ལིག་ཡུན་ཧྲན་གྱིས་ཀྲེ་ཅང་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-07-16

ལིག་ཡུན་ཧྲན་གྱིས་ཀྲེ་ཅང་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད་པ།

སྤྱི་ཟླ7པའི་ཚེས11ཉིན། ལིག་ཡུན་ཧྲན་གྱིས་ལུང་ཡུག་རྫོང་ཐེན་ཁྲི་སྡེ་བའི་ཞིང་བ་མང་ཚོགས་དང་གླེང་མོལ་མཛད།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིག་ཡུན་ཧྲན་ཀྲེ་ཅང་ཞིང་ཆེན་དུ་ཕེབས་ནས་གནས་ཚུལ་ལ་རྒྱུས་ལོན་དང་རྟོག་ཞིབ་ཞིབ་འཇུག་བྱས་པར་མ་ཟད་སློབ་གསོའི་ལག་ལེན་བྱ་འགུལ་ལ་མཛུབ་སྟོན་བྱས། ཁོང་གིས་གསུངས་རྒྱུར། ཀྲུང་དབྱང་གི་དགོངས་དོན་ལ་བརྟེན་ནས་ངོས་ཟིན་ཇེ་མཐོར་གཏོང་བ་དང་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཇེ་དྲག་ཏུ་གཏོང་དགོས་ལ། ཚད་གཞི་དང་རེ་བ་སྔར་ལས་མཐོན་པོ་བཅངས་ཏེ་སློབ་གསོའི་ལག་ལེན་བྱ་འགུལ་ལ་སྐུལ་འདེད་གཏོང་བ་དང་། ནུས་པ་སྔར་ལས་ཆེན་པོ་བཏོན་ནས་ཀུན་གྱི་མདུན་གྲལ་དུ་བསྐྱོད་དགོས་པར་མ་ཟད། སྤྱོད་ཚུལ་འཛུགས་སྐྲུན་གྱི་ཕན་འབྲས་གསར་བར་བརྟེན་ནས་ཏང་ཡོན་ལས་བྱེད་པའི་བྱ་སྤྱོད་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། བཅོས་སྒྱུར་འཕེལ་རྒྱས་ཀྱི་ནུས་པ་ཇེ་ཆེར་གཏོང་དགོས་ཟེར།
  སྤྱི་ཟླ7པའི་ཚེས10ཉིན་གྱི་ཕྱི་དྲོ་ནས་ཚེས12ཉིན་གྱི་ཕྱི་དྲོའི་བར། ལིག་ཡུན་ཧྲན་ལིས་ཧྲོས་དང་ཧང་ཀྲིག ཆུའུ་ཀྲིག་བཅས་ཀྱི་ཞིང་སྡེ་དང་ཁེ་ལས། སྡོད་ཁུལ། ཞིང་ཆེན་གྱི་ཐད་གཏོགས་ལས་ཁུངས་སོགས་ལ་ཕེབས་ཏེ། ཏང་ཡོན་ལས་བྱེད་པའི་དཔུང་སྡེ་སྤྱོད་ཚུལ་འཛུགས་སྐྲུན་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་འབྲེལ་ཡོད་མི་སྣ་བཅས་དང་མཉམ་དུ་བཞུགས་མོལ་མཛད།
  ལིས་ཧྲོས་གྲོང་ཁྱེར་གྱི་ལིས་ཧྲན་སྡེ་བར་ཚོགས་པའི་སྡེ་བ་དང་གྲོང་རྡལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་བཞུགས་མོལ་ཚོགས་འདུའི་སྟེང་ཚང་མས་རང་རང་གི་བསམ་ཚུལ་བརྗོད་པ་དང་གྲོས་གཞི་བཏོན། ལིག་ཡུན་ཧྲན་གྱིས་ཚང་མའི་སྐད་ཆར་ཉན་རྗེས་གསུངས་རྒྱུར། མང་ཚོགས་ཀྱི་བསམ་འཆར་ནི་ང་ཚོའི་གཞི་འཛིན་ས་ཡིན་པ་དང་མང་ཚོགས་ཀྱི་རེ་སྒུག་ནི་ང་ཚོས་འབད་འཐད་བྱེད་པའི་ཁ་ཕྱོགས་ཡིན་པས། ང་ཚོས་བྱ་འགུལ་སྤེལ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། གཞི་རིམ་གྱི་འཐབ་ཕྱོགས་དང་པོ་དང་མང་ཚོགས་ཀྱི་ཁྲོད་དུ་སོང་ནས་མང་ཚོགས་ཀྱི་བསམ་འཆར་གཞིར་བཟུང་སྟེ་ཁྱད་པར་འཚོལ་བ་དང་མང་ཚོགས་ཀྱི་རེ་བ་ལྟར་དག་ཐེར་དང་ལེགས་སྒྲིག་བྱས་ནས། མང་ཚོགས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བར་བྱེད་དགོས་ཟེར།
  ལིག་ཡུན་ཧྲན་གྱིས་ཀྲེ་ཅང་ཞིང་ཆེན་གྱི་ཐད་གཏོགས་ལས་ཁུངས་ཀྱི་འགན་འཁུར་པ་དང་བཞུགས་མོལ་མཛད་སྐབས། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་མགོ་ཁྲིད་ལས་བྱེད་པས་རང་དཔེ་གཞན་སྟོན་བྱས་ཏེ་བྱ་སྤྱོད་ལེགས་སྒྱུར་ཁྲོད་དུ་གདོང་ལེན་དང་དཔེ་སྟོན་གྱི་ནུས་པ་འདོན་དགོས་ཞེས་གསུངས།  ལིག་ཡུན་ཧྲན་གྱིས་ཀྲེ་ཅང་ཞིང་ཆེན་ཏང་ཨུའི་གནས་ཚུལ་ཡར་ཞུ་ལ་ཉན་རྗེས་གསུངས་རྒྱུར། སློབ་སྦྱོང་དང་སློབ་གསོའི་ལག་ལེན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་རྒྱུ་དེ་གོ་གནས་གལ་ཆེན་ཏུ་བཞག་སྟེ་ཏང་ཡོན་ལས་བྱེད་པས་ཏང་གི་ལམ་ཕྱོགས་སློབ་གསོའི་གཞི་རྩའི་ལྟ་བ་དང་ལག་ལེན་གྱི་རེ་བ་གསལ་བོར་ཤེས་པར་སྣེ་ཁྲིད་བྱེད་པ་དང་། སྤྱོད་བཟང་དར་སྤེལ་བྱེད་པའི་བསམ་བློའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་པ་དང་ལྟ་རྟོག་ཞིབ་བཤེར་ནུས་པ་ཇེ་ཆེར་གཏོང་དགོས་ལ། སློབ་གསོའི་ལག་ལེན་བྱ་འགུལ་དང་རྒྱུན་ལྡན་གྱི་བྱ་བར་གཅིག་གྱུར་སྒོས་བཀོད་འདོམས་བྱེད་པ་དང་། སྤྱོད་ཚུལ་ལེགས་སྒྱུར་ལ་བརྟེན་ནས་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ལ་སྐུལ་འདེད་བཏང་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་སློབ་གསོའི་ལག་ལེན་བྱ་འགུལ་གྱི་གྲུབ་འབྲས་ལ་ཞིབ་བཤེར་ཚད་ལེན་བྱེད་དགོས་ཟེར།  །

  • ལེ་ཚན་སྔོན་མ།:ཀྲུང་གོ་སྲིད་འཛིན་བཅོས་བསྒྱུར་གླེང་སྟེགས་སྐབས་བཞི་བ་པེ་ཅིན་ནས་བསྡུས་པ།
  • ལེ་ཚན་རྗེས་མ།:གྲངས་ཉུང་མི་རིགས་རྩོམ་རིག་འཕེལ་རྒྱས་ལས་གཞིའི་བོད་ཀྱི་རྩོམ་རིག་བྱ་བའི་གྲོས་ཚོགས་བསྡུས།
  • དོ་སྣང་ཆེ་བའི་རྩོམ།