ལི་ཁེ་ཆང་གིས་དུས་ནམ་ཡང་མཐོ་གྲང་ས་ཁུལ་གྱི་འགུལ་སྐྱོན་ཐེབས་ཁུལ་མང་ཚོགས་ཀྱི་བདེ་སྡུག་ཐུགས་སུ་བཞག

གངས་སྐྱིད་ཀྱིས་བསྒྱུར།        2013-08-20

 ཟླ་བ8པའི་ཚེས17ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་ཀན་སུའུ་ཞིང་ཆེན་མིང་ཞན་དང་ཀྲང་ཞན་གྱི་འགུལ་ཐེབས་ས་ཁུལ་ལ་ཕེབས་ཏེ་གནོད་ཐེབས་མང་ཚོགས་ལ་འཚམས་འདྲི་གནང་བ་དང་། གནོད་ཐེབས་མང་ཚོགས་བཀོད་སྒྲིག་བྱས་ཚུལ་ལ་གཟིགས་ཞིབ་གནང་བ།
    གཟིགས་ཞིང་གནང་སྐབས། ལི་ཁེ་ཆང་གིས་བསྟན་དོན། མིང་ཞན་དང་ཀྲང་ཞན་གཉིས་སུ་འགུལ་སྐྱོན་ཐེབས་རྗེས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཐོང་ཆེན་ཆེན་པོ་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་གཞན་དག་གི་ཀྲུང་དབྱང་དབུ་ཁྲིད་རྣམས་པས་ཐོག་མཐའ་བར་གསུམ་དུ་གནོད་སྐྱོན་ཐེབས་ཁུལ་གྱི་མང་ཚོགས་ལ་སེམས་ཁུར་གནང་བཞིན་པ།
    ལི་ཁེ་ཆང་གིས་ནན་པོར་བསྟན་དོན། རང་རྒྱལ་གྱི་ས་ཁོངས་ཆེ་ཞིང་། རང་བྱུང་གི་གནོད་སྐྱོན་ཡང་ཡང་བྱུང་བས། ཉམས་མྱོང་ཕྱོགས་བསྡུས་བྱས་པའི་རྨང་གཞིའི་ཐོག་ཚན་རིག་དང་གོ་རིམ་ཕན་ནུས་བཅས་ལྡན་པའི་གནོད་སྐྱོན་ལ་ཁ་གཏན་པའི་ནང་རྐྱེན་འཐུས་སྒོ་ཚང་དུ་གཏོང་དགོས། གཅིག་ནི་མི་གཙོ་བོ་འཛིན་པ་རྒྱུནའཁྱོངས་བྱེད་དགོས། གཉིས་ནི་ཚན་རིག་ལ་བརྟེན་ནས་ཁ་གཏན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། གསུམ་ནི་ལུགས་མཐུན་གྱིས་སྲིད་ཇུས་ཁོང་དུ་ཆུད་པ་རྒྱུན་འཁྱོངས་བྱེད་དགོས། བཞི་ནི་ཡུལ་བབ་དང་བསྟུན་ནས་སྲིད་ཇུས་ལག་ལེན་བསྟར་བ་རྒྱུན་འཁྱོངས་བྱེད་དགོས། ལྔ་ནི་དམངས་ཡོངས་ལ་གནོད་འགོག་གནོད་སེལ་གྱི་ཤེས་བྱ་ཁྱབ་གཏང་དགོས།
    ཉིན་དེའི་དགོང་མོར། ལི་ཁེ་ཆང་གིས་མིང་ཞན་དུ་གྲོས་ཚོགས་འཚོགས་ཏེ་བར་བརྒལ་དུས་རིམ་གནོད་ཐེབས་མང་ཚོགས་བཀོད་སྒྲིག་དང་ཁྱིམ་གཞིས་བསྐྱར་འཛུགས་བྱ་རྒྱུའི་ལས་ཀར་ཞིབ་འཇུག་གནང་ཡོད། ལེ་ཁེ་ཆང་གིས་ད་ལྟར་ཁ་ཚ་དགོས་གཏུག་བྱ་རྒྱུ་ནི་མང་ཚོགས་བདེ་དྲོད་ཀྱི་དགུན་ཁ་བརྒལ་ཐུབ་པར་ཁག་ཐེག་བྱེད་དགོས། ཟླ་བ8པའི་ཟླ་མཇུག་སྔོན་དུ་གསར་དུ་བསྣན་པའི་རས་ཀྱི་གུར་ཁྲི1ཚང་མར་གནོད་སྐྱོན་ཐེབས་པའི་དུད་ཚང་རེ་རེར་སྦྱིན་ཐུབ་པ་བྱེད་དགོས་དང་། ཟླ་བ9པའི་ཟླ་མཇུག་སྔོན་དུ་དྲོད་ལེན་ཐབ་ཆས་ཡང་ན་ཁ་གསབ་མ་དངུལ་ཚང་མར་གནོད་ཐེབས་དུད་ཚང་རེ་རེར་སྦྱིན་ཐུབ་པ་བྱེད་དགོས། ཁྱད་པར་ནི་བྱིས་པ་ཚོ་སློབ་གྲྭར་འགྲོ་རྒྱུའི་བྱ་བ་དེ་གེ་བཅག་མི་ཉན། གནས་སྐབས་ཀྱི་སློབ་གྲྭ་བཀོད་སྒྲིག་ཡག་པོ་བྱས་ཏེ་དུས་བཀག་ལྟར་སློབ་འགོ་ཚུགས་པར་ཁག་ཐེག་བྱེད་དགོས་ཞེས་གསུངས།
  • ལེ་ཚན་སྔོན་མ།: ཀྲུང་དབྱང་ནོར་སྲིད་ཀྱིས་ཕྱུགས་ལས་འཕེལ་རྒྱས་ལ་རོགས་སྐྱོར་བྱས།
  • ལེ་ཚན་རྗེས་མ།: ཀྲུང་དབྱང་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར5བཏང་སྟེ་ཞིང་ཆེན8ཀྱིས་ཞིང་ལས་ལག་རྩལ་ཁྱབ་གདལ་དང་ཞབས་འདེག
  • དོ་སྣང་ཆེ་བའི་རྩོམ།