ཡུས་ཀྲིན་ཧྲིན་གྱིས་བོད་ལྗོངས་ཀྱི་བྱ་བར་རྟོག་ཞིབ་མཛད་པ།

    ཞིན་ཧྭ་གསར་འགྱུར་དྲ་བ།    2013-08-08

ཡུས་ཀྲིན་ཧྲིན་གྱིས་བོད་ལྗོངས་ཀྱི་བྱ་བར་རྟོག་ཞིབ་མཛད་པ།

ཟླ་བརྒྱད་པའི་ཚེས་གཅིག་ནས་ཚེས་དྲུག་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་བོད་ལྗོངས་ཀྱི་བྱ་བར་རྟོག་ཞིབ་མཛད། འདི་ནི་ཟླ་བརྒྱད་པའི་ཚེས་གསུམ་ཉིན། ཡུས་ཀྲིན་ཧྲིན་གྱིས་ལྷ་ལྡན་གཙུག་ལག་ཁང་དུ་སྡོད་པའི་ལས་བྱེད་པ་དང་དགེ་འདུན་པར་བཞུགས་མོལ་མཛད་པའི་ཚུལ་རེད།
 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཉེ་ལམ་བོད་ལྗོངས་ཀྱི་བྱ་བར་རྟོག་ཞིབ་མཛད་སྐབས། ཀྲུང་དབྱང་བོད་ལྗོངས་བྱ་བའི་སྐོར་གྱི་བྱེད་ཕྱོགས་དང་སྲིད་ཇུས་རབས་དང་རིམ་པ་ནན་ཏན་གྱིས་ལག་བསྟར་དངོས་འབེབས་བྱེད་པ་དང་། ཁྲིམས་ལྟར་བོད་ལྗོངས་སྐྱོང་བ་དང་། ཡུན་རིང་བོར་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་བསམ་བློ་ཆགས་པར་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་བོད་ལྗོངས་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་སྐྱོད་པ་རྒྱུན་འཁྱོངས་དང་། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་འཕེལ་རྒྱས་དང་ཡུན་རིང་བརྟན་འཇགས་ཡོང་བར་ཡར་སྐུལ་བཏང་ནས། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་བ་བསྐྲུན་པའི་ལས་དོན་གོང་ནས་གོང་དུ་སྤེལ་དགོས་ཞེས་ནན་གྱིས་བསྟན།

ཚེས་གཅིག་ནས་ཚེས་དྲུག་ཉིན་བར། ཡུས་ཀྲིན་ཧྲིན་སྔ་གཞུག་ཏུ་ལྷ་ས་གྲོང་ཁྱེར་དང་ནག་ཆུ་ས་ཁུལ་གྱི་མཐོ་རིམ་སློབ་གྲྭ་དང་ཁེ་ལས། རོང་འབྲོག་ཁུལ། བོད་བརྒྱུད་ནང་བསྟན་དགོན་པ་བཅས་ལ་ཕེབས་ཏེ་རྟོག་ཞིབ་མཛད་པར་མ་ཟད། ཐེངས་མང་པོར་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་དང་ལྷན་དུ་འཕེལ་རྒྱས་དང་བཅོས་སྒྱུར་གྱི་ཇུས་ཆེན་བགྲོ་གླེང་བྱས།

བོད་ལྗོངས་གློག་ཤུགས་དང་བདུད་རྩི་བོད་སྨན་སོགས་ཁེ་ལས་ནས་ཁོང་གིས་ཐོན་སྐྱེད་བདག་གཉེར་གྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་མཛད། གཞོ་མདའ་ཞང་དེང་རབས་ཅན་གྱི་སྒྲིག་ཆས་ཞིང་ལས་དཔེ་སྟོན་ར་བ་དང་། ནག་ཆུ་དེང་རབས་ཅན་གྱི་རྩྭ་སའི་ཕྱུགས་ལས་དཔེ་སྟོན་རྟེན་གཞི་སོགས་ནས་ཁོང་གིས་དེང་རབས་ཞིང་ཕྱུགས་ལས་ཐོན་སྐྱེད་ཀྱི་གནས་ཚུལ་ལ་ཞིབ་ཏུ་གཟིགས། བོད་ལྗོངས་སློབ་གྲྭ་ཆེན་མོ་རུ་ཁོང་གིས་བོད་ཀྱི་གནའ་དཔེ་ཆ་འཕྲིན་ཅན་དུ་སྒྱུར་བའི་ཞིབ་འཇུག་གནས་ཚུལ་མཚམས་སྦྱོར་བྱས་པར་ནན་གྱིས་ཉན་པར་མ་ཟད། སློབ་མའི་ལས་ཞུགས་ཀྱི་ཐད་ནས་བཞུགས་མོལ་བྱས། ལྷ་སའི་ཀླུ་སྒུག་གཞིས་ཁུལ་དང་། སྟོད་ལུང་བདེ་ཆེན་རྫོང་དུང་དཀར་གྲོང་བརྡལ་གྱི་དུང་དཀར་སྡེ་བ། ནག་ཆུ་ས་ཁུལ་བྱིས་པའི་ཕན་བདེ་ཁང་སོགས་ནས་ཁོང་གིས་མཁར་གྲོང་སྡོད་དམངས་ཀྱི་འཚོ་བ་དང་སྤྱི་ཚོགས་འགན་སྲུང་གནས་ཚུལ་སྐོར་དྲིས་པ་ལས་གཞན། ད་དུང་མཚོ་ངོས་ལས་སྨི་བཞི་སྟོང་ལྔ་ངརྒྱ་ལྷག་ཡོད་པའི་བོད་ཀྱི་རོང་འབྲོག་ཁྱིམ་ལ་ཕེབས་ཏེ་ཁོ་ཚོ་དང་ཁ་བརྡ་བྱས། ཡུས་ཀྲིན་ཧྲིན་གྱིས་འཕེལ་རྒྱས་ནི་བོད་ལྗོངས་ཀྱི་གནད་དོན་ཡོད་ཚད་ཐག་གཅོད་པའི་གཞི་རྩ་དང་གནད་འགག་ཡིན་པས། རྒྱལ་ཁབ་ཀྱི་ནུབ་རྒྱུད་གསར་སྤེལ་ཆེན་པོའི་འཐབ་ཇུས་ལག་བསྟར་ཟབ་མོ་བྱེད་པ་དང་། བོད་ལྗོངས་འཕེལ་རྒྱས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་སོགས་ཀྱི་གོ་སྐབས་བཟང་བོ་དམ་འཛིན་བྱས་ཏེ། ཚན་རིག་ལྟར་འཕེལ་རྒྱས་ཇུས་གཞི་འགོད་པ་དང་། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་དང་། ཁྱད་ཆོས་དང་ཁྱད་སྟོབས་ལྡན་པའི་ཐོན་ལས་ཤུགས་ཆེན་གྱིས་སྤེལ་བ། སྐྱེ་ཁམས་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་བྱ་བ་ཤུགས་ཆེན་གྱིས་བསྒྲུབ་ནས། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་ཆད་མེད་པར་གོང་དུ་སྤེལ་དགོས། དམངས་འཚོ་ལེགས་བཅོས་བྱེད་པ་དེ་འཕེལ་རྒྱས་སྤུས་ཚད་ལ་ཚད་ཐིག་ལེན་པའི་ཚད་གཞིར་འཛིན་པ་རྒྱུན་འཁྱོངས་དང་། ལས་རིགས་སློབ་གསོ་དང་སྐད་གཉིས་སློབ་གསོ་འཕེལ་རྒྱས་སུ་གཏོང་བར་གཙིགས་འཛིན་དང་། ལས་ཞུགས་བྱ་བ་ལེགས་པོར་བསྒྲུབ་པ་དང་། མང་ཚོགས་ལ་དོན་ཆེན་དང་དོན་དངོས་བསྒྲུབ་ཅི་ཐུབ་བྱས་ཏེ། རིགས་སོ་སོའི་མང་ཚོགས་ལ་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་དུ་འཇུག་དགོས་ཞེས་བསྟན།

ཡུས་ཀྲིན་ཧྲིན་གྱིས་བོད་བརྒྱུད་ནང་བསྟན་སྐྱོད་བྲལ་བའི་ངང་དར་རྒྱས་སུ་གཏོང་བར་ཧ་ཅང་ཐུགས་ཁུར་མཛད་ཀྱིན་ཡོད། ཁོང་ཆེད་དུ་ལྷ་ལྡན་གཙུག་ལག་ཁང་དང་འབྲས་སྤུངས་དགོན་པ། ཞབས་བརྟན་དགོན་པ། བོད་ལྗོངས་ནང་བསྟན་སློབ་གླིང་བཅས་ལ་ཕེབས་ཏེ། དགོན་པའི་གྲྭ་བཙུན་དང་དགོན་པར་སྡོད་པའི་ལས་བྱེད་པ་དང་བྱམས་བརྩེའི་ངང་གླེང་མོལ་བྱས། ཡུས་ཀྲིན་ཧྲིན་གྱིས་མེས་རྒྱས་སྟོབས་འབྱོར་ལྡན་པ་དང་། སྤྱི་ཚོགས་གོང་འཕེལ། མང་ཚོགས་ཀྱི་འཚོ་བ་ལེགས་བཅོས་བྱུང་ཚེ། བོད་བརྒྱུད་ནང་བསྟན་ད་གཟོད་སྐྱོན་བྲལ་བའི་ངང་དར་རྒྱས་འབྱུང་ངེས་ཡིན་ཞེས་བསྟན་པར་མ་ཟད། ཏཱ་ལའི་བླ་མའི་བོད་ཁམས་ཆེན་པོ་དང་ཚད་མཐོའི་རང་སྐྱོང་ཞེས་པའི་ལྟ་བ་ནི་ཀྲུང་གོའི་རྩ་ཁྲིམས་དང་ཁྲིམས་ལུགས་དང་འགལ་ཡོད་ལ། བོད་བརྒྱུད་ནང་བསྟན་གྱི་རྩ་བའི་ཁེ་ཕན་ལའང་འགལ་ཡོད་པས། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་ཏཱ་ལའི་ཚོགས་པའི་ཁ་བྲལ་ངོ་བོར་ངོས་འཛིན་གསལ་བོ་བྱས་ཏེ། མེས་རྒྱས་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ། བོད་ལྗོངས་ཀྱི་འཆམ་མཐུན་དང་བརྟན་འཇགས་བཅས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་དགོས་པ་དང་། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་སྒོ་ཀུན་ནས་ལག་བསྟར་དངོས་འབེབས་བྱེད་པ་དང་། འབྲལ་ཐབས་མེད་པ་གསུམ་གྱི་སློབ་གསོ་གཏོང་བར་ངེས་པ་དོན་གྱིས་ཤུགས་སྣོན་དང་། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་མཐུན་ཐབས་ཡོང་བར་ཧུར་ཐག་གིས་ཁྲིད་སྟོན། མི་རིགས་མཐུན་སྒྲིལ་ལ་ཡར་སྐུལ་དང་ཆོས་ལུགས་འཆམ་མཐུན་ཡོང་བར་འབད་བརྩོན་བྱས་ཏེ། སྤྱི་ཚོགས་འཆམ་མཐུན་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པར་ཁོར་ཡུག་ལེགས་པོ་བསྐྲུན་དགོས་ཞེས་ནན་གྱིས་བསྟན།

རྟོག་ཞིབ་བྱེད་པའི་སྐབས་སུ། ཡུས་ཀྲིན་ཧྲིན་གྱིས་ཆེད་དུ་དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱིའི་རུ་ཁག་གི་དཔོན་དམག་ལ་འཚམས་འདྲི་ཞུས་པར་མ་ཟད། བོད་རང་སྐྱོང་ལྗོངས་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པ་དང་ལས་བཟོ་བར་སྐོར་བརྒྱབ་པ་དང་། བོད་ལྗོངས་སུ་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་བཞུགས་མོལ་བྱས།
 

ཡུས་ཀྲིན་ཧྲིན་གྱིས་བོད་ལྗོངས་ཀྱི་བྱ་བར་རྟོག་ཞིབ་མཛད་པ།

འདི་ནི་ཟླ་བརྒྱད་པའི་ཚེས་ལྔ་ཉིན། ཡུས་ཀྲིན་ཧྲིན་ནག་ཆུ་ས་ཁུལ་གྱི་མཚོ་ངོས་ལས་སྨི་བཞི་སྟོང་ལྔ་བརྒྱ་ལྷག་ཡོད་པའི་རོང་འབྲོག་པའི་ཁྱིམ་དུ་ཕེབས་ཏེ་ཁོ་ཚོ་དང་ཁ་བརྡ་བྱེད་པའི་ཚུལ་རེད། ཡུས་ཀྲིན་ཧྲིན་གྱིས་བོད་ལྗོངས་ཀྱི་བྱ་བར་རྟོག་ཞིབ་མཛད་པ།

འདི་ནི་ཟླ་བརྒྱད་པའི་ཚེས་ལྔ་ཉིན། ཡུས་ཀྲིན་ཧྲིན་མཚོ་ངོས་ལས་སྨི་བཞི་སྟོང་ལྔ་བརྒྱ་ལྷག་ཡོད་པའི་ནག་ཆུ་ས་ཁུལ་བྱིས་པའི་ཕན་བདེ་ཁང་དུ་ཕེབས་པའི་ཚུལ་རེད།

  • ལེ་ཚན་སྔོན་མ།:གཟི་བརྗིད་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་བདེ་ཐང་ལ་སྐུལ་འདེད་བྱེད་པའི་ལས་གྲྭ་དེས་བོད་ཁུལ་ཀྱི་མི་འ
  • ལེ་ཚན་རྗེས་མ།:སྐབས་དྲུག་པའི་ཀྲུང་གོའི་བོད་ལྗོངས་ཀྱི་ཇོ་མོ་གླང་མའི་བརྙན་རིས་འགྲེམ་སྟོན་འགོ་ཚུགས་པ།
  • དོ་སྣང་ཆེ་བའི་རྩོམ།