ཀྲུང་དབྱང་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར5བཏང་སྟེ་ཞིང་ཆེན8ཀྱིས་ཞིང་ལས་ལག་རྩལ་ཁྱབ་གདལ་དང་ཞབས་འདེགས་ཞུ་བར་རྒྱབ་སྐྱོར་བྱས།

མིག་དམར་གྱིས་བསྒྱུར།        2013-08-20

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ8པའི་ཚེས16ཉིན་འབྱོར་བའི་གཏམ་གསར། ནོར་སྲིད་པུའུ་ནས་ཤེས་རྟོགས་བྱུང་རྒྱུར། ཀྲུང་དབྱང་ནོར་སྲིད་ཀྱིས་ཉིན་སྔར་ཞིང་ལས་ལག་རྩལ་ཁྱབ་གདལ་དང་ཞབས་འདེགས་ཞུ་བའི་མ་དངུལ་སྒོར་དུང་ཕྱུར5སྤྲད་ཅིང་། ཧོ་པེ་དང་ཅང་སུའུ། ཨན་ཧུའེ། ཅང་ཞི། ཧྲན་ཏུང་། ཧོ་ནན། ཧུའུ་པེ། ཧུའུ་ནན་བཅས་ཞིང་ཆེན8དུ་ཞིང་ལས་ཐོན་སྐྱེད་ཧྲིལ་པོར་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་ཚོད་ལྟ་བྱེད་པར་རྒྱབ་སྐྱོར་བྱས་པ་རེད།
    ཞིང་ཆེན་ཁག་གིས་དེ་བས་ལེགས་པའི་སྒོ་ནས་ཚོད་ལྟའི་ལས་ཀ་སྒྲུབ་པར་འགན་ལེན་བྱེད་ཆེད། ནོར་སྲིད་པུའུ་ཡིས་《〈2013ལོའི་ཞིང་ལས་ཐོན་སྐྱེད་ཧྲིལ་པོར་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་ཚོད་ལྟར་ལག་བསྟར་བྱེད་པའི་མཛུབ་སྟོན་བསམ་འཆར〉དཔར་འགྲེམ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》ཆེད་དུ་པར་འགྲེམས་བྱས་ཏེ་འབྲེལ་ཡོད་ཞིང་ཆེན་ཁག་ལ་མ་དངུལ་དོ་དམ་ལ་ཤུགས་སྣོན་བྱེད་དགོས་ལ། མ་དངུལ་བཀོལ་སྤྱོད་བྱེད་པའི་ཕན་འབྲས་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།
    ཉིན་སྔར། རང་རྒྱལ་ནི་སྲོལ་རྒྱུན་ཞིང་ལས་ནས་དེང་རབས་ཞིང་ལས་ལ་བསྒྱུར་བའི་གནད་འགག་གི་དུས་སྐབས་སུ་བསླེབས་པ་རེད། 2013ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དོན་སྙིང་ལག་ལེན་མཐར་ཕྱིན་བྱེད་ཆེད། ཞིང་ལས་ཐོན་སྐྱེད་སྤྱི་ཚོགས་ཅན་དུ་ཞབས་ཞུའི་ནང་རྐྱེན་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་བ། ཞིང་ལས་ཐོན་སྐྱེད་གཞི་ཁྱོན་ཅན་དང་རྩ་འཛུགས་ཅན་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བ། ཞིང་ལས་ཐོན་སྐྱེད་ཀྱི་ལས་ཆོད་དང་ཞིང་ལས་ཐོན་རྫས་ཉེན་མེད་ཆུ་ཚད་མཐོ་རུ་གཏོང་ཆེད། 2013ལོར། ཀྲུང་དབྱང་ནོར་སྲིད་ཀྱིས་འབྲུ་རིགས་ཐོན་ལས་གཙོ་ཁུལ་དུ་གོང་གི་ཞིང་ཆེན8བདམས་ཏེ་ཞིང་ལས་ཐོན་སྐྱེད་ཧྲིལ་པོར་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་ཚོད་ལྟ་བྱེད་སའི་ཞིང་ཆེན་བྱས་པ་རེད།
  • ལེ་ཚན་སྔོན་མ།:ལི་ཁེ་ཆང་གིས་དུས་ནམ་ཡང་མཐོ་གྲང་ས་ཁུལ་གྱི་འགུལ་སྐྱོན་ཐེབས་ཁུལ་མང་ཚོགས་ཀྱི་བདེ་སྡུག་ཐུགས་སུ་བཞག
  • ལེ་ཚན་རྗེས་མ།:ད་ལོའི་ལོ་སྨད་ལ་རང་ཁུལ་གྱིས་བྱེད་ཐབས་དྲུག་བླངས་ནས་འཛད་སྤྱོད་ལ་སྐུལ་འདེད་གཏང་རྒྱུ།
  • དོ་སྣང་ཆེ་བའི་རྩོམ།