རྩལ་ར་བར་སྤེལ།

མཚོ་སྔོན་ཞིང་ཆེན་བོད་ཀྱི་ལ་གཞས་འགྲན་བསྡུར་སྐབས་དགུ་བ་གསེར་ཆེན་རྫོང་དུ་སྤེལ།
གླུ་བས་ལ་གཞས་ལེན་བཞིན་པའི་ཚུལ།

        ཀྲུང་གོའི་དམངས་ཁྲོད་རིག་རྩལ་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའམ་མཚོ་སྔོན་ཞིང་ཆེན་དམངས་ཁྲོད་རིག་རྩལ་པའི་མཐུན་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་གྱི་ཀྲུའུ་ཞི་གཞོན་པ་བསོད་ནམས་རྡོ་རྗེ། ཀྲུང་གུང་གུང་ཧོ་རྫོང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་རྫོང་དཔོན་གཞོན་པ། རྫོང་ཨུའི་དྲིལ་སྒྲོག་པུའི་འགོ་གཙོ་མཱ་ཅིན་ཞིན། གུང་ཧོ་རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་གྱི་ཀྲུའུ་རིན་མཁའ་འགྲོ་འབུམ། གུང་ཧོ་རྫོང་སྲིད་གྲོས་ཀྲུའུ་ཞི་གཞོན་པ་ཝུ་གོ་ཆི་སོགས་འགོ་ཁྲིད་དང་གསར་འགྱུར་སྨྱན་བྱད་ལས་ཁུངས་མང་པོའི་གསར་འགོད་པ། དེ་མིན་མང་ཚོགས་རྣམས་ཚང་ཁ་ཤིག་ཤིག་གིས་ཐེངས་འདིའི་ལ་གཞས་འགྲན་བསྡུར་ལ་རོལ་མྱོང་བྱས་པ་དང་། ཚེ་མགོན་གྱིས་འགྲན་བསྡུར་ལ་མདོ་འཛིན་མཛད།

མཚོ་སྔོན་ཞིང་ཆེན་བོད་ཀྱི་ལ་གཞས་འགྲན་བསྡུར་སྐབས་དགུ་བ་གསེར་ཆེན་རྫོང་དུ་སྤེལ།
གླུ་མས་ལ་གཞས་ལེན་བཞིན་པའི་ཚུལ།

        མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་སོ་སོ་ནས་སླེབས་པའི་གླུ་བ་གླུ་མ32ཐེངས་འདིའི་ཛ་དྲག་གི་འགྲན་བསྡུར་དུ་ཞུགས་ཤིང་།  མཐར་མཚོ་ནུབ་ཁུལ་གྱི་སྟག་འབུམ་རྒྱལ་ནི་ཨ་མདོའི་མིང་གྲགས་ལ་གཞས་གླུ་བ་དང་། མཚོ་ནུབ་ཁུལ་གྱི་ལྷ་སྐྱིད་ནི་ཨ་མདོའི་མིང་གྲགས་ལ་གཞས་གླུ་མར་བདམས་ལ། མཚོ་ལྷོ་ཁུལ་གྱི་འབྲུག་འབུམ་རྒྱལ་དང་ཚེ་རིང་སྒྲོལ་མ་གཉིས་ལ་ལ་གཞས་གསར་ཤོམ་བྱ་དགའ་དང་། མཚོ་བྱང་ཁུལ་གྱི་རྡོ་གྲགས་དང་མཚོ་ལྷོ་ཁུལ་གྱི་ལྷ་ཐར་སྐྱིད་གཉིས་ལ་ཕུལ་བྱུང་བྱ་དགའ་བཅས་ཐོབ། ཐེངས་འདིའི་བྱ་དགའི་རྣམ་གྲངས་བཀོད་སྒྲིག་ལེགས་ཤིང་མང་ཚོགས་ཟབ་ཞུགས་ཀྱི་ཚད་མཐོ་ལ། འདིས་མཚོ་སྔོན་ཞིང་ཆེན་གྱི་དམངས་གླུ་སྔོག་འདོན་དང་འཕེལ་རྒྱས་ཐད་ནུས་པ་ཆེན་པོ་ཐོན་པ་དང་། མཚོ་སྔོན་ཞིང་ཆེན་གྱི་རིག་གནས་འཛུགས་སྐྲུན་ཐད་དགེ་མཚན་གལ་ཆེན་ལྡན།

མཚོ་སྔོན་ཞིང་ཆེན་བོད་ཀྱི་ལ་གཞས་འགྲན་བསྡུར་སྐབས་དགུ་བ་གསེར་ཆེན་རྫོང་དུ་སྤེལ།
བྱ་དགའ་ཐོབ་པའི་གླུ་བ་གླུ་མ།

        རྒྱུས་ལོན་པ་ལྟར་ན། 2003ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ཚོགས་ཀྱིས་ཞིང་ཆེན་ཡོངས་ཀྱི་ལ་གཞས་འགྲན་བསྡུར་སྐབས་བརྒྱད་ལ་སྤེལ་ཟིན་ཞིང་།  འགྲན་བསྡུར་གྱི་གཞི་རྒྱ་དང་རྣམ་གྲངས་ལོ་རེ་བཞིན་མཐོར་འདེགས་བྱུང་ཡོད་པ་དང་། སྤྱི་ཚོགས་ཀྱི་ཤུགས་རྐྱེན་ལོ་རེ་བཞིན་ཆེ་རུ་བསྐྱེད་ལ། མཚོ་སྔོན་ཞིང་ཆེན་གྱི་ཁྱད་ལྡན་རིག་གནས་མཚན་རྟགས་ཀྱི་རྣམ་གྲངས་སུ་ཟིན་ཡོད། 2006ལོར་ལ་གཞས་ནི་རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་གྲས་སུ་ཚུད་པ་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི་ལ་གཞས་སྲུང་སྐྱོབ་ལས་གཞིའི་ལག་བསྟར་སྡེ་ཁག་ཏུ་གཏན་འཁེལ་བྱས།

  • ལེ་ཚན་སྔོན་མ།:ཞི་ཅིན་ཕེན་གྱིས་སིང་ཀ་ཕོར་རྒྱལ་ཁབ་ཀྱི་ཙུང་ལི་ལིས་ཞན་ལུང་ལ་མཇལ་འཕྲད་གནང་བ།
  • ལེ་ཚན་རྗེས་མ།:«ཁྲི་ཀའི་བོད་ཀྱི་ལོ་རྒྱུས་མདོར་བསྡུས»པར་བསྐྲུན་འགྲེམ་སྤེལ་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།